དེ་རིང་ནི2025ལོའི་ཟླ06པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་གསར་བསྐོས་ལས་བྱེད་པ་དང་ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པར་ཐུན་མོང་གི་སྲིད་གཙང་གླེང་མོལ་བྱ་བའི་ཚོགས་འདུ་འཚོགས།

2025-05-15 09:38:56   |   684

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ5པའི་ཚེས14ཉིན། མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གསར་བསྐོས་ལས་བྱེད་པ་དང་ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པར་ཐུན་མོང་གི་སྲིད་གཙང་གླེང་མོལ་ཚོགས་འདུ་འཚོགས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལའེ་མིན་གྱིས་ལས་བྱེད་པ312ལ་ཐུན་མོང་སྲིད་གཙང་གླེང་མོལ་བྱས།

微信图片_20250515094800.jpg

 ཚོགས་འདུའི་སྟེང་བླང་བྱ་བཏོན་དོན། གསར་བསྐོས་ལས་བྱེད་པ་དང་ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པས་ཕུགས་བསམ་དད་སེམས་སྲ་བརྟན་དང་། སློབ་སྦྱོང་ལ་དགའ་བ། ཏང་ལ་བློ་དཀར་བ། དངོས་སྒྲུབ་དོན་གཉེར་བཅས་བྱེད་དགོས་པ་སྟེ། ཏང་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ་འགན་འཁྲི་ནན་གྱིས་སྒྲུབ་དགོས། ཏང་གི་སྒྲིག་ཁྲིམས་ཀྱི་མཐའ་ཐིག་ནན་སྲུང་དང་སྒྲིག་ཁྲིམས་སྒྲིག་སྲོལ་ལ་རྒྱུས་མངའ་ཡོད་པ། སེམས་སུ་གུས་སྐྲག་ཡོད་པ། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་དགོས། སྤྱོད་ཚུལ་བཟང་པོ་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། “སྤྱོད་ཚུལ་བཞིའི”གནད་དོན་གཏན་འགོག་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་དྲང་བཞག་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་བྱ་རྒྱུ་དེ་སློབ་སྦྱོང་སློབ་གསོའི་ལག་ལེན་གྱི་གཞི་རྟེན་དུ་བརྩིས་ཏེ། “སློབ་སྦྱོང་དང་ཞིབ་བཤེར། བཅོས་བསྒྱུར། བཅོས་སྐྱོང་བཅས་ཀྱི་ཐོག་ནས་བརྒྱུད་རིམ་ལྡན་པའི་ལག་བསྟར་བྱས་ཏེ་ཕན་འབྲས་དངོས་ཐོན་གང་ཐུབ་བྱེད་དགོས། རྩ་དོན་རྒྱུན་འཁྱོངས་དང་མཐའ་ཐིག་བརྟན་སྲུང་བྱས་ཏེ། བསམ་པའི་རྣམ་འགྱུར་བཟང་པོ་དང་བྱ་བའི་སྤྱོད་ཚུལ་ཏན་ཏིག་གི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་ཟེར།  

微信图片_20250515094806.jpg

ཚོགས་འདུའི་རྗེས་སུ། ཚོགས་ཞུགས་མི་སྣས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། སྤྱོད་གཙང་ནི་ལོངས་སྤྱོད་དང་འདོད་ཧམ་ནི་ཆག་སྒོ་ཡིན་པ་བློ་ལ་བརྟན་པོར་ངེས་ཏེ། སྤྱི་དང་སྒེར་དང་། དྲང་བདེན་དང་ཁེ་སྤོགས། བདེན་པ་དང་འགལ་བ། སྡུག་བསྔལ་དང་སྤྲོ་སྣང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་རྒྱུ་དེ་ནང་སེམས་དང་ཕྱིའི་ཀུན་སྤྱོད་གཉིས་ཀྱི་སྟེང་ནས་ནན་ཏན་བྱས་ཏེ། ཏང་ཡོན་ལས་བྱེད་པའི་སྣང་བརྙན་བཟང་པོ་ཞིག་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་རྒྱུ་ཡིན་ཟེར།


མཉམ་སྤྱོད།