དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་གི་རྣམ་བཤད་དཔེ་ཚོགས》པོད་བཅུ་གཅིག་པ་ནས་བཅོ་ལྔ་པའི་བར་དཔེ་སྐྲུན་འགྲེམ་སྤེལ་བྱས།

2025-05-20 15:07:33   |   303

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། སློབ་བརྩོན་རྒྱལ་སྟོབས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་གྱི་ཟླ5པའི་ཚེས19ཉིན་གྱི་གློག་འཕྲིན་འབྱོར་བ་ལྟར་ན། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རྣམ་བཤད་དཔེ་ཚོགས》པོད་བཅུ་གཅིག་པ་ནས་བཅོ་ལྔ་པའི་བར་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས་པ་རེད།

དེབ་དེའི་པོད་བཅུ་གཅིག་པ་ནས་བཅོ་ལྔ་པའི་བར་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས2023ལོའི་ཟླ11པ་ནས་བཟུང་རྩོམ་འབྲི་སྒྲིག་འཛུགས་བྱས་པ་མ་ཟད། མི་དམངས་ཉིན་རེའི་ཚགས་པར་དང《བདེན་འཚོལ》དུས་དེབ་སོགས་ཀྱིས་སྤེལ་བའི་གཞུང་ལུགས་དྲིལ་བསྒྲགས་རྩོམ་ཡིག་ཁག29བསྡུས་ཡོད་པ་དང་ཡིག་འབྲུ་ཁྲི23ཙམ་ཡོད་པ་རེད། རྩོམ་ཡིག་དེ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས། དུས་རབས་གསར་པའི་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་མ་ལག་ཅན་གྱི་ཞིབ་འཇུག་དང་ཚན་རིག་རིགས་པ་ཅན་གྱི་འགྲེལ་བཤད་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། དེབ་དེའི་པོད་དང་པོ་ནས་ལྔ་པའི་བར་དང་པོད་དྲུག་པ་ནས་བཅུ་པའི་བར2020ལོ་དང2023ལོར་སོ་སོར་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད།


མཉམ་སྤྱོད།