དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཏོའུ་ཅན་འཁོར་དང་བཅས་པས་བཞུགས་མོལ་བརྗེ་རེས་གནང་།

2025-05-19 16:45:05   |   287

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཏོའུ་ཅན་འཁོར་དང་བཅས་པས་བཞུགས་མོལ་བརྗེ་རེས་གནང་པ་དང། ཕྱོགས་གཉིས་ཀྱིས་སྲིད་གཞུང་དང་དངུལ་ཁང་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་དངུལ་རྩའི་ཐོན་རྫས་གསར་གཏོད་བྱ་རྒྱུར་དམ་པོར་དམིགས་ནས། མཚོ་བྱང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་ཐད་བརྗེ་རེས་གཏིང་ཟབ་གནང་པ།

微信图片_20250519165154.jpg

ཤ་བོ་སྐྱབས་ཀྱིས་ཏོའུ་ཅན་འཁོར་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བའི་ཐད་དངུལ་རྩའི་འདེགས་སྐྱོར་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་རེ་བ་ཡོད་དེ། གཅིག་ནས་མཚོ་བྱང་གི་གཙོ་རྟེན་ཐོན་ལས་དང་གཙོ་གནད་ལས་གཞི། ཁེ་ལས་ཀྱི་མ་དངུལ་བསྡུ་རུབ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། མཚོ་བྱང་གི་ཁྱད་ལྡན་ཐོན་ལས་སྤུས་ལེགས་དང་ཞིབ་ཚགས་སུ་གཏོང་བར་དངུལ་རྩའི"གསོན་ཤུགས"སྔར་ལས་མང་པ་སྣོན་དགོས། གཉིས་ནས་གླིང་ཁུལ་གྱི་ཐོན་ལས་གཅིག་བསྡུས་ཀྱིས་འཕེལ་རྒྱས་གཏོང་བ་དང་། གཏེར་རིའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། ནུས་རྒྱུ་འདོན་སྤྲོད་འགན་ལེན་དང་ལྗང་མདོག་ཕྱོགས་བསྡུས་ནུས་རྒྱུ་གླིང་ཕྲན་འཛུགས་སྐྲུན། ནགས་ཚལ་དང་མཚེའུ། གངས་འཁྱག་དཔལ་འབྱོར་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་བ་སོགས་ཀྱི་ཐད་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རོགས། མཚོ་བྱང་ཁུལ་གྱིས་དངུལ་རྩའི་སྒྲིག་གཞི་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས་རྒྱུན་རྣམ་ཅན་གྱི་མཉམ་འབྲེལ་གདན་ཞུའི་ལམ་སྲོལ་བཙུགས་ཏེ། ཀྲུང་གོ་དངུལ་ཁང་གིས་མཚོ་བྱང་ལས་སྒོ་འཕེལ་རྒྱས་གཏོང་ཆེད་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་དང་ཆབས་ཅིག་ཀྲུང་གོ་དངུལ་ཁང་དང་ཡན་ལག་དངུལ་ཁང་སོ་སོས་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ། མཚོ་བྱང་དུ་གསར་བརྗེའི་ཉམས་ཞིབ་དང་སློབ་གསོ་གསོ་སྦྱོང་བྱེད་པར་ལྷག་བསམ་ཟོལ་མེད་ངང་གདན་འདྲེན་ཞུས་པ་ཡིན་ཟེར།

微信图片_20250519165159.png

ཏོའུ་ཅན་གྱིས་མཚོ་བྱང་ཁུལ་གྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ལ་ཡིད་ཆེས་དང་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ལས་སྒོ་འཕེལ་རྒྱས་ཀྱི་གནས་ཚུལ་དང་མ་འོངས་པའི་འཆར་འགོད་ངོ་སྤྲོད་གནང་ནས་བཤད་རྒྱུར། མཚོ་བྱང་གི་ས་བབ་ལེགས་ཆ་མངོན་གསལ་ཡིན་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པ། ཐོན་ལས་ཀྱི་ལྷུ་ལག་ཚང་བ། ཚོང་གཉེར་ཁོར་ཡུག་བཟང་པོ་ལྡན་པས། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས"མཚོ་བྱང་ལྔ"འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་ནས་དངོས་གཞིའི་དཔལ་འབྱོར་གྱི་ཞབས་ཞུར་དམ་པོར་དམིགས་པ་དང་། དངུལ་ཁང་དང་མཚོ་བྱང་བར་འབྲེལ་གཏུག་བརྗེ་རེས་གཏིང་ཟབ་བྱེད་པ་དང་མཉམ་ལས་དམ་ཟབ་བཅས་བྱས་ཏེ་ས་གནས་དང་བསམ་སྤྱོད་གཅིག་མཐུན་དང་ཕྱོགས་གཅིག་ཤུགས་འདོན་བྱས་ནས། མཚོ་བྱང་ཁུལ་གྱི་ཚོང་འགུགས་མ་འདྲེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན་ཟེར། 

微信图片_20250519165203.png

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་ཀརྨ་ཚེ་རིང་། ཁུལ་འཕེལ་སྒྱུར་དང་། ནོར་སྲིད། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་འཁུར་བློ་མཐུན་དང་། ཀྲུང་གོ་དངུལ་ཁང་མཚོ་བྱང་ཁུལ་ཉིང་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུགས།


མཉམ་སྤྱོད།