དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོའི་མཚོ་བྱང་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་བསྡུའི་བརྡ་ཐོ།

2023-01-16 09:09:23   |   138

རྩོམ་སྒྲིག  སངས་དོན།


1.gif

2023ལོའི་མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དཔྱིད་དུས་སློབ་བསྡུ་མགོ་བརྩམས་ཟིན།

ཆེད་ལས།

1.ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རིགས།      བོད་ལུགས་གསོ་བཅོས་དང་བོད་སྨན།

2.སྲོལ་རྒྱུན་ལག་རྩལ་གྱི་རིགས།               ཐང་ག རི་མོ། རྡོ་རྐོ། གཙགས་དྲུབ། གྱོན་ཆས་ཇུས་འགོད་དང་ལས་སྣོན།

3.རླངས་འཁོར་བཟོ་སྐྲུན་གྱི་རིགས།            རླངས་འཁོར་གྱི་བེད་སྤྱོད་དང་ཞིག་གསོ། ནུས་ཁུངས་གསར་བའི་རླངས་འཁོར་གྱི་སྒྲིག་སྙོམ་དང་ཞིབ་བཤེར།

4.གློག་རྡུལ་ཚོང་དོན་གྱི་རིགས།               གློག་རྡུལ་ཚོང་དོན།

5.ཡུལ་སྐོར་གྱི་རིགས།                      ཡུལ་སྐོར་ཞབས་ཞུ་དང་དོ་དམ། སྐར་རིམ་མཐོ་བའི་མགྲོན་ཁང་གི་ལས་གཉེར་དང་དོ་དམ།

6.ཕྱུགས་ལས་ལས་རིགས་ཀྱི་རིགས།            སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་སྐྱེད་ལག་རྩལ།

གཟིགས་སྐྱོང་སྲིད་ཇུས།

1.མཚོ་བྱང་ལས་རིགས་ལག་རྩལ་སློབ་གྲྭར་སློབ་གཉེར་བྱེད་སྐབས། སློབ་ཡོན་དང་དཔེ་རིན། ཉལ་ཁང་དང་དྲོད་རླངས་ཀྱི་རིན་སྤྲོད་མི་དགོས།

2.མཚོ་བྱང་ལས་རིགས་ལག་རྩལ་སློབ་གྲྭར་སློབ་གཉེར་བྱེད་སྐབས། ལོ་སྔོན་མ་གཉིས་ལ་ཆེད་ལས་ཡོངས་ཀྱི་སློབ་མས་རྒྱལ་ཁབ་ཀྱི་རོགས་དངུལ་ཁྱོན་བསྡོམས་སྒོར4000ལོངས་སྤྱོད་བྱས་ཆོག

3.སློབ་གྲྭ་འདིར་ལོ་གཉིས་དང་ཕྱེད་ཀ་ལ་སློབ་སྦྱོང་བྱས་རྗེས་མཐོ་རིམ་ལག་རྩལ་སློབ་གླིང་གིས་སྔོན་ལ་རྐྱང་བསྡུ་བསྡུ་ལེན་བྱེད་པའི་རྒྱུགས་ལ་ཞུགས་ཆོག་ཅིང་། ལོ་གསུམ་གྱི་རྗེས་ནས་མཐར་ཕྱིན་རྗེས་མཐོ་རྒྱུགས་ལ་ཞུགས་ཆོག

4.མཐོ་རིམ་ཆེད་སྦྱོང་སློབ་གྲྭར་རྒྱུགས་འཕྲོད་ནས་སློབ་གཉེར་བྱེད་སྐབས། འབྲེལ་ཡོད་སློབ་གླིང་གི་མཆན་ཞུ་བྱས་པའི་ཚད་གཞི་ལྟར་འབྲེལ་ཡོད་འགྲོ་གྲོན་བསྡུ་རྒྱུ་ཡིན།

མིང་ཐོ་འགོད་པའི་དུས་ཚོད།

2023ལོའི་ཟླ1ཚེས1ཉིན་ནས2023ལོའི་ཟླ3ཚེས31ཉིན་བར།

འབྲེལ་གཏུག་ཁ་པར།

           དགེ་རྒན་ཧེ་ལགས། 18997400729             དགེ་རྒན་ཀྲུའུ་ལགས། 13086240806      དགེ་རྒན་ཡན་ལགས། 18997400603

           དགེ་རྒན་ཁུང་ལགས། 18997400623            དགེ་རྒན་མཱ་ལགས། 13897019710


མཉམ་སྤྱོད།