དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་གསར་བསྐོས་ལས་བྱེད་པར་གཅིག་སྡུད་གླེང་མོལ་བྱས།

2025-05-19 09:08:42   |   338

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསར་དུ་ལས་འགན་ཁུར་བ་དང་སྔར་ལས་བཀོལ་སྤྱོད་བྱས་པའི་རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ21ལ་གཅིག་སྡུད་ཐོག་སེམས་གཏམ་གླེང་མོལ་གནང་སྟེ། གསར་དུ་ལས་འགན་ཁུར་བའི་ལས་བྱེད་པར་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པའི་སྐུལ་ལྕག་གནང་ལ། "སྒྲུབ་འདོད་པའི"སྤྲོ་སེམས་དང"སྒྲུབ་ཕོད་པའི"འགན་འཁུར། "བརྩོན་འགྲུས"ཀྱི་སྤྱོད་ཚུལ། "ལེགས་སྒྲུབ"ཀྱི་ནུས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ལས་གནས་གསར་བའི་ཐོག་སྣང་བརྙན་གསར་བ་མངོན་པ་དང་གྲུབ་འབྲས་གསར་བ་གཏོད་གང་ཐུབ་བྱས་ནས་རྩ་འཛུགས་ཀྱི་མངགས་བཅོལ་དང་མང་ཚོགས་ཀྱི་རེ་སྒུག་ཆུད་ཟོས་སུ་མི་གཏོང་བ་བཅས་བྱེད་དགོས་ཟེར། ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལའེ་མེན་གྱིས་གསར་དུ་ལས་འགན་འཁུར་བའི་ལས་བྱེད་པ་དང་མཉམ་དུ་སྲིད་གཙང་གླེང་མོལ་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཚོ་ཅི་ཆང་ཚོགས་འདུར་ཞུགས། གསར་དུ་ལས་འགན་འཁུར་བའི་ལས་བྱེད་པས་རྣམ་འགྱུར་སྟོན་པའི་གཏམ་བཤད་སྤེལ།

微信图片_20250519091542.jpg

  ཤ་བོ་སྐྱབས་ཀྱིས་བསྟན་དོན། ལས་བྱེད་པ་ལེགས་སྒྲིག་དང་བཀོད་སྒྲིག་བྱ་རྒྱུ་ནི་ཁུལ་ཨུས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས་ཕྱོགས་ཡོངས་ནས་རྟོག་ཞིབ་དང་ཕྱོགས་བསྡུས་དབྱེ་ཞིབ། ཁྱོན་ཡོངས་ནས་བསམ་གཞིགས་བཅས་བྱས་པའི་རྨང་གཞིའི་ཐོག་ཧ་ཅང་གལ་འགངས་ཆེ་བའི་མི་དོན་བཀོད་སྒྲིག་ཐེངས་ཤིག་བྱས་པ་ཞིག་ཡིན་པས། ཁུལ་ཨུས་མི་འདེམས་སྤྱོད་བྱེད་པའི་ཁྲིད་སྟོན་གང་ལེགས་མཚོན་ཡོད། གསར་དུ་ལས་འགན་འཁུར་བའི་བློ་མཐུན་གྱིས་རྩ་འཛུགས་ཀྱི་ཡིད་ཆེས་དང་མང་ཚོགས་ཀྱི་རེ་བ་ཆེན་པོ་ཕྲག་ཏུ་འཁུར་ཡོད་པས། ཏན་ཏན་ཏིག་ཏིག་དང་དམ་པ་དོན་གཉེར། དངོས་ཕན་དོན་གཉེར་བཅས་ཀྱི"མཚོ་བྱང་གི་དངོས་སྒྲུབ"སྤྱོད་ཚུལ་ལ་བརྟེན་ནས་ལུས་སེམས་གཉིས་ཀ་རང་འཁྲིའི་བྱ་བའི་ནང་ཞུགས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལས་འགན་ཡག་པོ་སྒྲུབ་པ་དང་འགན་འཁྲི་ལེགས་པོ་འཁུར་དགོས་ཟེར། 

微信图片_20250519091531.jpg

 ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གསར་དུ་ལས་འགན་འཁུར་བའི་ལས་བྱེད་པས་ཕུགས་བསམ་དད་སེམས་བརྟན་དུ་བཏང་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས། ཐོག་མཐའ་བར་གསུམ་དུ"གཏན་འཁེལ་གཉིས"སྲུང་སྐྱོང་དང"སྲུང་སྐྱོང་གཉིས"སྒྲུབ་ཐུབ་པ་ཁྲག་རྒྱུན་ནང་འདྲེས་པ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་ཏེ། རང་རྟོགས་ངང་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་ཐད་མགོ་འཛུགས་ས་དང་ཚད་ཤིང་བྱེད་པ། མིག་དཔེ་སྟོན་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱས་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། རང་འགན་གཙང་སྒྲུབ་ཧུར་ཐག་བྱས་ཏེ་འགན་འཁྲི་འཁུར་རྒྱུ་དེ་གྲུབ་འབྲས་རྩེ་གྲ་གཏོད་རྒྱུར་བརྩི་དགོས། ཞིང་ཆེན་ཏང་ཨུས་མཚོ་བྱང་ལ་སྤྲད་པའི"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་འབེན་དང་། “ཡིད་ལ་བརྟན་པོར་བཅངས་པ”གཅིག་དང་བླང་བྱ་གཉིས། “ཚད་གཞི་དེ་བས་མཐོ་བའི་རྒྱུན་འཁྱོངས”ལྔ་བཅས་ཀྱི་ལས་འགན་ལ་དམིགས་པ་དང་། ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་དང"སྤྱི་གླིང་གཉིས་དང་བཙན་ས་གཅིག"འཛུགས་སྐྲུན་སོགས་གཙོ་གནད་ལས་འགན་ལ་དམིགས་ཏེ། སེམས་ནུས་བྱ་བའི་སྟེང་དུ་བཀོལ་བ་དང་སེམས་ཤུགས་བྱ་བ་སྒྲུབ་པའི་སྟེང་དུ་འཇོག་པ། དོན་འཁྱོལ་དམ་འཛིན་བྱེད་པའི་སྟེང་དུ་ཤུགས་རྒྱག་པ། ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་བྱ་བར"སེམས་སུ་གདེང་ཚོད་ཡོད་པ་དང་ལག་ཏུ་ཐབས་ཇུས་ཡོད་པ། རྐང་འོག་ཏུ་ལམ་ཡོད་པ"བཅས་བྱས་ཏེ"མཚོ་བྱང་ལྔ"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་མཐུད་ཤུགས་རྒྱག་པ་དང་ཡུན་རིང་འབད་བརྩོན་བྱེད་དགོས། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་མི་དམངས་བླ་ན་མེད་པའི་གཞུང་ཞབས་པའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་བྱ་བར་ཞིབ་བསྡུར་བྱེད་པའི་ཚད་ཤིང་ཞིག་ཏུ་བརྩིས་ནས་དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ་བྱས་ཏེ་ལག་ནང་གི"སྒྲུབ་པའི་བྱ་བ"དང་མང་ཚོགས་ཀྱི"རེ་སྒུག་བྱེད་པའི་བྱ་བ"གནད་སྨིན་འབྲེལ་མཐུད་ཐུབ་པར་བྱས་ནས། དངོས་འཛིན་དངོས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། དམངས་ལ་བདེ་སྐྱིད་སྐྲུན་པའི་དོན་དངོས་རེ་རེ་བཞིན་ཡག་པོ་སྒྲུབ་པ་དང་མང་ཚོགས་ལ་དཀའ་ངལ་བཟོ་བའི་དཀའ་གནད་རེ་རེ་བཞིན་ཐག་གཅོད་ཡག་པོ་བྱས་ཏེ། གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པར་བྱེད་དགོས། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ། གྱོད་གཞི་མེ་ལོང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། དྲང་གཞག་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་དོན་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ། འཇིགས་བཀུར་ཤེས་པ། དོགས་ཟོན་དང་མ་མཐའི་མཚམས་ཐིག་སྲུང་བ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཀྱི་སྐྱེ་ཁམས་བཟང་པོ་སྔར་ལས་གཏོད་དགོས་ཟེར། 

微信图片_20250519091536.jpg


མཉམ་སྤྱོད།