དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་དང་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་བར་དམ་ཆུ་བོ་འབབ་རྒྱུད་དོ་དམ་ཅུ་ཡིས་བཞུགས་མོལ་ཚོགས་འདུ་འཚོགས།

2025-05-20 14:50:58   |   504

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་ཁུལ་དང་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་བར་དམ་ཆུ་བོ་འབབ་རྒྱུད་དོ་དམ་ཅུ་ཡིས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་བར་དམ་ཆུ་བོ་འབབ་རྒྱུད་དོ་དམ་ཅུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུ་ཀྲང་ལི་ཞའོ་ཆང་ཚོགས་འདུར་ཕེབས་པ་དང་འབྲེལ་གཏམ་བཤད་གནང་སྟེ། ཕྱོགས་གཉིས་ཀྱིས་བར་དམ་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་མཐོ་བའི་སྲུང་སྐྱོབ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་ཐད་བརྗེ་རེས་གཏིང་ཟབ་གནང་བས་ཐུན་མོང་གི་ངོས་འཛིན་ཐོག་མར་ཆགས།

微信图片_20250520145653.png

ཤ་བོ་སྐྱབས་ཀྱིས་ལི་ཞའོ་ཆང་འཁོར་དང་བཅས་པ་སླེབས་པར་དགའ་བསུ་ཞུས་པ་དང་། རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་བར་དམ་ཆུ་བོའི་འབབ་རྒྱུད་དོ་དམ་ཅུ་ཡིས་དུས་ཡུན་རིང་པོའི་ནང་། མཚོ་བྱང་ཆུ་བེད་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་ནས་བསྟན་དོན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་བར་དམ་ཆུ་བོའི་མགོ་ཁུངས་སྲུང་སྐྱོབ་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་འཁུར་བ་དང་། བར་དམ་ཆུ་བོའི་འབབ་རྒྱུད་སྲུང་སྐྱོབ་མནའ་འབྲེལ་འཛུགས་རྒྱུ་དར་སྤེལ་གཏོང་བ། ཆུའི་སྐྱེ་ཁམས་ཉམས་གསོའི་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྩ་བའི་ཐོག་ནས་བར་དམ་ཆུ་བོའི་མགོ་ཁུངས་བདེ་ཐང་འགན་ལེན་བྱས་ཡོད།  ཕྱོགས་གཉིས་ཀྱིས་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ལམ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བར་དམ་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་འབབ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་བ་དབུལ་རྒྱུའི་རེ་བ་ཡོད་པ་སྟེ། གཅིག་ནས "ལྔ་བཅོ་ལྔ་པའི"འཆར་འགོད་དང་བཟོ་འགོད་ཟུང་འབྲེལ་བྱས་ནས《བར་དམ་ཆུ་བོའི་འབབ་རྒྱུད་ཕྱོགས་བསྡུས་འཆར་འགོད》བཟོ་བཅོས་དང་རྩོམ་སྒྲིག་བྱེད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། ཆུའི་སྐྱེ་ཁམས་ལས་གཞི་གསོག་འཇོག་གི་འཆར་འགོད་ནན་ཏན་དང་། ཆུ་འགྲམ་གྱི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། ཆུ་བོ་དང་མཚེའུ་འགྲམ་གྱི་སྐྱེ་ཁམས་ལྗང་འགྱུར་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་མགོའི་སྲུང་འཛིན་ནགས་ཚལ་དང་། དཔལ་འབྱོར་ནགས་ཚལ། བཀག་སྡོམ་ཕྱུགས་ཁུལ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྟར་བུ་ནགས་ཚལ་འདེབས་འཛུགས་དང་། སྟར་བུ་ཤིང་ཏོག་ཐོན་རྫས་གསར་སྤེལ་སོགས་དཔལ་འབྱོར་ནགས་ཚལ་ཐོན་ལས་འཕེལ་རྒྱས་གཏོང་དགོས། གཉིས་ནས "ཆུ་མཛོད་ཀྱི་གནས་ཚུལ་ལ་གཞིགས་ནས”ཆུ་གྲང་ཉ་གསོ་སྤེལ་སོགས་ཆུ་ཐོག་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཨ་མྱེས་སྟོང་སོ་ལྗོངས་ཁུལ་ནས་སྟག་སྣ་དགོན་པའི་ཆུ་མཛོད་བར་རྐང་ཐང་དང་ཆུ་ཐོག་གི་མྱུར་གྲུ་ལྟ་སྐོར་སོགས་ཆུ་ངོས་གནས་སྐོར་ལས་རིགས་འཚོལ་ཞིབ་དང་འཕེལ་རྒྱས་བཏང་སྟེ། སྟག་སྣ་དགོན་པའི་ཆུ་མཛོད་དང་བར་དམ་ཆུ་བོའི་ཆུ་ངོས་ཐོན་ཁུངས་གསོན་སྒྱུར་བྱེད་དགོས། གསུམ་ནས་སྟག་སྣ་དགོན་པའི་ཆུ་མཛོད་སྙོམས་སྒྲིག་གསོག་འཇོག་དང་ཤོང་ཚད་ཆེ་རུ་གཏོང་རྒྱུར་དམིགས་ནས་གློག་ཁང་གི་དྲ་ཞུགས་གློག་རིན་དང་ནུས་རྒྱུ་གསར་བ་ལྷ་ལག་ཆ་ཚང་འཛུགས་སྐྲུན། དེ་བཞིན་ས་ཆ་བསྡུ་ལེན་དང་གནས་སྤོས་ཡུལ་མིའི་མ་དངུལ་བེད་སྤྱོད་དོ་དམ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། བཞི་ནས་བར་དམ་ཆུ་བོའི་སྲུང་སྐྱོབ་མནའ་འབྲེལ་གྱི་བྱ་བའི་ལམ་སྲོལ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ལོ་ལྟར་དུས་བཀག་ལྟར་མནའ་འབྲེལ་མཉམ་འབྲེལ་གྲོས་ཚོགས་དང་གླེང་སྟེགས་སྒྲིག་འཛུགས་སྐོང་ཚོགས་བྱས་ཏེ། ཞིབ་དཔྱོད་དང་སྐྱེ་ཁམས། ཆུ་བེད་སོགས་སྡེ་ཁག་གི་མཉམ་འབྲེལ་འགོག་སྲུང་དང་མཉམ་འགུལ་ལ་ཤུགས་སྣོན་བྱས་ཏེ། ཆུའི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་དོན་འཁྱོལ་བརྩོན་ལེན་ཧུར་ཐག་བྱས་ནས་སྟོང་སོ་ཆུ་བོ་དང་། བདེ་སྐྱིད་ཆུ་བོ་དང་མཚེའུ་ལས་གཞི་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། བར་དམ་ཆུ་བོ་བདེ་སྐྱིད་ཆུ་བོ་དང་མཚེའུ་ཡི"དཔེ་མཚོན་བཟོ་སྐྲུན"ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཟེར།

微信图片_20250520145703.jpg

ལི་ཞའོ་ཆང་གིས་བར་དམ་ཆུ་བོའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་འཆར་འགོད་གནས་ཚུལ་ངོ་སྤྲོད་གནང་ནས་བསྟན་དོན། ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་བར་དམ་ཆུ་བོ་མཚོ་བྱང་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་བར་དམ་ཆུ་བོ་སྟག་སྣ་དགོན་པའི་ཆུ་བེད་ལྟེ་བའི་བཟོ་སྐྲུན་དེ་འབབ་རྒྱུད་ཀྱི་སྣེ་འདྲེན་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་པའི་ངོས་ནས་ཆུ་སྒོ་བརྒྱབ་སྟེ་ཆུ་གསོག་ཐུབ་པ་མངོན་འགྱུར་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་ཐོན་ཡོད། མཚོ་བྱང་དང་དོ་དམ་ཅུ་ཡིས་ཁུལ་གྱིས་སྔར་བཞིན་མཉམ་ལས་ལ་ཤུགས་བསྣན་ནས་ཇུས་འགོད་ཧུར་ཐག་དང་ཕན་འབྲས་ཆེ་བའི་ངང་སྐུལ་འདེད་གཏོང་བ། ཆུའི་ཐོན་ཁུངས་ཀྱི་སྡོམ་འཆང་ལམ་ལུགས་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ། བར་དམ་ཆུ་བོ་སྲུང་སྐྱོབ་བཅོས་སྐྱོང་བྱ་བ་ཐུན་མོང་ཐོག་ཡག་པོ་བསྒྲུབ་དགོས། མཚོ་བྱང་ཁུལ་གྱིས་བར་དམ་ཆུ་བོ་འབབ་རྒྱུད་ཀྱི་ཕྱོགས་བསྡུས་འཆར་འགོད་བཟོ་བ་དང་སྟག་སྣ་དགོན་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བདེ་སྐྱིད་ཆུ་བོ་དང་མཚེའུ་མགྱོགས་མྱུར་གཏོད་པ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་པ་དང་། བར་དམ་ཆུ་བོ་འབབ་རྒྱུད་དོ་དམ་ཅུ་ཡིས་ཆུའི་ཐོན་ཁུངས་བཀོད་སྒྲིག་གྲུབ་ཆ་སྔར་ལས་ཇེ་ལེགས་སུ་བཏང་ནས་བར་དམ་ཆུ་བོ་འབབ་རྒྱུད་ཀྱི་མཚོ་བྱང་དུམ་བུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་དང་དེ་བཞིན་ཆུ་འཐེན་ནུས་གསོག་བཟོ་སྐྲུན་སོགས་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ཆུའི་ཐོན་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་རྒྱུའི་རེ་བ་ཡོད་ཟེར།

微信图片_20250520145658.jpg

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་ཧན་ཧྲི། ཁུལ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། ཁུལ་ཆུ་བེད་ཅུ། མདོ་ལ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུགས།


མཉམ་སྤྱོད།