དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་འཐུས་ཚབ་ཚོགས་པས་མུ་མཐུད་དུ་སྲིད་གཞུང་གི་སྙན་ཞུར་གྲོས་ཞིབ་བྱས།

2023-01-18 19:34:59   |   117

རྩོམ་སྒྲིག  སངས་དོན།  ཡོང་ཁུངས། གངས་ལྗོངས་འཕྲིན་གསར། 


3.jpg

ཟླ1པོའི་ཚེས16ཉིན་གྱི་སྔ་དྲོར། མཚོ་བྱང་འཐུས་ཚབ་ཚོགས་པས་འཆར་གཞི་དང་སྔོན་རྩིས་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་ཏན་བྱས་པར་མ་ཟད་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུར་མུ་མཐུད་དུ་གྲོས་ཞིབ་བྱས།   

4.jpg

འཐུས་མི་ཀི་ཝུན་ཕིན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། སྲིད་ཇུས་རང་བཞིན། ལག་ལེན་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་པས་དེས་ཞིང་ཆེན་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ལངས་ཕྱོགས་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་གང་ལེགས་སྒོས་མཚོན་ཡོད་ལ། བརྟན་ཐོག་ཡར་འཕེལ་དང་དཀའ་བསུ་མདུན་སྐྱོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ཁུར་དེ་སྙིང་སྟོབས་དང་ནུས་པ་དང་ཆུ་ཚད་ལ་བརྩིས་བ་མངོན་པར་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མངགས་བཅོལ་ཟབ་མོ་ཡིད་ལ་བཅངས་ནས། ཚོགས་ཆེན་གྱི་བཀོད་སྒྲིག་གཞིར་བཟུང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་ཁོང་དུ་ཆུད་པར་བྱས་ནས་འགན་ཁུར་བའི་བརྒྱུད་རིམ་ཁྲོད་སེམས་ཤུགས་ཡོད་རྒུ་བཏོན་ནས་བྱ་བ་ཡག་པོར་སྒྲུབ་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་བྱ་བ་མུ་མཐུད་དུ་ཡག་པོར་སྒྲུབ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཐུབ་པར་བྱེད་དགོས་པར་བཤད།

5.jpg

འཐུས་མི་དབྱང་ཧེ་ལུང་གིས་སྲིད་གཞུང་བྱ་བའི་སྙན་ཞུའི་བརྗོད་དོན་ཁ་གསལ་ཞིང་ནང་དོན་གཏིང་ཟབ་པས་ཆབ་སྲིད་ཐད་མཐོ་ཚད་ཡོད་པ་དང་ནང་དོན་ཐད་གཏིང་ཟབ་པ། དམངས་ཀྱི་འཚོ་བའི་ཐད་སྐྱིད་སྣང་ལྡན་པ། འགན་འཁུར་བའི་ཐད་རྣམ་འགྱུར་ལྡན་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་ལ། བྱེ་བྲག་ཏུ་བཤད་ན་ཕྱོགས་བཞིའི་ཐད་ཀྱི་མྱོང་ཚོར་ཡོད་དེ། གཅིག་ནས་དར་ཆ་མཐོན་པོར་སྒྲེང་བ་དང་ཆབ་སྲིད་ཀྱི་རང་བཞིན་ཧ་ཅང་ཆེན་པོ་ལྡན། གཉིས་ནས་སྙན་ཞུའི་བརྗོད་དོན་མངོན་གསལ་དོད་པོ་ཡིན་པ་དང་དུས་རབས་ཀྱི་རང་བཞིན་ཆེན་པོ་ལྡན། གསུམ་ནས་སྙན་ཞུའི་ནང་དོན་མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་ཞིང་དམིགས་སའི་རང་བཞིན་ཧ་ཅང་ཆེན་པོ་ལྡན། བཞི་ནས་སྙན་ཞུའི་བྱ་ཐབས་ནུས་ལྡན་ཡིན་ཞིང་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན། མཚོ་བྱང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་གཤམ་གྱི་ཕྱོགས་འགའ་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་ཚད་མཐོའི་མཐོང་ཆེན་བྱས་ནས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་འཆར་འགོད་བྱ་བར་སྐུལ་འདེད་གཏོང་དགོས།  གཉིས་ནས་བཅོས་སྒྱུར་གཏིང་ཟབ་བྱས་ནས་རོང་འབྲོག་ཁུལ་གོང་འཕེལ་གཏོང་བའི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་སྡེ་བ་རིམ་པའི་གཡུལ་ས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་བསྣན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། བཞི་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་ལམ་སྲོལ་ནང་ཞུགས་རྒྱུ་འཐུས་ཚང་དུ་བཏང་ནས་སྣ་མང་མཉམ་བཅོས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་དགོས། ལྔ་ནས་རོང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་བསྣན་ནས་རོང་འབྲོག་ཁུལ་གྱི་དར་སྲོལ་བཟང་བོ་གཏོད་དགོས་པར་བཤད།  

6.jpg

འཐུས་མི་ཝང་ཀྲུང་དབྱི་ཡིས་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་། འཆར་གཞི་དང་སྔོན་རྩིས་བྱ་བའི་སྙན་ཞུའི་ཡོངས་ལ་མོས་མཐུན་ཡོད། དམངས་ཆེན་གྱི་འཐུས་མི་དང་རྩ་འཛུགས་བྱ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་འགན་ཁུར་གཙོ་བོ་དང་བྱ་བ་གཙོ་བོར་དམིགས་པ་དང་ཁྱོན་ཡོངས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས“འགུལ་སྐྱོད་ཆེན་པོ་བཞི”ལག་བསྟར་བྱ་རྒྱུ་གཞི་རྟེན་དུ་བྱས་ཏེ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་མཚོ་བྱང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ཡག་པོར་རྩོམ་དགོས། གཅིག་ནས“ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་སྣེ་ཁྲིད་པའི”འགུལ་སྐྱོད་ལག་བསྟར་བྱེད་དགོས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་བསམ་བློའི་སྒུལ་ཤུགས་ཆེན་པོ་སྣོན་དགོས།   གཉིས་ནས“ལས་བྱེད་པའི་དཔུང་ཁག་ལ་ནུས་པ་སྤྲོད་པའི”འགུལ་སྐྱོད་ལག་བསྟར་བྱེད་དགོས་ཏེ། སྲིད་དོན་བྱས་རྗེས་ལ་དཔྱད་ཞིབ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལས་བྱེད་པས་བྱ་བར་འགན་འཁུར་བ་དང་བྱས་རྗེས་འཇོག་མཁས་པོ་བྱེད་པར་ཁྲིད་སྟོན་བྱས་ཏེ་མཚོ་བྱང་གི་བྱ་གཞག་སོ་སོ་འཕེལ་རྒྱས་གཏོང་བའི་གནམ་ས་གསར་བ་གཏོད་དགོས། གསུམ་ནས“གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཀ་ལེགས་སུ་གཏོང་བའི”འགུལ་སྐྱོད་ལག་བསྟར་བྱེད་དགོས་ཏེ། “རྣམ་པ་ལྔའི”ཏང་རྩ་འཛུགས་གཏོད་པའི་བྱ་བ་རྒྱུན་མཐུད་ངང་སྤེལ་བ་དང་རྩ་འཛུགས་བྱ་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འབྲེལ་མཐུད་བྱེད་གནས་དང་ཤུགས་རྒྱག་ས་གནད་འཁེལ་བཙལ་ཏེ་གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་དང་ཁྱོན་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་དགོས། བཞི་ནས“ནུབ་མཚོ་ཤེས་ལྡན་མི་སྣ་འདུ་འཛོམས”ཀྱི་འགུལ་སྐྱོད་ལག་བསྟར་བྱེད་དགོས་ཏེ། “ནུབ་མཚོ་ཤེས་ལྡན་མི་སྣའི”འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་སོགས་ལས་གཞི་དང་གཞི་རྟེན་ལ་བརྟེན་ནས་ཤེས་ལྡན་མི་སྣ་སྣ་ཚོགས་ནང་འདྲེན་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཞུགས་སུ་འཇུག་དགོས་པར་བཤད།    

7.jpg

འཐུས་མི་མ་ཁྲེང་ཧྥང་གིས་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་མཚོ་སྔོན་གྱི་དོན་དངོས་དང་བསྟུན་པས་ང་ཚོས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བླང་བྱ་དང་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས། ཞིང་ཆེན་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་བཀོད་སྒྲིག་ལྟར་ལས་དོན་ཁག་བཞི་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་དགོས་ཏེ། ལྟ་སྐུལ་གསལ་ཐོ་འགོད་པ་དང་ཆབ་སྲིད་ལྟ་སྐུལ་གནད་འཁེལ་ཅན་དང་ཞིབ་ཕྲ་ཅན།  རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་མཚོ་བྱང་དུ་ལག་བསྟར་ཡང་དག་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས་ལ།  གཉིས་ནས“རུལ་སུངས་མི་བྱེད་པ་གསུམ”གྱི་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། གྱོད་དོན་ཡོ་བསྲང་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ་དང་། རུལ་སུངས་ཀྱི་གྱོད་དོན་ཞིབ་གཅོད་བྱེད་པའི་ཟིལ་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “རུལ་སུངས་བྱེད་མི་ཕོད་པའི”མཁར་རྫོང་མཐུག་པོ་ཞིག་འཛུགས་པར་འབད་བརྩོན་བྱེད་དགོས། གསུམ་ནས་སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་དམིགས་དག་ཐེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཏེ།  “དབྱེ་འབྱེད་གསུམ”གྱི་བླང་བྱ་ལྟར། བྱ་བ་སྒྲུབ་ཕོད་པ་དང་བྱ་བ་སྒྲུབ་ཐུབ་པའི་ལས་བྱེད་པའི་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་མེད་པར་བཟོ་དགོས། བཞི་ནས་མང་ཚོགས་ཀྱི་ཉེ་འགྲམ་དུ་རུལ་སུངས་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་རྒྱུར་ཤུགས་བསྣན་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་དགོས་པར་བཤད།   

8.jpg

འཐུས་མི་ཀྲང་ཧྲི་དབྱིན་གྱིས་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་དོན་ཞིབ་ཕྲ་དང་བྱ་ཐབས་ནུས་ལྡན། མི་སེམས་ལ་སྐུལ་མ་གཏོང་བས་དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་སྙན་ཞུ་ཡག་པོ་ཞིག་རེད། གཞི་རིམ་གྱི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས་ངས་སྔོན་ལ་སློབ་སྦྱོང་དང་སྔོན་ལ་བྱ་བ་སྒྲུབ་ནས་རང་འགུལ་ངང་ཚད་གཞི་ལྟར་སྙན་ཞུའི་ནང་བཏོན་པའི་འབད་འཐབ་དམིགས་འབེན་ལ་དམིགས་ཏེ་གཞན་སྒྱུར་གྱི་བྱ་བ་ཧུར་ཐག་སྒོས་སྒྲུབ་ནས་སྙན་ཞུའི་འཆར་འགོད་དེ་མདའ་བཞི་རྫོང་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་བྱ་རྒྱུ་དང་ཞིབ་ཕྲའི་བྱ་བའི་ཁྲོད་ཏན་ཏན་ཏིག་ཏིག་ངང་འཕེལ་རྒྱས་ཀྱི་ལམ་བུ་བཞིའི་ཐོག་སྐྱོད་རྒྱུ་སྟེ།  གཅིག་ནས་ལྗང་མདོག་སྐྱེ་ཁམས་ལམ་བུར་བསྐྱོད་དགོས་ཏེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྐྲུན་པ་དང་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་འགུལ་སྐྱོད་དང་། “འགྱིག་རྫས་བཀག་སྡོམ”གྱི་འགུལ་སྐྱོད། “གད་སྙིགས་མེད་པའི་གྲོང་ཁྱེར”གྱི་ཚོད་ལྟའི་བྱ་བ་གཏིང་ཟབ་སྒོས་སྤེལ་ཏེ། མི་སྡོད་ཁོར་ཡུག་བཅོས་སྐྱོང་གི“མི་དམངས་དམག་འཐབ”རྒྱག་དགོས།    གཉིས་ནས་དམངས་འཚོ་བདེ་སྐྱིད་ཀྱི་ལམ་བུར་ཡག་པོར་བསྐྱོད་དགོས་ཏེ།  སྤྱི་བའི་ཞབས་ཞུ་ཚད་ལྡན་ཅན་གྱི་དཔེ་སྟོན་རྫོང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྤྱི་བའི་ཞབས་ཞུ་དེ་དམངས་ཡོངས་ལ་ཁྱབ་པ་དང་མ་མཐའི་མཚམས་ཐིག་སྲུང་བ། ཆ་སྙོམས་ལོངས་སྤྱོད་ཐུབ་པ་བཅས་བྱེད་དགོས། གསུམ་ནས་གསར་བརྗེ་རྒྱུན་འཛིན་བྱེད་པའི་ལམ་བུར་ཡག་པོར་བསྐྱོད་དགོས་ཏེ།  རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་ཁུལ་དང་།  གསེར་དངུལ་ཐང-རྡུལ་ཕྲན་མཁར5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྐྲུན་བྱེད་པའི་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་ཡག་པོ་གཏོང་བ་དང་། ཁྲིམས་ལྟར221བཟོ་གྲྭའི་གནས་རྙིང་སྲུང་སྐྱོབ་ཡག་པོ་བྱས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་དགོས། བཞི་ནས་ཐོན་ལས་རིགས་སྒྱུར་གྱི་ལམ་བུར་ཡག་པོར་བསྐྱོད་དགོས་ཏེ།  ད་ཡོད་ཀྱི་ཐོན་ལས་གླིང་ཁུལ་རིགས་བསྒྱུར་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་གཙང་མའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་སྤེལ་བརྟན་པོ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ནུས་རྒྱུ་གསར་བའི་ཐོབ་སྐལ་མཐོ་རུ་ཏན་ཏིག་གཏོང་དགོས་པར་བཤད།      

9.jpg

འཐུས་མི་ཧི་ཧྲེང་ཅེ་ཡིས་འཆར་གཞི་དང་སྔོན་རྩིས་བྱ་བའི་སྙན་ཞུའི་ཁ་ཕྱོགས་གསལ་ཞིང་དམིགས་འབེན་ལ་ཕོག་པ་དང་བྱ་ཐབས་དོན་དངོས་ཡིན་ལ། མཛུབ་ཁྲིད་རང་བཞིན་དང་དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས་ང་ཡོངས་སུ་མོས་མཐུན་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་འཆར་གཞིའི་བྱ་བའི་སྙན་ཞུ།    སྔོན་རྩིས་བྱ་བའི་སྙན་ཞུ་བཅས་མཉམ་དུ་ལག་བསྟར་དང་ཁྱོན་ཡོངས་ནས་དོན་འཁྱོལ་ཏན་ཏིག་བྱ་རྒྱུ་ཡིན། གཅིག་ནས་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་ཧྲིལ་པོའི་ཡོང་སྒོ་སྒྲིག་འཛུགས་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་རྒྱུ།   གཉིས་ནས་ཐབས་མང་མཉམ་སྤྱོད་ཀྱིས་སྔོན་རྩིས་ཀྱི་གཏོང་སྒོ་ལག་བསྟར་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུ།  གསུམ་ནས་སྔོན་རྩིས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་རྩིས་ཀྱི་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཞི་ནས་ནོར་དོན་རྩིས་གཉེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་དཔལ་འབྱོར་སྒྲིག་ཁྲིམས་ཀྱི་གཟབ་ནན་རང་བཞིན་སྲུང་སྐྱོང་བྱེད་རྒྱུ། ལྔ་ནས་བུ་ལོན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁ་ཆེ་རིགས་སྔོན་འགོག་དང་སེལ་ཐབས་བྱེད་རྒྱུ།    


མཉམ་སྤྱོད།