དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལ་བཅར་གླེང་བྱས་པ།(གསུམ་པ)

2023-01-18 19:48:55   |   109

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། གངས་ལྗོངས་འཕྲིན་གསར།


ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བྱས་ནས་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་རྒྱུ།    

 —ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁོ་ཚེ་བློ་བཟང་བཟོད་པ་རྒྱ་མཚོར་བཅར་འདྲི་བྱས་པ། 

20.jpg

ང་ནི་མཚོ་བྱང་ཁུལ་རྐང་ཚ་རྫོང་ནས་ཡོང་བའི་ཨུ་ཡོན་ཞིག་ཡིན་ལ།  སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐོག་དང་པོའི་སྟེང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་ཀྲུའུ་ཞི་གཞོན་པ་ཏུའུ་ཏེ་ཧྥིན་གཉིས་ཀྱིས་སོ་སོར་སྲིད་གྲོས་བྱ་བའི་སྙན་ཞུ་དང་གྲོས་གཞིའི་བྱ་བའི་སྙན་ཞུ་ཕུལ་ལ། སྙན་ཞུའི་ནང་འདས་ཟིན་པའི་ལོ་ལྔའི་རིང་གི་སྲིད་གྲོས་བྱ་བར་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་འབྲེལ་མ་འོངས་པའི་བྱ་བར་འཆར་འགོད་ཞིབ་ཕྲ་བྱས་ཡོད་པས་སྙན་ཞུའི་ནང་དོན་ཞིབ་ཕྲ་ཡིན་ཞིང་། མིག་རྒྱང་རིང་བ་དང་མི་སེམས་ལ་སྐུལ་མ་ཐེབས་ཐུབ།  མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་སྟེང་། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་ལ། སྙན་ཞུའི་ནང་འདས་པའི་ལོ་ལྔའི་རིང་གི་བྱ་བར་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཤིང་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་དང་། སྙན་ཞུའི་ནང་གཞི་རིམ་ལ་ཁ་གཏད་པའི་དམངས་ཕན་སྲིད་ཇུས་མང་བོ་ཞིག་འདུག  སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་ངས་ཕྱིར་ཕ་ཡུལ་དུ་ལོག་རྗེས་སྲིད་ཇུས་དང་བྱེད་ཐབས་དེ་དག་མི་སེར་ལ་སྒྲོག་འགྲེལ་བྱེད་པའི་དུས་མཚུངས་སུ་སྙན་ཞུའི་ནང་བཏོན་པའི་མི་རིགས་མཐུན་སྒྲིལ་དང་འཕྲོད་བསྟེན་བདེ་ཐང་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་ཡག་པོ་དང་དོན་འཁྱོལ་གང་ལེགས་བྱས་ནས་ཕ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་དབུལ་རྒྱུ་ཡིན་པར་བཤད།


མཉམ་སྤྱོད།