དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཝང་ཧུའུ་ཉིང་གིས་ཁོ་ལོམ་པི་ཡའི་སྲིད་འཛིན་ཕེ་ཐེ་ལུའོ་དང་ཙམ་པབ་ཝེ་དམངས་གྲོས་ཁང་གི་གྲོས་དཔོན་མུའུ་ཏིན་ཏཱ་ལ་ཐུག་འཕྲད་གནང་།

2025-05-16 10:16:30   |   491

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཞིན་ཧྭ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པར་ཞུགས་པའི་ཁོ་ལོམ་པི་ཡའི་སྲིད་འཛིན་ཕེ་ཐེ་ལུའོ་ལ་ཐུག་འཕྲད་གནང་།

图片1.png

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཉིད་དང་ལྷན་དུ་གྲུབ་འབྲས་ཀྱིས་བལྟམས་པའི་གྲོས་མོལ་གནང་བ་དང་། ཁོ་ལོམ་པི་ཡ་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་ཁྲོད་ཞུགས་པའི་མཉམ་ལས་ཡིག་ཆ་གལ་ཆེན་མཉམ་དུ་བཀོད་ཡོད། ད་ལོ་ནི་ཀྲུང་གོ་དང་ཁོ་ལོམ་པི་ཡའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར45ལོན་པའི་ལོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་བྱས་ཏེ། ཀྲུང་གོ་དང་ཁོ་ལོམ་པི་ཡའི་འཐབ་ཇུས་མཉམ་ལས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན།

ཕེ་ཐེ་ལུའོ་ཡིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ཟང་ཟིང་ཆེ་བས། རྒྱལ་ཁབ་སོ་སོས་ལག་གདང་སྦྲེལ་ནས་ཞི་བདེར་སྲུང་སྐྱོབ་དང་མིའི་རིགས་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལཱ་ཏིང་མེ་གླིང་དང་ཀྲུང་གོའི་བར་དུ་སྔོན་ཆད་ནས་འབྲེལ་བ་བཟང་པོ་ཡོད་པ་དང་འབྲེལ་བ་དེ་སྔར་ལས་ཀྱང་ཇེ་དམ་དུ་གཏོང་དགོས། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་དུ་ཁྱབ་ཁོངས་སོ་སོ་ནས་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ཏེ། ཁོ་ལོམ་པི་ཡ་དང་ཀྲུང་གོ་དང་།ནཚ ལཱ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད།

ཉིན་དེར། ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཙམ་པབ་ཝེ་དམངས་གྲོས་ཁང་གི་གྲོས་དཔོན་མུའུ་ཏིན་ཏཱ་ལ་ཐུག་འཕྲད་གནང་།

图片2.png

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཙམ་པབ་ཝེ་དམངས་གྲོས་ཁང་གི་གྲོས་དཔོན་མུའུ་ཏིན་ཏཱ་ལ་ཐུག་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་རྩེ་ཚོགས་སུ་ཞུགས་པ་དང་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྲིད་འཛིན་མུའུ་ནན་ཅཱ་ཀུའུ་ཝ་ལ་བརྗེ་རེས་གཏིང་ཟབ་གནང་བ་དང་། ཀྲུང་གོ་དང་ཙམ་པབ་ཝེའི་འབྲེལ་བའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་སྣེ་ཁྲིད་གསར་པ་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེ་ཕྱོགས་དང་ལྷན་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བྱས་ནས། རྩེ་ཚོགས་ཀྱི་གྲུབ་འབྲས་དངོས་འབེབ་བྱེད་པ་གོ་སྐབས་སུ་བརྩིས་ཏེ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་རྒྱ་བསྐྱེད་པ། ལག་གདང་སྦྲེལ་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཙམ་པབ་ཝེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཡིན་ལ། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གོང་དུ་སྤེལ་བར་བྱས་རྗེས་འཇོག་རྒྱུ་ཡིན།

མུའུ་ཏིན་ཏཱ་ཡིས་བསྟན་དོན། ཙམ་པབ་ཝེ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་རྩ་ཆེན་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་བ་དང་། ཕྱོགས་གཉིས་ཀྱིས་སྲིད་གཞུང་དང་དམངས་ཁྲོད་སོགས་རིམ་པ་སོ་སོའི་བརྗེ་རེས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། ནུས་ཁུངས་དང་མི་གཞུང་། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཙམ་པབ་ཝེ་དམངས་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་དུ་མཛའ་མཐུན་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་ཆེད་བྱས་རྗེས་འཇོག་རྒྱུ་ཡིན།

ཧུའུ་ཁྲིན་ཧྭ་དང་ཝང་ཏུང་ཧྥེང་སོགས་གོང་གསལ་གྱི་ཐུག་འཕྲད་ལ་ཞུགས།།


མཉམ་སྤྱོད།