དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་ཞིང་ཆེན་དམངས་ཆེན་འཐུས་མིར་བཅར་གླེང་བྱས་པ།(བཞི་བ)

2023-01-16 15:06:09   |   148

རྩོམ་སྒྲིག  སངས་དོན།     ཡོང་ཁུངས།  གངས་ལྗོངས་འཕྲིན་གསར། 


མདའ་བཞི་ཡིས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། གསར་བརྗེ་ཞིབ་འཇུག་གི་ཚོགས་འདུ་གསོ་སྦྱོང་ལས་དོན་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ།

—ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཀྲང་ཧྲི་དབྱིན་ལ་བཅར་འདྲི་བྱས་པ།

3.jpg

སྙན་ཞུའི་ནང་བསམ་བློ་གསར་བ་དང་འདུ་ཤེས་གསར་བ། འཐབ་ཇུས་གསར་བ་བཅས་མངོན་ཡོད་ལ། དམིགས་འབེན་ཁ་གསལ་དང་བསམ་ཕྱོགས་གསལ་བོ། བྱ་ཐབས་ནུས་ལྡན་བཅས་ཡིན་པས་ཞིང་ཆེན་གྱི་གནས་ཚུལ་དང་མཐུན་ཞིང་ཁྱད་ཆོས་ལྡན་ལ། མི་དམངས་ཀྱི་འདོད་བློ་དང་མཐུན་པ་དང་དར་ཆ་མཐོན་པོར་སྒྲེང་ཞིང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། སྔོན་དཔག་བརྟན་པོ་ཡོང་བ།  ཡིད་ཆེས་འཕེལ་བ།  དངོས་སྒྲུབ་འགན་ཁུར་བའི་སྙན་ཞུ་ཡག་པོ་ཞིག་རེད།    

མདའ་བཞི་ཡིས་དུས་རབས་གསར་བའི་འགྲོས་དང་བསྟུན་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲང་བ་དང་སྙན་ཞུའི་ནང་དོན་ལ་དམ་པོར་དམིགས་ཏེ། བབ་བསྟུན་འཕྲལ་སྒྲུབ་དང་བབ་བསྟུན་ལས་སྒྲུབ་བྱེད་པ་དང་། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་ཞུ་དང་མཉམ་འདྲེས་ཐུབ་པར་བྱས་ནས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ཁྲིད་སྟོན་དུ་བྱས་ཏེ་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ནང་གཏིང་ཟབ་སྒོས་ཞུགས་པ་དང་། ཀྲུང་གོའི་རྡུལ་ཕྲན་མཁར་གསར་བརྗེའི་རྗེས་ཤུལ་ལ་བརྟེན་ནས་རིག་དངོས་སྲུང་སྐྱོབ་དང་ཚན་རིག་དང་མཐུན་པའི་ངང་བེད་སྤྱོད་གཏོང་བའི་འབྲེལ་བ་ཐག་གཅོད་གང་ལེགས་བྱས་ཏེ། རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གསེར་དངུལ་ཐང-རྡུལ་ཕྲན་མཁར5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་བྱ་བར་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་གསར་བརྗེ་རིག་གནས་ཡུལ་སྐོར་གྱི་ཆས་རྟགས་གཏོད་རྒྱུ་ཡིན་ལ།  ང་ཚོས211བཟོ་གྲྭའི་གནས་རྙིང་སྲུང་སྐྱོབ་བྱ་རྒྱུ་མཚོན་བྱེད་དུ་འཛིན་པ་དང་། རྡུལ་ཕྲན་མཁར་དྲན་གསོ་ཁང་དང་། དུས་རབས་ཀྱི་དཔེ་བཟང་ཁང་། ནུབ་མཚོ་ཅུན་དངོས་མང་བཤམས་སྟོན་ཁང་བཅས་ཀྱི་སྙིང་སྟོབས་སློབ་གསོ་ལྟེ་བར་བཟུང་སྟེ། མཐོན་པོ་སྒང་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་། ཁེ་ཐུའུ་བྱེ་འགོག་བྱེ་བཅོས་ཀྱི་སྐྱེ་ཁམས་ལག་ལེན་རྟེན་གཞི། རུ་ཤོག་བཅུ་གཉིས་པའི་རྒྱལ་སྲུང་སློབ་གསོའི་རྟེན་གཞི། མཚོ་སྔོན“མདེལ་གཉིས་སྐར་གཅིག”ལས་བྱེད་སློབ་གླིང་གི་ཡུལ་དངོས་སློབ་གསོ་རྟེན་གཞིར་བྱེད་པའི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་བཅས་ཇུས་འགོད་ཡག་པོ་བྱ་རྒྱུ་ཡིན་ཞིང་། སྤུས་ལེགས་སློབ་ཚན་ཞིབ་འཇུག་གསར་སྤེལ་དང་ནུས་ཤུགས་ཡོད་རྒུས་རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་སྤེལ་གང་ལེགས་བྱས་ནས་གསར་བརྗེའི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་ལ་སྐུལ་འདེད་གཏོང་བ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་བ་ཏན་ཏིག་དང་བརྟན་པོའི་ངང་ཡག་པོར་སྒྲུབ་སྟེ་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་ཆེད་མདའ་བཞིའི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་ཟེར།

སྙན་ཞུ་ལ་སློབ་སྦྱོང་ནན་ཏན་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱ་རྒྱུ།

—ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཏིན་གོ་ཧྲིན་ལ་བཅར་འདྲི་བྱས་པ།

4.jpg

ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པའི་འགག་རྩའི་དུས་སུ་ཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཕྱོགས་བསྡོམས་བྱས་པའི་གྲུབ་འབྲས་ནི་དངོས་ཐོག་བདེན་འཚོལ་ཡིན་ཞིང་། གནད་དོན་ལ་དབྱེ་ཞིབ་བྱས་པ་ཚུལ་མཐུན་ལུགས་མཐུན་དང་། འཕེལ་རྒྱས་འཐབ་ཇུས་ཚན་རིག་དང་མཐུན་ཞིང་གནད་དུ་འཁེལ་ལ། བྱ་བ་བཀོད་སྒྲིག་བྱས་པ་ཏན་ཏིག་དང་ནུས་ལྡན་ཡིན། འཕེལ་རྒྱས་ཀྱི་ངེས་གནས་ལ་དམ་པོར་དམིགས་པ་དང་གནད་དོན་ལ་ཐད་ཀར་ཕྱོགས་པའི་བློ་སྟོབས་དང་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་པའི་གཏིང་ཤུགས། དམངས་ཀྱི་དོན་དུ་སྲིད་དོན་སྐྱོང་བའི་བསམ་པ། འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཡིད་ཆེས་བཅས་མངོན་ཡོད་པས།  དེ་ནི་དམངས་སེམས་དྲོ་ཞིང་མི་སེམས་གཅིག་ཏུ་སྡུད་ལ། ཡིད་ཆེས་བརྟན་པོར་འཛུགས་པ་དང་ཆོད་སེམས་བརྟན་དུ་གཏོང་བའི་སྙན་ཞུ་ཡག་པོ་ཞིག་རེད།    གཞི་རིམ་ནས་ཡོང་བའི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས་ང་སྙན་ཞུའི་ནང་དོན་ལ་ཡོངས་སུ་མོས་མཐུན་ཡོད། ངས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་འགན་ཁུར་འཁུར་སེམས་ཆེ་རུ་གཏོང་བ། “སྔོན་ལ་སློབ་སྦྱོང་བྱེད་པའི”འདུ་ཤེས་དང“སྔོན་ལ་བྱ་བ་སྒྲུབ་པའི”འགན་ཁུར། “སྔོན་ལ་མདུན་སྐྱོད་བྱེད་པའི”རང་རྟོགས་བཅས་བརྟན་པོར་བཙུགས་ཏེ། རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོགས་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ངར་ཤུགས་ཆེར་བསྐྱེད་དང་འཕེལ་རྒྱས་བརྩོན་ལེན། གྲུབ་འབྲས་དངོས་གཏོད་པར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞིང་།  དམངས་ཆེན་འཐུས་མིའི་དགེ་མཚན་འདོན་སྤེལ་དང་གླེང་མང་བའི་གནད་དོན་ལ་དོ་ཁུར་བྱས་ཏེ།  རང་འགུལ་ངང་ཏང་ཨུའི་མགོ་ཁྲིད་ཀྱིས་ཁྲིམས་ལྟར“སྲིད་གཞུང་དང་ལྟ་ཞིབ་ཨུ་ལྷན། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང”བཅས་ལ་ལྟ་སྐུལ་བྱེད་པའི་བྱ་བ་ནུས་ལྡན་ངང་སྤེལ་བར་དང་ལེན་དང་། འཐུས་མིའི་བྱེད་པོའི་གོ་གནས་ལ་བརྩི་འཇོག་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དམངས་ཆེན་གྱི་འགན་ནུས་འདོན་སྤེལ་བཅས་བྱས་ཏེ་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཏེ་མང་ཚོགས་ཀྱི“སེམས་དོན”དེ་རང་ཉིད་ཀྱི“སེམས་དོན”དུ་བརྩིས་ནས་སྒྲུབ་པ་དང་། དམངས་འཚོའི“དོན་ཆུང”ཐག་གཅོད་ཡག་པོ་བྱེད་པ།  བྱ་བ་ཏན་ཏིག་སྒོས་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་ལ་སྐྱིད་ཐོབ་བདེ་གསུམ་གྱི་སྣང་བ་ཡོད་པར་བྱ་རྒྱུ་ཡིན་ཟེར།    


མཉམ་སྤྱོད།