དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་འཐུས་ཚབ་ཚོགས་པས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།

2023-01-16 17:30:10   |   330

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།


མཚོ་བྱང་འཐུས་ཚབ་ཚོགས་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱེད་བཞིན་པ།

3.jpg

4.jpg

ཟླ1པོའི་ཚེས15ཉིན་གྱི་ཕྱི་དྲོར། མཚོ་བྱང་ཁུལ་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཚོས་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་ཏན་བྱས། གྲོས་བསྡུར་ཁྲོད། འཐུས་མི་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཧྲིལ་བོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཡོད་ལ། གྲུབ་འབྲས་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་བྱ་བའི་བསམ་ཕྱོགས་གསལ་བ། དམིགས་འབེན་གཏོད་ས་གནད་ལ་འཁེལ་བ། བཀོད་སྒྲིག་ཏན་ཏིག་བཅས་བྱས་ཡོད་པས་དེ་ནི་མི་སེམས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱི་སྙན་ཞུ་ཡག་པོ་ཞིག་ཡིན་པ་བསྟན་པར་མ་ཟད། བྱ་བའི་སྙན་ཞུ་ལ་དམིགས་ཏེ་མཚོ་བྱང་གི་དོན་དངོས་ལ་གཞི་ཚུགས་པ་དང་། རང་ངོས་ཀྱི་བྱ་བ་དང་ཟུང་འབྲེལ་བྱེད་པ། གང་བསམ་ལྷུག་པོར་བརྗོད་པ། ལྷག་བསམ་ཟོལ་མེད་ཀྱིས་བསམ་བློ་བརྗེ་རེས་བྱེད་པ། སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་བྱས་ཏེ་བསམ་འཆར་དང་གྲོས་གཞི་ལྷུག་པར་བཏོན་ཡོད། 

5.jpg

འཐུས་མི་ཀྲའོ་ཡའེ་ཞ་ཡིས་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གསུང་བཤད་གལ་ཆེན་གནང་བ་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་ཡོངས་སུ་ཁྱབ་ལ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་དོན་འཁྱོལ་བྱས་ཡོད་ལ། གྲུབ་འབྲས་ཕྱོགས་བསྡོམས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། དམིགས་འབེན་གཏད་ཡུལ་གནད་འཁེལ་གྱིས་མདུན་སྐྱོད་ལ་སྐུལ་འདེད་ཐེབས་པ། གནས་བབ་སྟངས་འཛིན་གྱི་ལངས་ཕྱོགས་མཐོ་ཞིང་རྒྱང་རིང་བ། བཀོད་སྒྲིག་བྱས་པ་གནད་ལ་འཁེལ་བ་ཞིག་རེད། སྙན་ཞུའི་བརྗོད་བྱ་འབུར་དུ་ཐོན་པ་དང་རིམ་པ་གསལ་ལ། ནང་དོན་ཞིབ་ཕྲ་ཡིན་ཞིང་གཏན་འཁེལ་གྱི་ནུས་པ་ལྡན་ཞིང་། ཁ་ཕྱོགས་ཡོད་པ་དང་འགན་འཁུར་ཡོད་པས་བསམ་བློའི་རང་བཞིན་དང་རྒྱང་ལྟའི་རང་བཞིན། དམིགས་སའི་རང་བཞིན་ཆེན་པོ་ལྡན་ལ། དེ་ནི་དྲོད་ཚད་ཀྱིས་ཁེངས་ཤིང་འབད་འབུངས་ཡར་བརྩོན་གྱི་སྙན་ཞུ་ཡག་པོ་ཞིག་རེད། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་བྱེད་པའི་བླང་བྱ་དེ་ཁུལ་ཡོངས་ཀྱི་བྱ་བའི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱེད་དགོས་པ་དང་། ལྗང་མདོག་གཞན་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པའི་ཐད་སྔོན་ལ་བརྩོན་ལེན་བྱེད་པ། དམག་འཐབ་མཁར་རྫོང་སྐྲུན་པ།  “སྡེ་བ་སྟོབས་ལྡན་གྱི་བཟོ་སྐྲུན”ལག་བསྟར་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དཀའ་སྤྱད་ལས་གཏོད་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་གྲུབ་འབྲས་གསར་བ་ལེན་པ།  ཧུར་ཐག་སྒོས་མཚོ་བྱང་གི་བྱ་གཞག་སོ་སོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ལེགས་སྐྱེས་དབུལ་དགོས་པར་བཤད།

6.jpg

འཐུས་མི་ལིག་ཁྲའོ་ཡིས་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་གྱི་གནས་ཚུལ་དངོས་དང་དམ་པོར་དམིགས་ཤིང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་པ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ་དང་། ཞིབ་འཇུག་འཆར་འགོད་ཟབ་པ། བཀོད་སྒྲིག་ཏན་ཏིག་བཅས་བྱས་པས་དར་ཆ་མཐོན་པོར་སྒྲེང་བ་དང་ཡིད་ཆེས་འཕེལ་བ། དངོས་ཐོག་བདེན་འཚོལ། འབད་འབུངས་ཡར་བརྩོན་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པས་ང་ཡོངས་སུ་མོས་མཐུན་ཡོད། གཅིག་ནི་གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་སུ་འཇུག་པ་སྟེ། འདས་ཟིན་པའི་ལོ་ལྔ་ནི་རྒྱུན་ལྡན་མིན་པ་དང་སྤྱིར་བཏང་གཏན་ནས་མིན་པ་ཞིག་རེད། ང་ཚོས་ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཁོང་དུ་འཕྱུགས་མེད་སྒོས་ཆུད་པར་བྱས་ནས་ཐོབ་པར་དཀའ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གཅེས་སྤྲས་ལྡབ་འགྱུར་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག་གཟི་བརྗིད་དེ་ལས་ཆེ་བ་ལེན་དགོས། གཉིས་ནི་འཆར་འགོད་ཀྱིས་མི་རྣམས་ལ་སྐུལ་ལྕག་གཏོང་བ་སྟེ། ང་ཚོས་ངེས་པར་དུ་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་དང་ནམ་ཡང་ལྷོད་གཡེང་མི་བྱེད་པའི་བསམ་བློའི་འཁྱེར་ཕྱོགས་ཐོག་ནས་ཡིད་ཆེས་བརྟན་པོ་དང་དཀའ་སྤྱད་སྙིང་རུས་བྱས་ཏེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་བ་དེ་ལས་ཆེ་བ་ལེན་རྒྱུར་འབད་བརྩོན་བྱེད་དགོས།  མཚོ་བྱང་ཁུལ་ལ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་ལྡན་པ་དང་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་པས། མཚོ་བྱང་ཁུལ་གྱིས་མུ་མཐུད་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་སྐྲུན་པའི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུའི་རེ་བ་ཡོད་ལ། གཅིག་ནས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གཏོད་པར་འབད་བརྩོན་བྱ་དགོས་ཏེ།  “རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བརྟན་པོར་བཅངས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་ཁུར་གལ་ཆེན་ཁུར་ཏེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། གཉིས་ནས་ཐོན་ལས་རིགས་བསྒྱུར་དང་རིམ་སྤོར་གྱི་རྣམ་པ་གསར་བ་གཏོད་པར་འབད་བརྩོན་བྱ་དགོས་ཏེ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་སུ་བཏང་སྟེ་ལྗང་མདོག་ཐཱན་ཉུང་དང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དེང་རབས་ཐོན་ལས་མ་ལག་འཛུགས་རྒྱུར་ཤུགས་སྣོན་དགོས།  གསུམ་ནས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་རྣམ་པ་གསར་བ་ཧུར་ཐག་སྒོས་གཏོད་དགོས་ཏེ། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བ་སྔར་ལས་འཐུས་ཚང་དང་འགན་ལེན་ཡོད་པ། རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས། བཞི་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་བ་ཧུར་ཐག་སྒོས་གཏོད་དགོས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་བྱས་པའི་གྲུབ་འབྲས་སྲ་བརྟན་དང་ཇེ་མཐོར་གཏོང་བ་དང་། ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བརྟན་བརླིང་མཐུན་སྒྲིལ་གྱི་རྣམ་པ་བཟང་བོར་སྲུང་སྐྱོང་ཏན་ཏིག་བྱ་དགོས་པར་བཤད།    

7.jpg

འཐུས་མི་ཤ་བོ་སྐྱབས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་འདས་ཟིན་པའི་ལོ་ལྔའི་ནང་མཚོ་སྔོན་གྱི་བྱ་གཞག་སོ་སོ་འཕེལ་རྒྱས་བཏང་བའི་གཙོ་གནད་བྱ་བར་ཕྱིར་མིག་བལྟས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱང་སྐྱོད་གསར་བའི་ཁྲོད་འཕྲད་པའི་དཀའ་ངལ་དང་ཐོབ་ཟིན་པའི་གྲུབ་འབྲས། རྩ་ཆེའི་ཉམས་མྱོང་བཅས་ཕྱོགས་སྡོམ་བྱས་ལ། གོམ་སྟབས་རྗེས་མའི་བྱ་བའི་བསམ་ཕྱོགས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ཡོད་ལ། དེ་ནི་སྔ་འཛིན་ཕྱི་གཏོད་དང་ཁ་ཕྱོགས་གཏན་འཁེལ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་སྙན་ཞུ་ཞིག་རེད། ང་ཚོས“མཚོ་བྱང་ལྔའི”འཛུགས་སྐྲུན་དམ་འཛིན་བྱེད་སར་བཟུང་ནས“243”འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་སྒོས་བཏོད་དེ“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”འཛུགས་སྐྲུན་བྱེད་པར་མཚོ་བྱང་གི་ལེའུ་ཧུར་ཐག་གིས་གཏོད་རྒྱུ་ཡིན། “གནས་བཞི”འཛུགས་སྐྲུན་ལ་དམིགས་པ་དང་ཐོན་ལས་གླིང་ཁུལ10བསྐྲུན་ཏེ་བཟོ་ལས་དཔལ་འབྱོར་སྣ་མང་ཅན་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་གཞི་ཁྱོན་ཅན། ནུས་རྒྱུ་གཙང་མའི་ཐོན་ལས་གཞི་གཅིག་ཅན། ཞབས་ཞུའི་ལས་རིགས་དེང་རབས་ཅན་བཅས་ལ་སྐུལ་འདེད་བཏང་ནས་འབྱོར་ཕྱུག་ལྡན་པའི་མཚོ་བྱང་འཛུགས་སྐྲུན་ཡག་པོ་བྱེད་དགོས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས་གསར་བརྗེའི་ཐོན་ལས་སྐྱེད་སྲིང་བྱས་ཏེ“གསེར་མདོག་འཇུ་ལག་དང་ལྷ་ཡུལ་མདོ་ལ། བོད་མཁར་རྐང་ཚ། བདེ་བརྟན་མདའ་བཞི”ཞེས་པའི་མིང་བྱང་གསལ་བོར་བཟོས་ནས་དཔལ་ཡོན་ལྡན་པའི་མཚོ་བྱང་འཛུགས་སྐྲུན་ཡག་པོ་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་པ། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འཆམ་མཐུན་མཚོ་བྱང་འཛུགས་སྐྲུན་ཡག་པོ་བྱེད་དགོས། “རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བརྟན་པོར་བཅངས་ནས་མཚོ་སྔོན་པོ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང“ཆུ་བོ་གསུམ་དང་མཚེའུ་གཅིག”གི་རྒྱུག་ཁུལ་གྱི་སྐྱེ་ཁམས་སླར་གསོ་ལ་མུ་མཐུད་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་མཚོ་བྱང་འཛུགས་སྐྲུན་ཡག་པོ་བྱེད་དགོས། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་སློབ་གསོ་དང་འཕྲོད་བསྟེན། ལས་ཞུགས་སོགས་དམངས་འཚོའི་བྱ་བར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་བདེ་སྐྱིད་ལྡན་པའི་མཚོ་བྱང་འཛུགས་སྐྲུན་ཡག་པོ་བྱ་དགོས་པར་བཤད།     

8.jpg

འཐུས་མི་མ་ཞོ་ཧྥེང་གིས་དེ་རིང་སྔ་དྲོར། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཉན་རྗེས་མངོན་གསལ་དོད་པའི་མྱོང་ཚོར་གསུམ་ཡོད་པ་སྟེ། ཚུགས་གནས་མཐོ་བ་དང་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་སྟེ། སྙན་ཞུའི་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་མཚོན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་འཆར་འགོད་བརྒྱུད་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་བྱ་སྤྱོད་ཀྱི་རང་རྟོགས་ནུས་ཤུགས་ཡོད་རྒུས་མངོན་པར་བྱས་ཡོད། གྲུབ་འབྲས་བླངས་བ་དོན་དངོས་ཡིན་ཞིང་། ཐོབ་པར་དཀའ་བའི་གྲུབ་འབྲས་ཀྱིས་ཡིད་ཆེས་འཕེལ། སྙན་ཞུའི་ནང་འདས་ཟིན་པའི་ལོ་ལྔའི་བྱ་བར་དངོས་ཐོག་བདེན་འཚོལ་གྱིས་ཕྱོགས་སྡོམ་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་འཕེལ་བར་གདོན་མི་ཟ། དམིགས་ཡུལ་ཁ་གསལ་ལ་སེམས་ཤུགས་གཅིག་སྒྲིལ་གྱིས་མདུན་སྐྱོད་ལ་སྐུལ་འདེད་བཏང་ཡོད། སྙན་ཞུའི་ནང་ཕྱོགས་བདུན་ཐད་ནས་ད་ལོའི་བྱ་བ་བཀོད་སྒྲིག་བྱས་པ་དེའི་ཐོག་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་གནད་སྨིན་སྟངས་འཛིན་བྱས་པ་མཚོན་ཞིང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད་པ་རེད། མ་འོངས་པར་ངས་སྔར་ལས་འབད་འབུངས་ཡར་བརྩོན་གྱི་རྣམ་པའི་ཐོག་ནས་འཕེལ་རྒྱས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འཇུ་ལག་ལ་གྲུབ་འབྲས་གསར་བ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཏེ། གཅིག་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཟམ་མི་ཆད་པར་བརྟན་པོ་ཡོང་བར་བྱ་རྒྱུ། གཉིས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱས་ཏེ་སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་ཡག་པོར་སྐྱོད་རྒྱུ། གསུམ་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས“གནས་བཞི”འཛུགས་སྐྲུན་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་གསར་བ་བསྐྲུན་རྒྱུ།  བཞི་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་གྲོང་གསེབ་དར་སྤེལ་བཏང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་དཔེ་སྟོན་གཏོད་རྒྱུ་ཡིན་ཟེར།

9.jpg

འཐུས་མི་སྟག་ལྷས་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་མཚོན་ཡོད། སྤྱི་ཡོངས་ནས་བཤད་ན་དེ་ནི་དམངས་ཀྱི་འདོད་བློ་མཚོན་པ་དང་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མི་སེམས་ལ་སྐུལ་མ་ཐེབས་པ། འབད་འབུངས་ཡར་བརྩོན་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། མ་འོངས་པའི་བྱ་བའི་ནང་ང་ཚོས“གནས་བཞི”འཛུགས་སྐྲུན་ལ་དམིགས་ཏེ་རྐང་ཚའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྐྱེལ་འདྲེན་བྱ་ཡུལ་བསྐྲུན་རྒྱུར་ཤུགས་སྣོན་རྒྱུ་ཡིན། སྐྱེ་ཁམས་ཕྱུགས་ར་སྐྱེད་སྲིང་དང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཞིང་ཕྱུགས་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་བར་དཔྱད་ཞིབ་བྱ་དགའ་དང་ཁ་གསབ་སྤྲོད་པ། བོད་སྨན་གྱི་སྨན་རྒྱུ་གསར་སྤེལ་ཧུར་ཐག་བྱེད་པ། ནོར་གནག་དང་བོད་ལུག་གི་ཆས་རྟགས་གཏོད་རྒྱུར་ཤུགས་སྣོན་རྒྱུ་ཡིན་ལ། སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ། ཡུལ་སྐོར་ཐོན་ལས་དེ་རྐང་ཚའི་གཙོ་རྐང་ཐོན་ལས་སུ་བརྩིས་ནས་སྐྱེད་སྲིང་བྱས་ཏེ་རྐང་ཚའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས10བཟོས་ནས་ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་སྡེ་བ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་བའི་དཀོན་ལོ་གོང་མ་སྡེ་བ་དེ་དམངས་སྲོལ་ཡུལ་སྐོར་སྡེ་བར་བསྐྲུན་རྒྱུ། ཡུལ་སྐོར་རིག་གནས་གསར་གཏོད་ཐོན་རྫས་དང་བོད་ལུགས་དཔུང་རྒྱན་སོགས་རིག་གནས་གསར་གཏོད་ཐོན་རྫས་རིགས10ལྷག་ཙམ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཧུར་ཐག་བྱས་ནས་དགུན་དུས་ཡུལ་སྐོར་དང་མཚེའུ་རྒྱུད་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དཔེ་སྟོན་ས་ཚིགས6བཏོད་དེ་སྐྱེ་ཁམས་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། ནུས་རྒྱུ་གཙང་མ་ཕྱིར་གཏོང་བའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ། ཚེ་ཐར་འོད་ཤུགས་གླིང་ཁུལ་དང་མཚོ་འཁྱིལ་ཞང་བཀྲ་སོག་འོད་ཤུགས་གླིང་ཁུལ་ཧུར་ཐག་སྒོས་བསྐྲུན་ནས“ལྔ་བཅུ་བཞིའི”རིང་རྐང་ཚ་རྫོང་འདི་ཉིད་ཆན་ཝ་ཁྲི500ཡི་ནུས་རྒྱུ་གཙང་མ་ཕྱིར་གཏོང་ཐུབ་པའི་ས་ཆ་ཞིག་ཏུ་གཏོད་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།


མཉམ་སྤྱོད།