དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི2025ལོའི་ཁྲིམས་འཛུགས་བྱ་བའི་འཆར་འགོད》དཔར་འགྲེམ་བྱས།

2025-05-15 10:48:45   |   26

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཞིན་ཧྭ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི2025ལོའི་ཁྲིམས་འཛུགས་བྱ་བའི་འཆར་འགོད》དཔར་འགྲེམ་བྱས།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞི》ལས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2025ལོའི་ལོ་འཁོར་གྱི་ཁྲིམས་འཛུགས་བྱ་བའི་སྤྱིའི་བླང་བྱ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་དང་། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་འབྲེལ་ཁྲིམས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། སྲིད་གཞུང་གིས་ཁྲིམས་འཛུགས་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། བཟོ་བཅོས་དོར་འགྲེལ་རྣམ་བཞི་མཉམ་དུ་སྤྱོད་པ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་བསྣན་ནས། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། རྩ་ཁྲིམས་སྲོག་ཤིང་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་གི་སྣེ་ཁྲིད་དང་སྐུལ་འདེད། ཚད་གཞི། འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པ་བསྟན་ཡོད།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞི》ལས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བཅོས་སྒྱུར་དང་ཁྲིམས་སྐྱོང་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་དང་། ཁྲིམས་འཛུགས་ཀྱི་གཙོ་གནད་འབུར་དུ་ཐོན་པར་བྱས་ནས། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ཞབས་ཞུས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་འགན་སྲུང་བྱ་དགོས། གཅིག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་སྐྲུན་བྱེད་པའི་ཐད་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་དང་། དངུལ་རྩའི་བཅའ་ཁྲིམས་ཀྱི་འཆར་ཟིན། སུ་འཇོན་དེ་འགུག་བྱེད་པའི་བཅའ་ཁྲིམས་བཟོ་བཅོས་གཏན་འཁེལ་འཆར་ཟིན་སོགས་གསལ་པོར་བཀོད་ཡོད། གཉིས་ནི་སྲིད་གཞུང་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཁྲིམས་ལྟར་སྲིད་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་སྲིད་དོན་གཞི་གྲངས་མཉམ་སྤྱོད་ཀྱི་སྲོལ་ཡིག་དང་། སྲིད་འཛིན་ཁྲིམས་སྲོལ་གོ་རིམ་གྱི་སྲོལ་ཡིག་སོགས་བཟོ་བཅོས་གཏན་འཁེལ་བྱེད་པ། གསུམ་ནི་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ལག་བསྟར་བྱས་ཏེ། ཚོང་རྟགས་བཅའ་ཁྲིམས་ཀྱི་བཟོ་བཅོས་གཏན་འཁེལ་འཆར་ཟིན་གསལ་པོར་བཀོད་པ་དང་དམངས་ཡོངས་ཀྱིས་ལྟ་ཀློག་བྱས་ནས་སྲོལ་ཡིག་ལ་སྐུལ་འདེད་གཏོང་བ་སོགས་གཏན་འབེབས་བྱས་ཡོད། བཞི་ནི་དམངས་ཚིས་བདེ་སྐྱིད་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་སྤྱི་ཚོགས་ཀྱི་རོགས་སྐྱོར་བཅའ་ཁྲིམས་ཀྱི་འཆར་ཟིན་དང་། སྨན་བཅོས་འགན་སྲུང་བཅའ་ཁྲིམས་ཀྱི་འཆར་ཟིན། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་གཏན་འཁེལ་འཆར་ཟིན་སོགས་གསལ་པོར་བཀོད་ཡོད། ལྔ་ནི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་ཐད། ཆུའི་བཅའ་ཁྲིམས་ཀྱི་བཟོ་བཅོས་གཏན་འཁེལ་འཆར་ཟིན་གསལ་པོར་བཀོད་པ་དང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྲོལ་ཡིག་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག་བཟོ་བཅོས་གཏན་འཁེལ་བྱས་ཡོད། དྲུག་ནི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་ཟས་རིགས་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་བཙོན་ཁང་བཅའ་ཁྲིམས་ཀྱི་བཟོ་བཅོས་གཏན་འཁེལ་འཆར་ཟིན་སོགས་གསལ་པོར་བཀོད་ཡོད། བདུན་ནི་ཕྱི་འབྲེལ་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་འབྲེལ་ཁྲིམས་ལུགས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ཕྱི་ཕྱོགས་ཉོ་ཚོང་བཅའ་ཁྲིམས་ཀྱི་བཟོ་བཅོས་གཏན་འཁེལ་འཆར་ཟིན་གསལ་པོར་བཀོད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་གྱི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་བཅའ་ཁྲིམས》ཀྱི་གཏན་འབེབས་དང་། ཚོང་དོན་གྱི་འདུམ་སྒྲིག་སྲོལ་ཡིག་སོགས་གཏན་འབེབས་བྱས་ཡོད། དེ་དང་ཆབས་ཅིག 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞི》ནང་ད་དུང་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། མགྱོགས་མྱུར་སྒོས་སྲིད་གཞུང་གི་འགན་ནུས་བསྒྱུར་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ།  ཕྱི་འབྲེལ་ཁྲིམས་སྐྱོང་ལ་མྱུར་དུ་མཁོ་བའི་ཁྲིམས་འཛུགས་ཀྱི་ལས་གཞིར་ཤུགས་སྣོན་པ། རྒྱལ་སྲུང་དམག་དཔུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཁྲིམས་འཛུགས་ཀྱི་རྣམ་གྲངས་ལ་རགས་བསྡུས་སྒོས་བཀོད་སྒྲིག་བྱས་ཡོད།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞིའི》ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོས་རྩ་འཛུགས་དང་མགོ་ཁྲིད་ལ་དངོས་གནས་ཤུགས་བསྣན་ཏེ། སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་ཁྲིམས་འཛུགས་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་དགོས། ཁྲིམས་འཛིན་པུའུ་ཡིས་གཅིག་གྱུར་སྒོས་མཐུན་སྦྱོར་རྩ་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གཞུང་གི་ཁྲིམས་འཛུགས་ཞིབ་བཤེར་འགན་ནུས་ལ་སྔར་ལས་ལྷག་པའི་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་ཁྲིམས་འཛུགས་བྱ་བའི་འཆར་འགོད་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། །


མཉམ་སྤྱོད།