དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ལྷུར་ལེན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》དཔར་འགྲེམ་བྱས།

2025-05-19 11:09:08   |   277

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། གུང་ཁྲན་ཏང་ཡོན་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ལྷུར་ལེན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དཔར་འགྲེམ་བྱས་པར་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྲོལ་ཡིག་གཞིར་བཟུང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་བསྟན་དོན། 《སྲོལ་ཡིག》བཟོ་བཅོས་རྒྱག་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་།  དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་སྲིད་ལས་ཁུངས་ཀྱི་གྲོན་དངུལ་དོ་དམ་དང་། རྒྱལ་ནང་གི་ཡུལ་སྐོར། གཞུང་དོན་གྱི་ཆེད་དུ་གནས་སྐབས་ཕྱི་རྒྱལ(མཚམས)ལ་འགྲོ་བ། གཞུང་དོན་སྣེ་ལེན། གཞུང་དོན་འཁོར་སྤྱོད། ཚོགས་འདུའི་བྱ་འགུལ། གཞུང་སྒྲུབ་ཁང་པ། ཐོན་ཁུངས་གྲོན་ཆུང་སོགས་ཀྱི་གཏན་འབེབས་དུས་བསྟུན་ངང་འཐུས་ཚང་དུ་གཏོང་བ་དང་། བརྩོན་བསྲི་གྲོན་ཆུང་ལྷུར་ལེན་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་ནས་འཚོ་བ་དམ་པོར་སྐྱེལ་བའི་ལམ་ལུགས་ཀྱི་གཅུས་གཟེར་སྔར་ལས་དམ་པོར་སྡོམ་པ་བཅས་བྱས་ཡོད་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། “སྤྱོད་ཚུལ་བཞི”རྒྱུན་མཐུད་ངང་ཡོ་བསྲང་གཏིང་ཟབ་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱོད་ཚུལ་འཛུགས་སྐྱོང་དེ་ཏང་གི་སྣང་བརྙན་དང་། མི་དམངས་ཀྱི་བློ་ཁ་ཕྱོགས་མིན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱལ་ཕམ་བཅས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས། 《སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་བཅས་དམ་འཛིན་ནན་ཏན་བྱས་ཏེ། ཏང་སྲིད་ལས་ཁུངས་རིམ་པ་སོ་སོ་དང་དེའི་ལས་དོན་མི་སྣས《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུར་སྐུལ་འདེད་གཏོང་བ་དང་། 《སྲོལ་ཡིག》གི་གཏན་འབེབས་སོ་སོ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྤྱི་ཚོགས་ཡོངས་སུ་ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་རྣམ་པ་བཟང་པོ་སྔར་བས་ཀྱང་བསྐྲུན་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ལག་བསྟར་བྱེད་སྐབས་ཀྱི་གནས་ཚུལ་དང་གྲོས་མགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས།


མཉམ་སྤྱོད།