དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།

2025-05-09 09:33:18   |   327

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  བཤེར་འབེབས། རིན་ཆེན་ཚེ་རིང་།


80faf694e9e78e4d582e9a68db5aeb8.jpg

ས་གནས་དེ་གའི་དུས་ཚོད་ཟླ5ཚེས8ཉིན་གྱི་སྔ་དྲོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་གྲོས་མོལ་གནང་། 

ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་ཨུ་རུ་སུར་སླར་ཡང་འཚམས་འདྲི་གནང་བ་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པར་ཧ་ཅང་དགའ་པོ་བྱུང་ཡོད་ཅེས་ཟེར།

ཞི་ཅིན་ཕིང་གིས་ལོ་རྒྱུས་དང་དོན་དངོས་ཐོག་ནས་ཀྲུང་ཨུའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་དང་གཏིང་ཟབ་ཏུ་གཏོང་བ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་འཛིན་བྱེད་པའི་དགོས་ངེས་ཀྱི་དོན་སྙིང་ཞིག་དང་། ཕྱོགས་གཉིས་པོས་ཕན་ཚུན་ལ་རྒྱབ་སྐྱོར་དང་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་ལ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རེ་འབོད་ཅིག་ཀྱང་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་ཡིན། ལོ་ངོ80ཡི་ཡར་སྔོན་དུ་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་བློས་གཏོང་ཆེན་པོ་བྱས་པས་རླབས་ཆེན་གྱི་རྒྱལ་ཁ་བླངས་ནས་འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་སྲུང་སྐྱོང་བྱེད་ཆེད་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན།

4a3624297f4ccbbf97dc6dcbc5990f5.jpg

མིག་སྔར་རྒྱལ་སྤྱིའི་ཐོག་གི་ཕྱོགས་རྐྱང་རིང་ལུགས་ཀྱི་ལྡོག་རྒྱུན་དང་བཙན་དབང་བྱ་སྤྱོད་ལ་དམིགས་ནས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཛིན་ལས་འཛིན་རྒྱལ་ཁབ་ཡིན་པའི་དམིགས་བསལ་འགན་འཁྲི་ཕྲག་ཏུ་འཁུར་ནས། འགན་འཁྲི་འཁུར་སེམས་ཆེན་པོའི་སྒོ་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཡང་དག་ཐུན་མོང་ཐོག་དར་སྤེལ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཐང་དང་གོ་གནས་སྲུང་སྐྱོང་བྱེད་པ།    ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་དང་དེ་བཞིན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ།    འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་།    སྤྱི་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།    

(ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོའི་ཟླ5ཚེས8ཉིན་གྱི་གློག་འཕྲིན།)


མཉམ་སྤྱོད།