དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་པ། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།

2025-05-19 09:18:27   |   236

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར།  ཁུལ་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་གྱིས་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་བྱས་ནས་ཏང་ཡོན་ལས་བྱེད་པས་གྱོད་གཞི་དཔྱད་གཞིར་འཛིན་པ་དང་། དངོས་སྒྲུབ་སྔོན་བརྩོན་བྱ་རྒྱུ་རྒྱུན་འཁྱོངས་བར་སྣེ་ཁྲིད་པ་དང་། "དམིགས་བསལ་སྨྲ་བ"དང"ཁ་གསབ་སེམས་ཁམས"མཐའ་གཅིག་ཏུ་མེད་པ་བཟོས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ཏེ་གསུང་བཤད་གནང་།

微信图片_20250519144359.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁུལ་ཨུས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་ནན་མོ་མཐར་ཕྱིན་བྱེད་པའི་བརྡ་རྟགས་དྲག་པོ་རྒྱུན་མཐུད་ངང་བཏང་བ་དང"སྤྱོད་ཚུལ་བཞིའི"གནད་དོན་རྒྱུན་མཐུད་ངང་བཅོས་སྒྲིག་བྱས་པ། ཁུལ་ཡོངས་ཀྱི་སྤྱོད་གཙང་སྒྲིག་ནན་གྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་རྩ་བའི་རང་བཞིན་གྱི་ཇེ་ལེགས་སུ་ཕྱིན་ཡོད།

སྤྱོད་ཚུལ་ལེགས་སྐྱོང་གི་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། གྱོད་གཞིར་བརྟེན་ནས་ཀུན་སྤྱོད་གླེང་བ་དང་། གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་གླེང་བ། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་གླེང་བ། གྱོད་གཞིར་བརྟེན་ནས་འགན་འཁྲི་གླེང་བ་བཅས་རྒྱུན་འཁྱོངས་བྱས་ཏེ་སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་ལྡན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཟེར། 

微信图片_20250519144404.jpg

 ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གྱོད་གཞི་མེ་ལོང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དམར་དམག་ནུབ་ལམ་དམག་གི་གཏམ་རྒྱུད་ཡག་པོ་བཤད་པ། སྐལ་བཟང་དང་ལེན་ཧྥུ་ཀྲང་སོགས་མཚོ་བྱང་གི་སྔོན་ཐོན་མི་སྣ་མིག་དཔེ་རུ་བཟུང་ནས་ཕུགས་བསམ་དད་སེམས་སྔར་ལས་བརྟན་དུ་གཏོང་བ། "གལ་ཆེན་གསུམ་དང་འབོར་ཆེན་གཅིག"དང་ཚོགས་འདུ་གསུམ་དང་སློབ་ཚན་གཅིག"སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ། དབང་ཆ་ཡང་དག་སྤྱོད་པ། རང་རྟོགས་ཀྱིས་ལྟ་སྐུལ་དང་ལེན་བྱེད་པ། ཏང་སྒྲིག་རྒྱལ་ཁྲིམས་ལ་བརྩི་སྲུང་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་དགོས། "དམིགས་བསལ་སྨྲ་བ"དང"སེམས་ཁམས་ཁ་གསབ"མཐའ་གཅིག་ཏུ་མེད་པ་བཟོ་རྒྱུ་དེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བའི་ཚད་བརྒལ་བྱེད་ས་གལ་ཆེན་ཞིག་ཏུ་བརྩིས་ནས། བསམ་བློའི་འབྱུང་རྩ་སྔོག་འདོན་གཏིང་ཟབ་དང་བསམ་བློའི་རྨང་གཞི་བརྟན་དུ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཐོག་མཐའ་བར་གསུམ་དུ"སྲུང་སྐྱོང་གཉིས"དེ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩིས་ནས། ཚད་གཞི་ནན་མོའི་ཐོག་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་སོ་སོ་མཚོ་བྱང་དུ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། དངོས་སྒྲུབ་སྔོན་བརྩོན་རྒྱུན་འཁྱོངས་བྱས་ཏེ་ཏན་ཏན་ཏིག་ཏིག་དང་དངོས་འཛིན་དངོས་སྒྲུབ། དངོས་ཕན་དོན་གཉེར་བཅས་ཀྱི"མཚོ་བྱང་གི་དངོས་སྒྲུབ"སྤྱོད་ཚུལ་ལག་ལེན་ཧུར་ཐག་བྱེད་པ་དང་། "སྤྱི་གླིང་གཉིས་དང་བཙན་ས་གཅིག"དང་། ཐོན་ལས་ཀྱི"གནས་བཞི"། གྲོང་གསེབ་དར་སྤེལ། ཚོང་འགུགས་མ་འདྲེན། གསར་བརྗེའི་ཉམས་ཞིབ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚུར་ལན་གནད་དོན་དག་ཐེར་ཡོ་བསྲང་སོགས་ཀྱི་གཙོ་གནད་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་འཇོག་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་དང་བྲེལ་དཀའ་སྡུག་སྨོན་སེམས་ལ་བཅངས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་དང་སློབ་གསོ། སྨན་བཅོས། ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་། ཡིག་བསྐུར་ངོ་བཅར་གྱི་ཕུང་གསོག་གྱོད་གཞི་སེལ་བ་སོགས་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་གཅིག་གྱུར་འཆར་འགོད་ཀྱིས་ཐག་གཅོད་ཡག་པོ་བྱེད་དགོས། ཡིག་བསྐུར་ངོ་བཅར་གྱི་ཕུང་གསོག་གྱོད་གཞི་དང་ཁང་ཁོངས་ལག་ཁྱེར་གཉེར་དཀའ་བ། ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་བྱེད་པ། གྲོང་གསེབ་ཀྱི་གཞུང་ལམ་དང་སློབ་གྲྭའི་ཟ་ཁང་། ཐུན་མོང་མ་དངུལ་གསུམ་དང་བེད་མེད་དུ་ལུས་པའི་རྒྱུ་ནོར་གསོན་སྒྱུར་སོགས་ཀྱི་གནད་འགག་གཙོ་བོ་འབུར་དུ་ཐོན་པར་བྱས་ཏེ། འཚོལ་ཞིབ་གཏིང་ཟབ་དང་གཅིག་བསྡུས་བཅོས་སྐྱོང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སློབ་སྦྱོང་སློབ་གསོར་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ"མཚོ་བྱང་ལྔ"འཛུགས་སྐྲུན་བྱེད་པར་སྤྱོད་ཚུལ་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

微信图片_20250519144409.jpg

微信图片_20250519144414.jpg

ཚོགས་འདུའི་ཐོག ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་ཁུལ་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་ཁྱབ་བརྡ་བཏང་།

微信图片_20250519144419.jpg

ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་། ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོ། རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ། ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་གྱིས་མངགས་སྡོད་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ། དེ་བཞིན་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པ་དང་འགག་རྩའི་ལས་གནས་ཀྱི་ལས་བྱེད་པ། གསར་དུ་ལས་འགན་འཁུར་བའི་ལས་བྱེད་པ་བཅས་ཞུགས།


མཉམ་སྤྱོད།