དེ་རིང་ནི2025ལོའི་ཟླ05པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་བ།

2025-05-14 10:34:47   |   48

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


8681f3e185a46ac73f43b10f8b50115.jpg

ཟླ5ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་།

ཟླ5པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ཀྲུང་གོ་དང་པར་ཙིར་གྱི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་སྐབས་སུ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལག་གདང་སྦྲེལ་ནས་སྔར་ལས་དྲང་གཞག་གི་འཛམ་གླིང་དང་སྔར་ལས་རྒྱུན་མཐུད་ཀྱི་པར་ཙིར་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཐབས་ཇུས་དེས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་མ་འོངས་པའི་ལོ་ལྔ་བཅུའི་ནང་ཇེ་རྒྱས་ཇེ་ལེགས་སུ་འགྲོ་རྒྱུར་བརྗིད་ཉམས་ལྡན་པའི་དཔེ་རིས་བཀོད་ཡོད། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་ཀྱིས་མིའི་རིགས་ཡར་ཐོན་གྱི་ཆེད་དུ་འགན་འཁུར་བ་དང་འཛམ་གླིང་འཕེལ་རྒྱས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། ལག་གདང་སྦྲེལ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱུར་སྐུལ་ཁྲིད་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པ་ནས། ཀྲུང་གོ་དང་པར་ཙིར་ཕྱོགས་གཉིས་ཀྱིས་གཅིག་ནི་འཐབ་ཇུས་ཀྱི་ཡིད་ཆེས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། ཕ་རོལ་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རིམ་པ་སོ་སོ་དང་ཕྱོགས་ཡོངས་ཀྱི་འགྲོ་འོང་ལ་ཤུགས་བསྣན་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱེད་དགོས། གཉིས་ནི་མཉམ་ལས་རྒྱ་ཆེར་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་དང་པར་ཙིར་གྱི་འཕེལ་རྒྱས་འཐབ་ཇུས་ནུས་ལྡན་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སོ་སོའི་རྐྱེན་སྲོལ་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས། ནུས་ཁུངས་སོགས་སྲོལ་རྒྱུན་གྱི་མངའ་ཁོངས་མཉམ་ལས་ལ་ཤུགས་སྣོན་པ་དང་། ནུས་ཁུངས་ཚུལ་སྒྱུར་དང་མཁའ་འགྲུལ་མཁའ་སྐྱོད། གཞི་གྲངས་དཔལ་འབྱོར། མི་ཐབས་རིག་ནུས་སོགས་མཉམ་ལས་ཀྱི་མངའ་ཁོངས་གསར་པ་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྔར་ལས་མང་པོའི་བཀྲག་མདངས་སྣོན་དགོས། གསུམ་ནི་མི་ཆོས་བརྗེ་རེས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་གསོན་ཤུགས་ཆེ་རུ་གཏོང་དགོས་པ་དང་། སང་ལོར“ཀྲུང་གོ་དང་པར་ཙིར་གྱི་རིག་གནས་ལོ”གཉེར་བ་གོ་སྐབས་སུ་བརྩིས་ནས། རིག་གནས་དང་སློབ་གསོ། གནས་སྐོར། སྨྱན་བྱད། ས་གནས་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་མི་སྣའི་འགྲོ་འོང་ལ་སྔར་ལས་མང་པོའི་སྟབས་བདེ་བཟོ་དགོས། བཞི་ནི་ཕྱོགས་མང་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་སྤུས་ཀ་ཇེ་ལེགས་སུ་གཏོང་དགོས། སའི་གོ་ལའི་ཕྱེད་ཤར་མ་དང་ནུབ་ཕྱོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གླེང་སྟེགས་སོགས་ཕྱོགས་མང་གི་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། མཉམ་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་ལམ་ལ་སྲུང་སྐྱོབ་བཅས་བྱས་ཏེ། ལངས་ཕྱོགས་གསལ་པོས་ཕྱོགས་རྐྱང་རིང་ལུགས་དང་སྲུབ་སྐྱོང་རིང་ལུགས། བཙན་ཤེད་བྱ་སྤྱོད་བཅས་ལ་ངོ་རྒོལ་བྱེད་དགོས།

51d8d3976794c88a29ecda498b95d44.jpg

ཟླ5ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་།

ལུའུ་ལཱ་ཡིས་བསྟན་དོན། པར་ཙིར་དང་ཀྲུང་གོ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་བཞིན་པ་དང་ལས་དབང་གཅིག་ཏུ་འབྲེལ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲ་ཞིང་བརྟན་ལ་ཕྱི་ཕྱོགས་ཀྱི་རྒྱུ་རྐྱེན་གང་རུང་གིས་འགལ་རྐྱེན་དང་གཏོར་བརླག་བཟོ་མི་ཐུབ། རྒྱལ་ཁབ་ཆེན་པོ་གཞན་དག་དང་མི་འདྲ་བར་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་པར་ཙིར་དང་བཅས་པའི་ལཱ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མངོན་འགྱུར་བྱེད་པར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། པར་ཙིར་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། སྔར་ལས་དྲང་གཞག་དང་ཞི་བདེ། དར་རྒྱས་བཅས་ཀྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱས་ནས་རྒྱལ་ཁབ་སོ་སོར་མིག་དཔེ་སྟོན་འདོད་ཡོད། པར་ཙིར་ཕྱོགས་ཀྱིས་རང་ངོས་འཕེལ་རྒྱས་འཐབ་ཇུས་དེ“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་དང་སྦྲེལ་མཐུད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་། རྨང་གཞིའི་སྒྲིག་བཀོད། མཁའ་སྐྱོད། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ན་གཞོན་དང་རིག་གནས་བརྗེ་རེས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འགྲོ་འོང་དང་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོའི་དབུལ་ཐར་གྲུབ་འབྲས་ལ་མི་རྣམས་ཀྱིས་ཡིད་སྨོན་བྱེད་བཞིན་པ་དང་པར་ཙིར་གྱིས་ཀྲུང་གོའི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་བཟུང་ནས། མི་སྔར་ལས་མང་པོ་དབུལ་ཕོངས་དང་བཀྲེས་ལྟོགས་ལས་ཐར་དུ་འཇུག་འདོད་ཡོད། མིག་སྔའི་གནས་བབ་འོག བློ་བརྟན་འགྱུར་མེད་སྒོས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་དང་། སྲུང་སྐྱོབ་རིང་ལུགས་སྤེལ་བ་དང་སྒོ་ཁྲལ་གང་བྱུང་དུ་བསྡུ་ལེན་བྱས་ན་འཕེལ་རྒྱས་སུ་གཏོང་མི་ཐུབ་པར་ཟང་ཟིང་ཁོ་ན་བཟོ་སྲིད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་འགྲན་སློང་ལ་ཁ་གཏད་འཇལ་བའི་རྣམ་འགྱུར་བརྟན་པོར་བརྟེན་ནས་རྒྱལ་ཁབ་སོ་སོར་སྟོབས་ཤུགས་དང་ཡིད་ཆེས་སྦྱིན་བཞིན་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོའི་བར་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་བ་དང་། ཞི་བདེ་ལ་དགའ་བའི་ཡར་ཐོན་སྟོབས་ཤུགས་ཡིན་པའི་ངོས་ནས་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་ཀྱིས་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། “ཞི་བདེའི་གྲོགས་པོ”ཚན་ཆུང་གི་ནུས་པ་འདོན་སྤེལ་བྱས་ཏེ། ཨུ་རུ་སུ་དང་ཡུག་རེན་གྱིས་ཐད་ཀར་གྲོས་མོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་ཉམས་ཉེན་ཐག་གཅོད་བྱེད་པར་མུ་མཐུད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་མོས་མཐུན་བྱུང་།

གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་། ཚན་རྩལ། ཞིང་ལས། གཞི་གྲངས་དཔལ་འབྱོར། དངུལ་རྩ། བརྟག་བཤེར་དང་རིམས་ནད་ཞིབ་བཤེར། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ20བཀོད་པར་བདེན་དཔང་གནང་།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་སྔར་ལས་དྲང་གཞག་གི་འཛམ་གླིང་དང་སྔར་ལས་རྒྱུན་མཐུད་ཀྱི་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ནས། མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པའི་མཉམ་འབྲེལ་གསལ་བསྒྲགས》དང《ཀྲུང་གོ་དང་པར་ཙིར་གྱི་ཡུག་རེན་གྱི་ཉམས་ཉེན་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

8248b8d8bdb160ad1812bc5d17ed1f9.jpg

ཟླ5ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གྱིས་ལུའུ་ལཱ་དང་ལྕམ་མོ་ལའོ་སང་རུ་ལཱ་དང་མཉམ་དུ་བསྐྱོན་པའི་པར་རེད།

མཇལ་འཕྲད་ཀྱི་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ལུའུ་ལཱ་དང་ལྕམ་མོ་ལའོ་སང་རུ་ལཱར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

4daa1698d5d848ebb59d792041cbeb8.jpg

ཟླ5ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་། འདི་ནི་མཇལ་འཕྲད་ཀྱི་སྔོན་དུ། ཞིང་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ལུའུ་ལཱ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བའི་ཚུལ་རེད།

fa993e200fefe73047b0b1f740335ab.jpg

ཟླ5ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་། འདི་ནི་མཇལ་འཕྲད་ཀྱི་སྔོན་དུ། ཞིང་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ལུའུ་ལཱ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བཞིན་པའི་ཚུལ་རེད།

650f67146336d1f0ed3d01856e8af48.jpg

ཟླ5ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་། འདི་ནི་མཇལ་འཕྲད་ཀྱི་སྔོན་དུ། ཞིང་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ལུའུ་ལཱ་ལ་དགའ་བསུའི་མཛད་སྒོ་བསྡུ་བཞིན་པའི་ཚུལ་རེད།

ལུའུ་ལཱ་སླེབས་མ་ཐག གུས་ཞབས་དམག་དཔུང་གིས་གུས་འདུད་ཞུས། ཞི་ཅིན་ཕིང་དང་ལུའུ་ལཱ་གཉིས་མཉམ་དུ་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་དང་། དམག་མིའི་རམ་དཀྲོལ་རུ་ཁག་གིས་ཀྲུང་གོ་དང་པར་ཙིར་གྱི་རྒྱལ་གླུ་དཀྲོལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་ཐེངས21གྲགས་ཤིང་། ལུའུ་ལཱ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པར་མ་ཟད། དམག་རིགས་རྣམ་འབྱེད་རུ་སྟར་ལ་ཞིབ་གཟིགས་མཛད།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གྱིས་ལུའུ་ལཱ་བཟའ་ཟླ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།


མཉམ་སྤྱོད།