དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་མདོ་ལ་རྫོང་དུ་ལོ་སར་སྔུན་གྱི་འཚམ་འདྲི་དང་འབྲེལ་འདྲིས་ཞབས་ཕྱིའི་བྱེད་སྒོ་སྤེལ།

2023-01-19 10:44:32   |   158

སྒྲིག་སྒྱུར།  སངས་དོན།


     ཟླ1པོའི་ཚེས16ནས17ཉིན་བར། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་མདོ་ལ་རྫོང་དུ་སོང་ནས་ལོ་སར་སྔུན་གྱི་འཚམ་འདྲི་དང་གཞི་རིམ་མང་ཚོགས་ལ་འབྲེལ་འདྲིས་ཞབས་ཕྱའི་བྱེད་སྒོ་སྤེལ། དགོན་པ་དང་རོགས་སྐྱོར་བྱ་ཡུལ། ངལ་རྩོལ་དཔེ་ལེགས་ཅན། དཀའ་ངལ་ཡོད་པའི་ལས་བཟོ་བ། དབུལ་ཕོངས་སློབ་མ་བཅས་ལ་འཚམ་འདྲི་བྱས་ཤིང་། ཁོ་ཚོར་ལོ་སར་གྱི་རྟེན་འབྲེལ་ཞུས།   3.jpg

 ཏང་གི་འཐུས་མི་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱི་བཞུགས་མོལ་གྲོས་ཚོགས་ཁྲོད། དབྱིན་མོ་ཝུན་གྱིས་ཁོ་ཚོར་ཁ་བརྡ་གླེང་མོལ་བྱས་ཤིང་། བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་རང་སྟེར་གི་དགེ་མཚན་དང་ཉམས་མྱོང་འདོན་སྤེལ་གང་ལེགས་ཀྱིས་ཐབས་འདོན་ཐུས་འདོན་བྱས་ཏེ། ཁུལ་ཡོངས་ཀྱི་དམངས་འཚོའི་དོན་དངོས་ལེགས་པོར་བསྒྲུབ་པར་བསམ་འཆར་ལེགས་པོ་འདོན་པའི་སྐུལ་ལྕག་བྱས། 

5.jpg

དཀའ་ངལ་ཡོད་པའི་མང་ཚོགས་ཆོན་ལིག་ཅར་ལ་འཚམ་འདྲི་བྱེད་སྐབས། དབྱིན་མོ་ཝུན་གྱིས་མོའི་ལུས་ཕུང་བདེ་ཐང་དང་ཁྱིམ་ཚང་གི་འཚོ་བ། ལས་ཞུགས་ཡོང་སྒོ་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཁོ་ཚོར་ལུས་ཕུང་གི་བདེ་ཐང་ལ་དོ་སྣང་དང་འཚོ་བ་སྤྲོ་སྣང་གིས་རོལ་བ། དཀའ་ངལ་ལ་འཕྲད་ཚེ་དུས་ལྟར་རྩ་འཛུགས་ལ་ཞུ་བ་དང་། ཚང་མས་མཉམ་གཅིག་ཏུ་འབད་བརྩོན་འོག  འཚོ་བ་ཉིན་བཞིན་ཇེ་ལེགས་སུ་འགྲོ་ངེས་ཡིན་ཞེས་ཁ་བརྡ་བྱས། 

4.jpg

རྫ་དམར་ཡུལ་ཚོའི་སྒོམ་མེ་དགོན་པ་རུ། དབྱིན་མོ་ཝུན་གྱིས་དགོན་པའི་གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བ། བདེ་ཐང་། དགོན་པའི་འཕེལ་རྒྱས་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཤིང་། ཁོ་ཚོའི་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་གཅིས་ཆོས་གཅེས་བྱས་ཏེ། ཡང་དག་པའི་ཡིན་མིན་ལྟ་བ་དང་མི་ཚེ་ལྟ་བ། རིན་ཐང་ལྟ་བ། ཆོས་ལུགས་ལྟ་བ་ཆགས་སུ་འཇུག་པ། རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་གཟབ་ནན་གྱིས་བརྩི་སྲུང་བྱེད་པ། ཁྲིམས་ལུགས་ཀྱི་མངའ་ཁོངས་ནས་ཆོས་ལུགས་བྱེད་སྒོ་སྤེལ་བ།  ཧུར་ཐག་གིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྲུང་སྐྱོང་བྱེད་དགོས་པའི་རེ་བ་བཏོན།

         མདོ་ལ་རྫོང་སྲིད་གཞུང་གི་འབྲེལ་ཡོན་འགན་ཁུར་བློ་མཐུན་གྱིས་རྟོག་ཞིབ་བྱེད་རོགས་བྱས།


མཉམ་སྤྱོད།