དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ཟི་ལིང་དུ་བསྡུས།

2025-05-15 11:03:16   |   39

རྩོམ་སྒྲིག ཀླུ་མཁར་རྒྱལ།   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས།    བཤེར་འབེབས། རིན་ཆེན་ཚེ་རིང་། 


མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ཟླ5པའི་ཚེས14ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དམིགས་བསལ་སྨྲ་བ་དང་ཁ་གསབ་ཀྱི་སེམས་པ་མཐའ་གཅིག་ཏུ་སེལ་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་དགོས།

ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ལི་ཅིན་པིན་དང་། ཚན་གཙོ་གཞོན་པ་ཡུས་ཝེ་ཕིང་དང་ཁོངས་མི་རྣམས་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས། ལའོ་ཏུང་ཁྲོན་དང་མགོན་པོ་བཀྲ་ཤིས་སོགས་ཞིང་ཆེན་གྱི་མགོ་ཁྲིད་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་ཀྲུང་དབྱང་གི་ངོས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་དོན་འཛིན་གྲྭ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གི་ལི་ཞན་ལིན་དང་ཡེ་ཅིན་ཀོང་སོགས་ཀྱིས་སྒྲིག་སྲོལ་དང་འགལ་ནས་ཟ་འཐུང་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཐད་ཀྱི་བརྡ་ཁྱབ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོས་མཚོ་སྔོན་ཞིང་ཆེན་ཏང་ཨུས་དཔེ་གཞི་མེ་ལོང་དུ་འཛིན་པ་དང་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པ། དཔེ་གཞིར་བརྟེན་ནས་སློབ་སྦྱོང་སྐུལ་བ་དང་དཔེ་གཞིར་བརྟེན་ནས་ཞིབ་བཤེར་སྐུལ་བ། གཟབ་ནན་སྒོས་དག་ཐེར་ལེགས་བཅོས་སྐུལ་བ་རྒྱུན་འཁྱོངས་བྱེད་པ། ཟ་འཐུང་གི་སྤྱོད་ངན་བཀག་འགོག་བྱས་ཏེ། མཚོ་སྔོན་གྱི་ཏང་སྲོལ་སྲིད་སྲོལ་བཟང་པོ་ཧུར་ཐག་གིས་བསྐྱེད་དགོས་པའི་རེ་བ་བཏོན།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཞིང་ཆེན་ཏང་ཨུས་བློ་བརྟན་འགྱུར་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། ཕྱོགས་ཡོངས་ནས་གཟབ་ནན་བྱེད་པ་དང་མཐའ་གཅིག་ཏུ་གཟབ་ནན་བྱེད་པའི་བརྡ་རྒྱུན་མཐུད་ངང་བཏང་བས། ཞིང་ཆེན་ཡོངས་ཀྱི་སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ངོ་རྒོལ་ཐད་འགྱུར་ལྡོག་ཟབ་མོ་བྱུང་བ་དང་། རྩ་བའི་རང་བཞིན་གྱི་ལེགས་འགྱུར་བྱུང་། དེ་དང་མཉམ་དུ། སྤྱོད་ཚུལ་འཛུགས་སྐྲུན་ཁྲོད་ཐུག་པའི་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བྱས་ནས། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། དམིགས་བསལ་སྨྲ་བ་དང་ཁ་གསབ་ཀྱི་སེམས་པ་དེ་ཏང་གི་དམིགས་འབེན་དང་འགལ་ཞིང་མི་དམངས་ཀྱི་རེ་འདུན་དང་འགལ་ལ། དེས་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་ལ་གནོད་བྱེད་པ་དང་། ཏང་གི་ཚེ་སྲོག་ནུས་ཤུགས་དང་འཐབ་རྩོད་ནུས་ཤུགས་ལ་གནོད་བྱེད་ཅིང་། སྲོལ་ངན་བཞི་དང་རུལ་སུངས་ཀྱི་གནད་དོན་འཕེལ་བར་བྱེད་པས། གནོད་འཚེ་ཆེན་པོ་ལྡན། དམིགས་བསལ་སྨྲ་བ་དང་ཁ་གསབ་ཀྱི་སེམས་པ་མཐའ་གཅིག་ཏུ་སེལ་རྒྱུ་དེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་འགག་སྒྲོལ་བྱེད་ས་གཙོ་བོར་བརྩིས་ནས། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་བསྟར། གཟབ་ནན་མཐར་ཕྱིན་པ་བཅས་ཀྱི་བརྟན་ཚུགས་བཟུང་ནས་བསམ་བློའི་གནད་དོན་གཙོ་བོ་ཐག་གཅོད་དགོས། སྲུང་སྐྱོང་གཉིས་ཏང་གི་ཆེས་མཐོ་བའི་ཆབ་སྲིད་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་སྲོལ་དུ་བརྩི་རྒྱུ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། ཟབ་སྒྱུར་ནང་སྒྱུར་དང་ཚུལ་སྒྱུར་སྟེང་ཤུགས་བཏོན་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། གཟབ་ནན་གྱི་ཚད་གཞིར་བརྟེན་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། འགན་འཁྲི་ལག་བསྟར་ཡོངས་སུ་ཁེབས་པར་བྱས་ཏེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་བྱ་བ་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་དགོས། རུལ་སུངས་སྐྱེ་འཕེལ་གྱི་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་། རུལ་སུངས་ལ་ཆད་པ་གཅོད་པའི་མཐོ་གནོན་རྣམ་པ་རྒྱུན་མཐུད་ངང་སྲུང་འཛིན་བྱེད་པ། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་ཀྱིས་དྲང་ནུས་ལྡན་པའི་སྤྱི་ཚོགས་ཀྱི་སྐྱེ་ཁམས་གྲུབ་པར་སྣེ་ཁྲིད་བྱེད་དགོས། སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་འགོག་རགས་ཇེ་བརྟན་དུ་གཏོང་བ་དང་། གནད་དོན་གཙོ་བོ་དང་དུས་རིམ་གཙོ་བོ་དམ་འཛིན་བྱེད་པ། བཤེར་སྟོན་གཏིང་ཟབ་དང་གཅིག་བསྡུས་བཅོས་སྐྱོང་བྱས་ཏེ། ནུས་ཤུགས་ལྡན་པའི་སྒོ་ནས་དག་ཐེར་ལེགས་བཅོས་བྱེད་པར་མཐའ་གཅིག་ཏུ་སྐུལ་འདེད་གཏོང་དགོས། བདེ་ཐང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་སྐྱེད་སྲིང་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བ། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ནས། ཡུལ་བབ་དང་བསྟུན་ནས་སྤྱོད་གཙང་རིག་གནས་མི་སེམས་སུ་འཇགས་པར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མིག་སྔར་སློབ་སྦྱོང་སློབ་གསོ་དེ་གནད་འགག་གི་དུས་རིམ་དུ་སླེབས་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་འགན་འཁྲི་ཕྲག་ཏུ་ལེན་པ་དང་འཐབ་རྩོད་བྱེད་ཕོད་པར་བྱེད་པ། དམིགས་བསལ་སྨྲ་བ་དང་ཁ་གསབ་ཀྱི་སེམས་པ་མཐའ་གཅིག་ཏུ་སེལ་བ། དཔེ་གཞིས་ལེགས་བཅོས་ལ་སྐུལ་བ་དང་གནད་དོན་ཐག་གཅོད་པ། སྤྱོད་ཚུལ་སྒྱུར་བ་སོགས་བྱས་ནས། སྤྱོད་ཚུལ་བཟང་པོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས།

ཚོགས་འདུའི་སྟེང་རང་ཞིང་གི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁྱབ་བསྒྲགས་བྱས་པ་དང་། གཅིག་བསྡུས་སྒོས་ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟས། ཚོགས་འདུ་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་བཙུགས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།


མཉམ་སྤྱོད།