དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་དང་ཁུལ་ཡོངས་ཀྱི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས།

2025-05-21 09:31:24   |   307

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར།  ཁུལ་ཨུའི་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་དང་ཁུལ་ཡོངས་ཀྱི"ཚོགས་སྒྲིག་རྣམ་པའི"མཚོ་སྐྱོར་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་དུས་རབས་གསར་བའི་འཇོན་མིའི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ2024ལོའི་ཁུལ་ཡོངས་ཀྱི་འཇོན་མིའི་བྱ་བར་ཕྱོགས་སྡོམ་དང་མིག་སྔའི་བྱ་བའི་དུས་བབ་ལ་དབྱེ་ཞིབ་བྱས་ཤིང་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ།  ཁུལ་ཨུའི་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་རུང་ཧུང་ཀྲི་གཙོ་སྐྱོང་གནང་།

微信图片_20250521093620.jpg

ཚོགས་འདུའི་ཐོག་ན་ནིང་གི་འཇོན་མིའི་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་ནས་བསྟན་དོན། གོ་སྐབས་གསར་བ་ཁོང་དུ་ཆུད་པ་དང་རང་འགུལ་དབང་ཆ་དམ་འཛིན་བྱས་ཏེ"འཇོན་མིར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི"འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་འཇོན་མའི་བྱ་བ་དེ་ཁུལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ནས། བསམ་གཞིགས་དང་ཇུས་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

微信图片_20250521093615.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཏང་གིས་འཇོན་མིར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་ཏང་གིས་འཇོན་མིར་དོ་དམ་བྱེད་པའི་བྱ་བའི་ལམ་སྲོལ། བྱེད་སྟངས་དང་བྱ་ཐབས་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་འཇོན་མིའི་བྱ་བའི་མགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་དང་ལེགས་བཅོས་སུ་གཏོང་དགོས། འཇོན་མི་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་བཅས་བྱེད་དགོས། འཇོན་མིའི་སྲིད་ཇུས་ལེགས་པོར་སྤྱད་དེ་གསར་བརྗེའི་ཉམས་ཞིབ་དང་། རིག་གནས་གནས་སྐོར། སྐྱེ་ཁམས་ཁོར་སྲུང་། ཞིང་ཕྱུགས་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་བྱང་ཚད་མཐོ་བའི་འཇོན་མི་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཇོན་མིའི་འདེགས་སྐྱོར་སྲ་བརྟན་དུ་གཏོང་དགོས། ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་དང་། "སྤྱི་གླིང་གཉིས་དང་བཙན་ས་གཅིག"བསྐྲུན་རྒྱུ་སོགས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ནས་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། "གདན་གཉིས་འདྲེན་གཉིས"མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། འཇོན་མི་བསྡུ་ལེན་བློ་རིག་འདྲེན་པ། ཚོང་འགུག་མ་འདྲེན། འཇོན་མི་འདྲེན་འགུག་གི་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཏང་ཨུའི་རིགས་གཅིག་མཁས་ཅན་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་མཚོ་བྱང་གི་འཇོན་མིའི་ལས་ཤག་བེད་སྤྱོད་ཡག་པོ་བྱས་ནས་འཇོན་མིར་ཕྱོགས་ཡོངས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། འཇོན་མིས་ཏང་རྩ་འཛུགས་ལ་ངོས་འཛིན་གཅིག་མཐུན་དང་ཁོངས་གཏོགས་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་སོགས་དམིགས་བསལ་གྱི་གསར་བརྗེའི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་ཏེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་འཇོན་མིའི་ལས་གཏོད་གསར་གཏོད་ཀྱི་གསོན་ཤུགས་དང་སྤྲོ་སེམས་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སློབ་གསོ་དང་སྨན་བཅོས་འཇོན་མིའི"ཚོགས་སྒྲིག་རྣམ་པའི"མཚོ་སྔོན་ལ་རོགས་སྐྱོར་གྱི་གཙོ་གནད་དམིགས་ཚད་ལ་དམིགས་དགོས་པ་དང་། རིམ་པ་གསུམ་པའི་སྨན་ཁང་གཏན་འཁེལ་སོགས་དང"ལྟེ་བ་ལྔ"འཛུགས་སྐྲུན་སོགས་ཀྱི་བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། ཁ་གཏད་རོགས་སྐྱོར་ས་ཁུལ་དང་སྡེ་ཁག་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་བརྗེ་རེས་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ། མཚོ་བྱང་གི་ཁྱད་ཆོས་དང་མཐུན་པའི"ཚོགས་སྒྲིག་རྣམ་པའི"མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞི་ཁག་ཅིག་ཞིབ་འཇུག་གཏན་འཁེལ་བྱེད་པ། "ཚོགས་སྒྲིག་རྣམ་པའི"མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་དང་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས། "ཕྱོགས་གཉིས་ཀྱི་ཚོགས་སྒྲིག་རྣམ་པའི"བྱ་བ་རྒྱུན་མཐུད་ངང་ཡག་པོ་བསྒྲུབས་ཏེ་འཇོན་མི་གསོ་སྐྱོང་གི་འཆར་འགོད་དང་རོགས་ཁྲིད་འཆར་གཞི་ཞིབ་ཕྲ་བཟོ་བ་དང་། འཇོན་མིའི་ཞན་ཆ་གསབ་རྒྱུར་ཤུགས་བརྒྱབ་ནས་སློབ་གསོ་དང་སྨན་བཅོས་ཆུ་ཚད་སྤྱི་ཡོངས་ནས་མཐོར་འདེགས་ཡོང་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། དོ་དམ་ནན་མོ་དང་དགའ་ཞེན་ཟབ་མོ་རྒྱུན་འཁྱོངས་བྱས་ཏེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་འཇོན་མིར་ཞབས་འདེགས་ཞུ་བའི་འགན་སྲུང་བྱ་བ་ཡག་པོ་བསྒྲུབས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་འཇོན་མིའི་ནང་སྐྱེས་སྒུལ་ཤུགས་མུ་མཐུད་སྐུལ་སྤེལ་གཏོང་དགོས་ཟེར།

微信图片_20250521093625.jpg

ཚོགས་འདུའི་ཐོག<<མཚོ་བྱང་ཁུལ་གྱི་འཇོན་མི་ནང་འདྲེན་དང་གསོ་སྐྱོང་ཞབས་ཞུར་ཤུགས་སྣོན་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)>>དང<<ཀྲུང་གུང་མཚོ་བྱང་ཁུལ་ཨུའི་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི2025ལོའི་བྱ་བའི་གཙོ་གནད>>། <<མཚོ་བྱང་ཁུལ་གྱི2025ལོའི"ཚོགས་སྒྲིག་རྣམ་པའི"མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བའི་གཙོ་གནད>>ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་དང་། འཇུ་ལག་རྫོང་དང་ཁུལ་མི་སྤྱི་ཅུས་སོགས་ས་ཁུལ་དང་སྡེ་ཁག་གིས་བརྗེ་རེས་གཏམ་བཤད་བྱས།

ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲིན་དང་ཧོ་པིན། ཚོ་ཅི་ཆང་། ཀང་ཧྥུ། ཁུལ་ཨུའི་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་དང་། ཁུལ་གྱི་འཇོན་མིའི་ལས་བྱེད་པའི"ཚོགས་སྒྲིག་རྣམ་པའི"མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཆེད་སྦྱོང་འཛིན་གྲྭའི་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཞུགས།


མཉམ་སྤྱོད།