དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་ཞིང་ཆེན་དམངས་ཆེན་འཐུས་མིར་བཅར་གླེང་བྱས་པ།(དྲུག་པ)

2023-01-18 19:25:31   |   113

རྩོམ་སྒྲིག   སངས་དོན།   ཡོང་ཁུངས། གངས་ལྗོངས་འཕྲིན་གསར། 


དམངས་ཆེན་འཐུས་མིའི་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ནས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ།

—ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐའོ་སྐལ་ཡུང་ལ་བཅར་འདྲི་བྱས་པ།

3.jpg

ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཡིན་ལ། གནད་འགག་ཆེ་བའི་ལྷུ་ཚིག་འདིར་ང་ཚོས་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱས་ཡོད། ང་ཚོས་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡུས་ཚུང་ལི་ཡིས་ཕུལ་བའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་། སྙན་ཞུ་དེ་གཉིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མི་དམངས་ཀྱི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་ཆེད་འཆར་གཞི་བཀོད་པ་དང་བྱེད་ཐབས་བཏོན་ཡོད་པས་མི་སེམས་ལ་སྐུལ་མ་ཐེབས་པ་དང་འབད་འབུངས་ཡར་བརྩོན་ཐུབ་པ་བྱས་ཡོད། གཞི་རིམ་གྱི་དམངས་ཆེན་འཐུས་མི་དང་དམངས་ཆེན་གྱི་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཚོགས་ཆེན་གྱི་དགོངས་དོན་དྲིལ་སྒྲོག་དང་ལག་བསྟར་གང་ལེགས་བྱེད་པ་དང་། དམངས་ཆེན་འཐུས་མིས་ཏང་ཨུ་དང་སྲིད་གཞུང་། མི་དམངས་མང་ཚོགས་བཅས་དབར་གྱི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་བླང་བྱ་གལ་ཆེན་དེ་བྱ་བ་དངོས་ནང་མཚོན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐད་མངོན་པར་བྱས་ནས། ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་དེ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱ་རྒྱུ་ཡིན་པར་བཤད།         


“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་བབ་ལ་གཞི་ཚུགས་ཏེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་ཆེད་ལེགས་སྐྱེས་དབུལ་རྒྱུ།     

—ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྟག་ལྷར་བཅར་འདྲི་བྱས་པ།

4.jpg

རྐང་ཚ་རྫོང་ནི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ལྷོ་འདབས་དང་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བྱང་ངོས་སུ་གནས་པས་སྐྱེ་ཁམས་གནས་བབ་ཧ་ཅང་གལ་ཆེན་ཞིག་རེད།  ཉེ་བའི་ལོ་ཤས་རིང་། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གཏན་འཁེལ་བྱ་རྒྱུར་གཞི་ཚུགས་ཏེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། ང་ཚོས་སྤུས་ཚད་མཐོ་བའི་སྒོ་ནས་རི་ཆུ་ནགས་ཞིང་མཚེའུ་འཁྱགས་རོམ་བྱེ་མ་དང་མདོ་ལ་རིང་མོའི་ལྷོ་འདབས་རྐང་ཚ་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས་འོམ་ཆུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་རྒྱལ་ཁའི་ངང་བསྐྲུན་ཡོད། མུ་རི་གཏེར་ཁུལ་སྤྱང་ཚང་དོང་ཁ་དང་པོ་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ས་བབ་མཐོ་བའི་གཏེར་རིའི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་ལ་མཚོ་བྱང་གི་ཉམས་མྱོང་ལེགས་སྐྱེས་དབུལ་རྒྱུ་ཡིན་པ་དང་། ང་ཚོས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་བཟོ་སྐྲུན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་མཚོ་སྔོན་པོའི་གསེར་ཉ་དང་དགོ་དམར་མཚོན་བྱེད་དུ་གྱུར་བའི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་མང་བོར་སྲུང་སྐྱོབ་ནུས་ལྡན་ཐུབ་པ་དང་། ཁྱུ་ཚོགས་ཀྱི་གྲངས་འབོར་ལོ་རྒྱུས་ཐོག་གི་ཡག་ཤོས་སུ་སླེབས་པའམ་ཡང་ན་སླར་གསོ་ཐུབ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་རྐང་ཚའི་ས་གཞི་ཆེན་མོར་ལག་ལེན་གང་ལེགས་ཐུབ་པར་བྱེད་རྒྱུ་ཡིན།

ང་ཚོས་རྫོང་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་འཛུགས་པ། རྒྱ་ཆེའི་ལས་བྱེད་ལས་བཟོ་བ་དང་མང་ཚོགས་ཧུར་ཐག་སྒོས་ཞུགས་པ་དང་།  རང་འགུལ་ངང་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཁྱབ་སྤེལ་བྱེད་མཁན་དང་ལག་ལེན་བསྟར་མཁན་བྱས་ཏེ།  མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་གཙང་བཅོས།  དེ་བཞིན“གསང་སྤྱོད་གསར་བརྗེ”བཅས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ། རྫོང་ཡོངས་ཀྱི་ཐོན་སྐྱེད་བར་སྟོང་དང་འཚོ་བའི་བར་སྟོང་། སྐྱེ་ཁམས་བར་སྟོང་བཅས་ཀྱི་བཀོད་པ་སྔར་ལས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་ནས་རོང་འབྲོག་མང་ཚོགས་དེ་ལས་མང་བས་སྐྱེ་ཁམས་ཀྱི“གསེར་ཕོར”སྔ་རྗེས་སུ་བཟུང་སྟེ་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས།  དམངས་འཚོ་ལེགས་གཏོང་བཅས་ཀྱི་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ་ཕན་ཚུན་བརྗེ་རེས་བྱས་ནས་རྐང་ཚ་རྫོང་གིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་ཆེད་རང་ཉིད་ཀྱིས་ལེགས་སྐྱེས་དབུལ་རྒྱུ་ཡིན་པར་བཤད།


མཉམ་སྤྱོད།