དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་ཞིང་ཆེན་དམངས་ཆེན་འཐུས་མིར་བཅར་གླེང་བྱས་པ།(ལྔ་བ)

2023-01-17 22:05:04   |   139

རྩོམ་སྒྲིག  སངས་དོན།   ཡོངས་ཁུངས།  གངས་ལྗོངས་འཕྲིན་གསར།


ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གང་མགྱོགས་སྒོས་བསྐྲུན་ཆེད་འཇུ་ལག་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ།

—ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་མ་ཞོ་ཧྥེང་ལ་བཅར་འདྲི་བྱས་པ། 

3.jpg

ཐོན་ལས་ཀྱི“གནས་བཞི”གཏོད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་སྐུ་དངོས་སུ་མཚོ་སྔོན་འཕེལ་རྒྱས་ལ་མཛུབ་ཁྲིད་གནང་བའི་འབད་འཐབ་ཀྱི་ཁ་ཕྱོགས་ཡིན་ལ“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”སྐྲུན་པའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་ལ་བརྩི་སྲུང་བྱས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་ཁ་གསལ་བཏོན་ཡོད། འཇུ་ལག་ནི་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་རྫོང་ཆེན་ཞིག་ཡིན་པའི་ཆ་ནས། སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ལེགས་ཆར་བརྟེན་གང་ཐུབ་དང་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་པའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱེད་པར་གཏིང་ཟབ་སྒོས་འདྲེས་པར་བྱེད་པ་དང་ཁྱད་ལྡན་ཞིང་ཕྱུགས་ལས་གོང་འཕེལ་ཤུགས་ཆེན་བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་ཞིང་སྨན་ཉུང་གཏོང་གི་འགུལ་སྐྱོད་རྒྱུན་མཐུད་ངང་ལག་བསྟར་ཡག་པོ་བྱེད་པ། ལོག་དཀར་དང་ནས། ཤ་མོ་སོགས་དགེ་མཚན་ལྡན་པའི་ཐོན་རྫས་ཀྱི་སྤུས་ཀ་དང་ལས་སྣོན་ཞིབ་ཚགས་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ནོར་གནག་དང་བོད་ལུག ཞི་མིན་ཐ་ཨར་ནོར། ཉ་སོགས་ཚད་ལྡན་ཅན་གྱི་གསོ་སྤེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་གལ་ཆེན་བཏོད་དེ་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གང་མགྱོགས་སྒོས་བསྐྲུན་རྒྱུར་འཇུ་ལག་གི་ལེགས་སྐྱེས་དབུལ་རྒྱུ་ཡིན་པར་བཤད།


ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་མི་དམངས་འཐུས་མིའི་ལྟ་སྐུལ་ལས་ཁུར་ཡག་པོར་སྒྲུབ་རྒྱུ།

—ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཚང་ཚུན་ཧྥུའུ་ལ་བཅར་འདྲི་བྱས་པ། 

4.jpg

ཐེངས་འདིར་ཞིང་ཆེན་དམངས་ཆེན་འཐུས་མིར་བདམས་པས་ང་ལ་གཟི་བརྗིད་དང་སྤོབས་སེམས་ཆེན་པོ་སྐྱེས་བའི་དུས་མཚུངས་སུ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། དེ་རིང་ཀྲུའུ་རིན་གཞོན་པ་ཡུས་ཚུང་ལི་ཡིས་ཕུལ་བའི་ཞིང་ཆེན་དམངས་ཆེན་བྱ་བའི་སྙན་ཞུར་ནན་ཏན་ངང་ཉན་ཞིང་ངའི་བསམ་པར་སྙན་ཞུའི་ནང་དོན་དངོས་ཐོག་བདེན་འཚོལ་དང་བརྗོད་དོན་ཁ་གསལ་ལ། ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་འདས་པའི་ལོ་ལྔའི་ནང་ཐོབ་པའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་ཡོད་ཅིང་། ད་ལོའི་བྱ་བ་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད་པས་མི་སེམས་ལ་སྐུལ་མ་ཐེབས་པ་དང་གསར་གཏོད་སྲོལ་འབྱེད་བྱེད་པའི་སྙན་ཞུ་ཡག་པོ་ཞིག་ཡིན་ཞིང་། ང་ཚོས་དུས་རབས་གསར་བའི་དམངས་ཆེན་འཐུས་མིའི་བྱ་བ་ལེགས་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གཞི་རིམ་གྱི་དམངས་ཆེན་འཐུས་མིའི་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས། མ་འོངས་པའི་བྱ་བའི་ནང་། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྐང་ཚ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། ཐེངས་འདིའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱེད་པ། འཐུས་མིའི་ཐབས་འདོན་ཇུས་འདོན་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ། འཐུས་མིའི་ལྟ་སྐུལ་ལས་ཁུར་ལག་བསྟར་ཡག་པོ་བྱས་ཏེ་ཁྲིམས་ལྟར་ལས་ཁུར་སྒྲུབ་སྐབས་ཀྱི་བརྒྱུད་རིམ་ཧྲིལ་བོར་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་དེ་ཐོག་མཐའ་བར་གསུམ་དུ་དམངས་ཆེན་འཐུས་མིའི་བྱ་བའི་ལྷུ་ཚིགས་སོ་སོ་དང་ཕྱོགས་ཚང་མར་ཁྱབ་པར་བྱས་ནས“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”བསྐྲུན་པར་རྐང་ཚའི་དམངས་ཆེན་འཐུས་མིའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་པར་བཤད།


མཉམ་སྤྱོད།