དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་ཁྱུང་གིས་མདའ་བཞི་རྫོང་དུ་རྟོག་ཞིབ་བྱས།

2023-01-18 19:55:17   |   163

སྒྲིག་སྒྱུར།  སངས་དོན། 


ཟླ1པོའི་ཚེས17ཉིན་གྱི་སྔ་དྲོ། ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོ་དང་དཔལ་སྦྱིན་ཡུལ་ཚོར་རུ་སོང་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དང་ཞིང་སྡེ་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ། གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་གྲོང་སྡེ་འཛུགས་སྐྲུན་སོགས་ལས་དོན་ལ་རྟོག་ཞིབ་བྱས།     3.jpg

རྟོག་ཞིབ་ཁྲོད། ཨ་ཁྱུང་གིས་ཐོག་མར་རྫོང་དང་ཡུལ་ཚོ། གྲོང་གསེབ་ལས་བྱེད་པར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་བཏོན་པའི“གཅིག་ཅན་དྲུག”གི་བྱ་བའི་བྱེད་ཐབས་བརྒྱུད་སྒྲོག་བྱས། ཨ་ཁྱུང་གིས་བསྟན་དོན། “གཅིག་ཅན་དྲུག” གི་བྱ་བའི་བྱེད་ཐབས་སུ་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བའི་བྱ་བའི་ཐབས་རྩལ་འདུས་ཡོད་པས། དེར་སློབ་སྦྱོང་བཟང་བོ་དང་ལག་བསྟར་བཟང་བོ་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་བཙན་རྫོང་གི་ནུས་པ་འདོན་སྤེལ་དང་དེ་ཇེ་དྲག་ཏུ་གཏོང་བ། ཏང་གི་འཛུགས་སྐྲུན་གྱིས་གཞི་རིམ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྣ་སོ་སོའི་ལས་དོན་གོང་སྤེལ་རིམ་སྤོར་ལ་སྣེ་ཁྲིད་བྱེད་པ་དང་དུས་རབས་གསར་བའི་ཞིང་སྡེ་འབྲོག་ཁུལ་གྱི་རྣམ་པ་གསར་བ་གསར་འཛུགས་བྱས་ཏེ། མཚོ་བྱང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་ལེགས་སྐྱེས་འབུལ་དགོས་ཟེར། 

4.jpg

གྲོང་གསེབ་གནས་སྐོར་འཛུགས་སྐྲུན་ལས་གྲྭའི་ཡུལ་དངོས་ལ་རྟོག་ཞིབ་བྱེད་སྐབས། ཨ་ཁྱུང་གིས་བསྟན་དོན། གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་ལས་དོན་ལ་འགན་ལེན་སྐུལ་འདེད་བྱེད་པའི་བྱ་བའི་སྒྲིག་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། གནས་བབ་ཀྱི་དགེ་མཚན་དང་ཐོན་ཁུངས་ཀྱི་འཇོན་ནུས། ཐོན་ལས་རྨང་གཞི་བརྟན་ཆགས་ཡིན་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གནས་བབ་གྱི་སྔོན་འགྲོ་འོག  ཕྱོགས་སོ་སོའི་ཐོན་ཁུངས་ཀྱི་ནུས་པ་སྐུལ་སློང་གིས་གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་སྡེ་བ་འཛུགས་སྐྲུན་གྱི“ལྔ་ཅན་གསུམ”གྱི་བྱེད་སྒོར་སྐུལ་འདེད་དང་། “མཛེས་བ་གསུམ”དང་“འཚམ་པ་བཞི” “དར་སྤེལ་ལྔའི”གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་སྡེ་བ་གསར་འཛུགས་བྱེད་དགོས། དེ་དང་མཉམ་དུ། དགེ་མཚན་ལྡན་པའི་ཐོན་ཁུངས་ཀྱི་ནུས་པ་ཕྱོགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དང་འཚོ་བ། ཐོན་སྐྱེད། རྨང་གཞི་སྒྲིག་ཆས་བཅས་ཀྱི་ཞན་ཆ་སྐོང་ནས། ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་། ཁྱད་པར་དུ་རང་རེའི་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱི་གཏོང་བྱེད་ས་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དཔེ་སྟོན་ས་ཁུལ་གསར་འཛུགས་བཅས་བྱ་བའི་ཁྲོད་ཀྱི་གོ་སྐབས་དམ་འཛིན་སྒོས། གྲོང་གསེབ་དར་སྤེལ་གྱི་སྡེ་བ1ནས2གཙོ་གནད་དུ་བཟུང་ནས་གསར་འཛུགས་བྱེད་པ་དང་། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་སྤེལ་གྱི་མ་དཔེ་དང་ཉམས་མྱོང་འཚོལ་ཞིབ་བྱས་ཏེ། ཁུལ་ཡོངས་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ལས་དོན་ལ་ཟུར་བལྟ་བྱས་ཆོག་པའི་མ་དཔེ་འདོན་སྤྲོད་བྱེད་དགོས།

5.jpg

གསེར་ཐང་ཡུལ་ཚོའི་སྟོང་མདའ་སྡེ་བར་རྟོག་ཞིབ་བྱེད་སྐབས། ཨ་ཁྱུང་གིས་ཞིང་སྡེའི་ལས་བྱེད་པར་ཞིང་སྡེ་འབྲོག་ཁུལ་དང་ཁྱད་པར་དུ་ཞིང་སྡེའི་སྨན་བཅོས་དང་སྨན་རྫས་སོགས་ཐོན་ཁུངས་འདོན་སྤྲོད་ཀྱི་གནས་ཚུལ་དང་། ཕྱི་ཕྱོགས་སུ་རྩོལ་ལས་བྱེད་པའི་མི་དང་སློབ་ཆེན་སློབ་མའི་གནས་ཚུལ། རྒན་པ་སོགས་གཙོ་གནད་མི་ཚོགས་ཀྱི་དུས་བཅད་འབྲེལ་འདྲིས་ཞབས་ཞུ་གནས་ཚུལ་སོགས་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཞིང་སྡེའི་ལས་བྱེད་པས་དྲ་མིག་ཅན་གྱི་དོ་དམ་ཞབས་ཞུ་ལ་བརྟེན་ནས་རིམས་ནད་འགོག་སྡོམ་ལ་ཤུགས་སྣོན་དང་། རོང་འབྲོག་མང་ཚོགས་ལ་སྐུལ་སློང་གིས་རང་ཉིད་ཀྱི་བདེ་ཐང་ལ་བདག་སྐྱོང་བྱེད་པ། དམངས་ཡོངས་ཀྱི་རིམས་འགོག་གི་སྲུང་རགས་བརྟན་པོར་བཟོས་ནས་ཅི་ནུས་ཀྱིས་མི་དམངས་ཀྱི་ཚེ་སྲོག་དང་གཟུགས་ཕུང་བདེ་ཐང་སྲུང་སྐྱོང་བྱེད་དགོས་པའི་རེ་བ་བཏོན།

6.jpg

མདའ་བཞི་རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག  འབྲེལ་ཡོད་ཡུལ་ཚོ་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགན་ཁུར་བློ་མཐུན་རྟོག་ཞིབ་བྱ་བར་ཞུགས།


མཉམ་སྤྱོད།