དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་བ།

2025-05-16 17:01:29   |   913

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་ནས་མདའ་བཞི་རྫོང་དུ་བསྐྱོད་དེ་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱ་བར་བརྟག་ཞིབ་གནང་སྟེ་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད། མཐུན་སྒྲིལ་ལ་སྐུལ་འདེད་བཅས་ཀྱི་ཚོང་འགུགས་མ་འདྲེན་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་འབྲེལ་ཡོད་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཁེ་ལས་རྒྱ་ཆེ་ཞིང་སྟོབས་དང་ལྡན་པ། ཕུལ་བྱུང་ཅན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་བསྐྲུན་དགོས་ཟེར།

01.jpg

ཆུ་དམར་འགག་སྐྱེ་ཁམས་བཟོ་ལས་དཔལ་འབྱོར་གཅིག་སྡུད་འཕེལ་རྒྱས་ཁུལ་དང་ལྗང་མདོག་རིག་གནས་ཐོན་ལས་གླིང་དུ་ཤ་བོ་སྐྱབས་འཁོར་དང་བཅས་པ་སྔ་རྗེས་སུ་ཞ་ཧྭ་ཕྱུགས་ལས་ཐོན་ལས་སྡེ་ཚོགས་དང་མཚོ་བྱང་ཆིང་ཧུའུ་ཡོན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་། མདའ་བཞི་ཧྲན་ཧའེ་ཆིན་ཞིང་ཕྱུགས་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཅས་སུ་བསྐྱོད་ནས་ཁེ་ལས་ཀྱི་འགན་འཁུར་བ་དང་བརྗེ་རེས་གཏིང་ཟབ་གནང་སྟེ། ཁེ་ལས་གཉེར་སྐྱོང་དང་ཚོང་རའི་བྲིན་འཚོང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་པ་དང་། དཀའ་ངལ་དང་རེ་ཞུ་ལ་ནན་ཏན་ངང་ཉན་ནས་བསྟན་དོན། གཅིག་ནས་དུས་རབས་ཨའོ་ཁའེ་སོགས་བཟོ་ལས་ཁེ་ལས་ལ་རྒྱབ་སྐྱོར་བྱས་ཏེ་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་དང་ཁྲལ་ཇེ་དམའ་དང་རྩ་ཆག་ཏུ་གཏོང་བ། ཡིད་རྟོན་དངུལ་བུན་གྱི་མ་དངུལ་བསྡུ་རུབ་སོགས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། ཁེ་ལས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་པར་མཛུབ་སྟོན་དང་རོགས་རམ་བྱས་ནས་བཟོ་ལས་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། གཉིས་ནས་ནོར་གནག་དང་བོད་ལུག ནས་དང་ལོག་དཀར་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་ནས་ནས་ཀྱི་ཧུབ་སྐམ་དང་ནོར་ཚུལ་གྱི་རྒྱ་ཁོག་གཞི་རྫས། ཤ་སྐམ། ཤ་སྙལ་མ། འོ་མའི་ཐོན་རྫས། ཞུན། དཀྲུགས་ཇ། ས་གདན་སོགས་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་མཐུད་ཁ་གསབ་ཀྱི་བྱ་བ་ཡག་པོ་སྒྲུབ་པ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཚོང་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གསུམ་ནས་དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་བཀོད་སྒྲིག་གཅིག་གྱུར་འཆར་འགོད་བྱས་ཏེ། ཧྲན་ཏུང་དང་བོད་ལྗོངས། སི་ཁྲོན་སོགས་ས་ཁུལ་གྱི་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། "མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ"ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི"གསེར་གྱི་མིང་བྱང"འོས་སྦྱོར་དང་དྲིལ་སྒྲོག་ཡག་པོ་བྱེད་པ།"ནོར་ལུག་གི་ཤ་གསར་བ་གསར་རྐྱང་མཚོ་བྱང་དུ་ཡོད་པའི"ཆས་རྟགས་ཡག་པོ་གཏོད་པ་བཅས་བྱས་ནས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་མཚན་སྙན་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས་ཟེར།

02.jpg

དཔལ་སྦྱིན་ཡུལ་ཚོའི་སོག་པོའི་སྒར་ཆེན་ལྗོངས་ཁུལ་དུ་ཤ་བོ་སྐྱབས་ཀྱིས་བེད་མེད་དུ་ལུས་པའི་རྒྱུ་ནོར་གསོན་འགྱུར་སྒྱུར་བཀོད་དང་གཞན་སྒྱུར་བེད་སྤྱོད་བྱས་ཚུལ་ལ་གཟིགས་ཞིབ་དང་རྒྱུས་ལོན་བྱས་པ་དང་། མདའ་བཞི་རྫོང་གིས་སྤྱད་པའི་བྱ་ཐབས་ནུས་ལྡན་དང་ཏའོ་དབྱང་སྔོ་ཚལ་དྲོད་ཁང་ཆེན་མོ་འདེབས་འཛུགས་བྱས་པར་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གནང་ནས་བསྟན་དོན། གཅིག་ནས་བསམ་ཕྱོགས་དང་བྱ་ཐབས་སྔར་ལས་གསར་གཏོད་བྱས་ཏེ་མདའ་བཞི་རྫོང་གི"རྟ་རྒྱུག་གི་ཕ་སའི"རིག་གནས་ཀྱི་ནང་དོན་ལ་བརྟེན་པ་དང"རྟ"ལ་དམིགས་ནས"ཞིང་ལས་དང་ལུས་རྩལ། རིག་གནས་དང་ཡུལ་སྐོར། ཚོང་གཉེར"མཉམ་འདྲེས་འཕེལ་རྒྱས་ཀྱི་རྩོམ་ཡིག་ཡག་པོ་བྲིས་ཏེ། རྟ་གསོ་བ་དང་རྟ་འདུལ་བ། རྟ་རྒྱུག་ཡུལ་སྐོར་ཉམས་ལེན། རིག་གནས་འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་རྟའི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། གཉིས་ནས་ཏའོ་དབྱང་སྔོ་ཚལ་དྲོད་ཁང་ཆེན་མོའི་འདེབས་འཛུགས་ཀྱི་བསམ་ཕྱོགས་གསར་བ་དང་བྱེད་སྟངས་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྔོ་ཚལ་འདེབས་འཛུགས་ཀྱི་ཐོན་ཚད་དང་སྤུས་ཚད་མཐོ་རུ་བཏང་ནས་ངེས་པ་དོན་གྱིས་མདའ་བཞིའི་མང་ཚོགས་ཀྱི"ཚལ་སླེ"ཡི་དགོས་མཁོ་འགན་ལེན་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཟེར།

03.jpg

གསེར་ཐང་ཡུལ་ཚོའི་ཐོན་ལས་གླིང་ཁུལ་དུ། ཤ་བོ་སྐྱབསས་འཁོར་དང་བཅས་པ་ཡོན་ཧྥུན་སྡེ་བའི་ཡའེ་ཧྥུན་སྐྱེ་དངོས་ཚན་རྩལ་སྤྱི་གཉེར་ཁང་དང་ཧྲེང་ཚང་ཤོག་སྒམ་ཐུམ་སྒྲིལ་སྤྱི་གཉེར་ཁང་དུ་བསྐྱོད་ནས། གླིང་ཁུལ་གྱི་འཁོར་སྐྱོད་དོ་དམ་དང་བཟོ་ཁང་བེད་སྤྱོད། སྒྲིག་ཆས་བེད་སྤྱོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་ནས་བསྟན་དོན།  མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟོ་འཕྲིན་དང་ཞིང་ཕྱུགས། མཁོ་ཚོང་སོགས་སྡེ་ཁག་གིས་འབྲེལ་མཐུད་བྱ་བ་ཡག་པོ་བསྒྲུབས་ནས་དགོས་མཁོ་ཡོད་པའི་ཁེ་ལས་དང་འབྲེལ་མཐུད་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ། ཤོག་སྒམ་དང་ཤོག་བུ། ཤོག་ཕོར་བཅས་དང་དེ་བཞིན་སེར་ཤ་དང་ཐུར་ཤ་སོགས་ཐོན་རྫས་ཀྱི་ཚོང་ལམ་རྒྱ་ཆེར་གཏོང་རྒྱུར་རོགས་རམ་ཧུར་ཐག་བྱས་ནས། མང་ཚོགས་ལ་ཡོང་སྒོ་འཕར་རྒྱུར་རྒྱུན་མཐུད་སྐུལ་ཁྲིད་བྱེད་དགོས་ཟེར།

04.jpg

དེའི་རིང་། ད་དུང་ནུབ་མཚོ་ཅུན་གནའ་མཁར་རྗེས་ཤུལ་ལ་ཡུལ་དངོས་ནས་བརྟག་ཞིབ་གནང་པ་དང་། རྗེས་ཤུལ་སྲུང་སྐྱོབ་བེད་སྤྱོད་དང་ནུབ་མཚོ་ཅུན་རྟེན་མཛོད་ཁང་གི་འགྲེམས་སྟོན་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ནན་གྱིས་བསྟན་དོན། ནུབ་མཚོ་ཅུན་གྱི་དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནུབ་མཚོ་ཅུན་གྱི་གནའ་མཁར་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་ལུགས་མཐུན་གྱི་སྒོ་ནས་ལྗོངས་གཟིགས་སྟེགས་བུ་བསྐྲུན་པ་དང་། རྟེན་མཛོད་ཁང་གི་འགྲེམས་སྟོན་ཁང་བསྐྲུན་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། གནའ་མཁར་གྱི་ཚོང་ལས་སྲང་ལམ་གསོན་སྒྱུར་ཧུར་ཐག་བཅས་བྱས་ཏེ། ཕྱི་ཕྱོགས་བརྗེ་རེས་དང"དག་སྣང་མཚོ་བྱང་།" "བདེ་བརྟན་མདའ་བཞི།"དྲིལ་སྒྲོག་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་བསྒྱུར་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཆན་གོ་ཆིན་དང་ཀྲུང་ཀྲི་ཅུན། ཚོ་ཅི་ཆང་། ཀརྨ་ཚེ་རིང་། སུའུ་བདུན་ཅུ་བཅས་དང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མདའ་བཞི་རྫོང་གི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་ལ་ཕེབས་རོགས་བྱས།


མཉམ་སྤྱོད།