དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལ་བཅར་གླེང་བྱས་པ།(གཉིས་པ)

2023-01-17 22:13:35   |   117

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར། 


དགེ་རྒན་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་སློབ་གསོའི་འགན་འཁྲི་ཁུར།

 —ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཡའོ་ཅ་ནན་ལ་བཅར་འདྲི་བྱས་པ། 

5.jpg

དེ་རིང་ངས་སེམས་འགུལ་ཚད་མེད་ཐེབས་བཞིན་སྲིད་གྲོས་མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་རྗེས། སེམས་གཏིང་ནས་འགན་ཁུར་ལྕི་ལ་འགན་འཁྲི་གཟི་བརྗིད་ལྡན་པའི་མྱོང་ཚོར་ཟབ་མོ་སྐྱེས་བྱུང་། སྲིད་གྲོས་ཨུ་ཡོན་ནི་གཟི་བརྗིད་མཚན་སྙན་ཞིག་དང་འགན་ཁུར་ཞིག་ཡིན་ལ། སློབ་གསོའི་བྱ་བ་སྒྲུབ་པའི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་མ་འོངས་པའི་བྱ་བའི་ཁྲོད། ངས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་བྱ་བའི་ཐད་ཀྱི“ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པར་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི”སྤྱིའི་བླང་བྱ་ཡིད་ལ་བརྟན་པོར་བཅངས་ནས་རང་འགུལ་ངང་དུས་རབས་གསར་བ་དང་འཚམ་པར་བྱས་ནས་འགྲན་སློང་གསར་བར་ཁ་གཏད་གཅོག་པའི་སློབ་གསོའི་ལས་སྒྲུབ་པ་ཚད་ལྡན་ཞིག་བྱ་རྒྱུ། ངས་དོན་དངོས་ལ་གཞི་ཚུགས་ནས་གསར་གཏོད་རང་བཞིན་གྱི་སློབ་གསོ་སློབ་ཁྲིད་བྱ་བ་སྤེལ་ཏེ་རྐང་ཚ་རྫོང་གི་སློབ་གསོའི་ཆེད་དུ་དཀའ་སྤྱད་འབད་བརྩོན་དང་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་ངས་ཨུ་ཡོན་གྱི་ལས་ཁུར་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཐེངས་འདིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དྲིལ་སྒྲོག་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ཏེ་དེ་ལས་ཆེ་བའི་འགན་འཁུར་ཁུར་བ་དང་དེ་ལས་ཆེ་བའི་བྱ་བའི་སྤྱོད་ཚུལ། དེ་ལས་ཆེ་བའི་བྱ་བའི་བྱ་ཐབས་ཏན་ཏིག་བཅས་ཀྱི་ཐོག་ནས་མང་ཚོགས་ཁྲོད་སྐྱོད་པ་དང་ལག་ལེན་ཁྲོད་ཞུགས་ཏེ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་དབུལ་རྒྱུ་ཡིན་པར་བཤད།


རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་བརླིང་བཅས་ཡོང་བར་བྱས་རྗེས་འཇོག་གང་ཐུབ་བྱ་དགོས།

 —ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཱ་རུའུ་ཡུན་ལ་བཅར་འདྲི་བྱས་པ། 

6.jpg

ང་རང་ཡང་བསྐྱར་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལ་བདམས་ཐོན་བྱུང་བར་ཧ་ཅང་དགའ་པོ་བྱུང་ཡོད། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ཆ་ནས་ངས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། དབྱི་སི་ལན་ཆོས་ལུགས་དེ་ཀྲུང་གོ་ཅན་དུ་འགྱུར་རྒྱུའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ།  “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོར་འཛུགས་པ་བཅས་བྱས་ནས་མོས་མཐུན་ལྔ་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱ་རྒྱུ། མི་རིགས་ལྔ་བཅུ་ང་དྲུག་སེ་འབྲུ་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་ལ། ང་ཚོར་ཐུན་མོང་གི་ཐོབ་ཐང་ཞིག་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཚེ་མི་རིགས་སོ་སོ་གཞི་ནས་མཐུན་སྒྲིལ་དང་མི་དམངས་གཞི་ནས་བདེ་སྐྱིད། མེས་རྒྱལ་གཞི་ནས་སྟོབས་འབྱོར་ལྡན་པ། རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་ཡང་གཞི་ནས་མངོན་འགྱུར་ཡོང་ཐུབ། དེར་བརྟེན། ངས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་མཆམ་མཐུན། སྤྱི་ཚོགས་བརྟན་བརླིང་བཅས་ཡོང་ཆེད་རང་ཉིད་ཀྱིས་འབུལ་འོས་པའི་ལེགས་སྐྱེས་དབུལ་རྒྱུ་ཡིན་པར་བཤད། 


མཉམ་སྤྱོད།