དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི2023ལོའི་ལོ་སར་བསུ་བའི་མཉམ་སྤྲོའི་དགོང་ཚོགས།

2023-01-18 18:10:23   |   118

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།   གངས་ལྗོངས་འཕྲིན་གསར།


ཟླ1པོའི་ཚེས17ཉིན་གྱི་དགོང་མོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་དང་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་བྱང་ཁུལ་གྱི2023ལོའི་དཔྱིད་གསར་དུས་ཆེན་གྱི་ལོ་སར་མཉམ་སྤྲོའི་དགོང་ཚོགས་དེ་ནུབ་མཚོ་གློག་བརྙན་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་ཤིང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་དཔྱིད་གསར་གྱི་རིག་གནས་སྟོན་མོ་གཟབ་རྒྱས་ཤིག་བཤམས།    

3.jpg

4.jpg

ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ་དང་། ཝང་ཡུང་ཁྲང་། ཨ་ཁྱུང་། ཞུས་ཡུང་ཀུང་། དབྱིན་མོ་ཝུན། ལི་ཞང་ཏུང་། ཚའོ་ཅི་ཆང་། ཧ་ཝུན་ཤིའུ། ཞའོ་རོས་ཞིན། མ་ཝུན་ཆོན་བཅས་དང་། དེ་བཞིན་ནུབ་མཚོ་གྲོང་རྡལ་གྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཉམ་དུ་དགོང་ཚོགས་ལ་བལྟས།

5.jpg

དགོང་མོའི་ཆུ་ཚོད19དང་སྐར་མ30ཡི་སྟེང་། དགོང་ཚོགས《དཔྱིད་ཀྱི་རྔ་སྒྲ》ཞེས་པའི་ཞབས་བྲོའི་ཁྲོད་མགོ་བརྩམས།

7.jpg

8.jpg

དུས་རབས་ལ་བསྟོད་བསྔགས་བྱེད་བཞིན་སྤྲོ་སེམས་འཁོལ་བའི་ངང་ནས་མཚོ་བྱང་ལ་བསྟོད་གླུ་ལེན། ཚོན་མདོག་རྣམ་པར་བཀྲ་བའི་གློག་འོད་དང་སྙན་འཇེབས་ཀྱི་རོལ་དབྱངས་ཁྲོད། གླུ་གར་སོགས་རྩེད་རིག་འཁྲབ་སྟོན་བྱས་ནས་ལྟད་མོ་གྱ་ནོམ་པ་ཞིག་མིག་གི་དགའ་སྟོན་དུ་ཕུལ་ལ། མཚོ་བྱང་གི་རིགས་སོ་སོའི་མང་ཚོགས་ཀྱིས་ལོ་སར་ལ་བསུ་བ་ཞུ་བའི་སྤྲོ་སྣང་གི་རྣམ་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་སྨོན་འདུན་ཞུ་བའི་བསམ་འདུན་བཟང་བོ་མཚོན་པར་བྱས་ཡོད།  

9.jpg

10.jpg

སེམས་ཁོང་གི་གླུ་དབྱངས་བླངས་ནས་དགའ་བའི་དཔལ་ལ་རོལ།  གླུ་གཞས《མི་ཡུལ་ཁམས》དང་ཞབས་བྲོ《མཚོ་སྔོན་པོའི་དཔྱིད་དཔལ》སོགས་རིག་རྩལ་ལེ་ཚན་གྱིས་འདས་ཟིན་པའི2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་མཚོ་བྱང་འཕེལ་རྒྱས་ལོ་རྒྱུས་ཐོག་གི་གལ་འགངས་ཆེ་བའི་ལོ་ཞིག་དང་། མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་མི་ཚེ་་བཞུད་ལམ་ཁྲོད་ཀྱི་གལ་འགངས་ཆེ་བའི་ལོ་ཞིག་ཡིན་པ་མཚོན་པར་བྱས།   

11.jpg

12.jpg

དགོང་ཚོགས་ལ་ལྟ་རུ་ཡོང་མཁན་ནུབ་མཚོ་གྲོང་རྡལ་གྱི་སྡོད་དམངས་འབྲུག་མོ་མཚོས“མཚོ་བྱང་གི་ལོ་སར་དགོང་ཚོགས་ཀྱི་ལེ་ཚན་ཕུན་སུམ་ཚོགས་ལ་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པས། ང་དང་ནང་མི་ཚང་མ་མཉམ་དུ་ལོ་རེའི་ལོ་སར་དགོང་ཚོགས་ལ་ལྟ་རུ་ཡོང་བ་ཡིན།  འཁྲབ་སྟོན་པའི་རྣ་བར་སྙན་པའི་གླུ་གཞས་དང་ཉམས་འགྱུར་སྟོང་གིས་ཕྱུག་པའི་བྲོ་གར་་གྱིས་ཡིད་སེམས་དབང་མེད་དུ་འཕྲོག་པས་ཐུགས་རྗེ་ཆེ་ཞུ་བ་དང་། མ་འོངས་པའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་སྔར་ལས་ཕུན་སུམ་ཚོགས་པའི་རེ་བ་ཡོད་ཅེས་བཤད།

13.jpg

14.jpg

ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ལས་བྱེད་པ་མ་དབྱི་མིན་གྱིས་ལོ་རེ་རེའི་ལོ་སར་དགོངས་ཚོགས་ཀྱི་ལེ་ཚན་ཚང་མ་ཧ་ཅང་ཕུན་སུམ་ཚོགས་པས་མང་ཚོགས་དང་འབྲེལ་འདྲིས་ཤིན་ཏུ་ཆེ་ལ། འདི་ཡང་ང་ཚོ་མཚོ་བྱང་བ་རང་ཉིད་ཀྱི་སྟོན་མོ་ཞིག་ཡིན་པས་མཚོ་བྱང་གི་ལོ་སར་དགོང་ཚོགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་རེ་བ་ཡོད་པར་བཤད།    

15.jpg

16.jpg

དགོང་ཚོགས་ཧྲིལ་བོར་འཁྲུག་ཆ་དོད་ཅིང་ངོ་མཚར་ཆེ་བའི་རྣམ་པ་མང་པོ་མངོན་ཡོད། དགོང་མོའི་ཆུ་ཚོད9དང་སྐར་མ45ཡི་ཐོག་དགོང་ཚོགས་དེ《དཔྱིད་ཀྱི་རྣམ་པ》ཞེས་པའི་་གླུ་གར་ཁྲོད་དལ་བུར་མཇུག་སྒྲིལ་བ་དང་། ལྟད་མོ་བའི་ཡིད་སེམས་དབང་མེད་དུ་འཕྲོག་ནས་དགོང་ཚོགས་ཀྱི་ཉམས་འགྱུར་སོགས་མཛེས་སྡུག་གི་རྣམ་པ་དེ་ཁ་པར་གྱི་པར་ལམ་བརྒྱུད་ནས་སེམས་ངོགས་སུ་བརྟན་པོར་འཇགས་པར་བྱས།


མཉམ་སྤྱོད།