དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་འཐུས་ཚབ་ཚོགས་པས་དམངས་ཆེན་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།

2023-01-19 11:32:45   |   147

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།


a.jpg

ཟླ1པོའི་ཚེས17ཉིན་གྱི་སྔ་དྲོར། མཚོ་བྱང་འཐུས་ཚབ་ཚོགས་པས་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་ཏན་བྱས།

b.jpg

འཐུས་མི་ཤ་བོ་སྐྱབས་ཀྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་ཤིང་བབ་ཆགས་ལ། གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་དོན་དངོས་དང་མཐུན་ཞིང་།  བྱ་བའི་བསམ་ཕྱོགས་ཁ་གསལ་བཅས་ཡིན་པས་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་མཚོན་པའི་སྙན་ཞུ་ལེགས་པོ་ཞིག་ཡིན་ལ། བཏོན་པའི་གྲོས་གཞི་སྟེ་གཅིག་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། གཞི་རིམ་གྱི་དམངས་ཀྱི་བསམ་འདུན་མཚོན་པ་དང་མང་ཚོགས་ཐེ་ཞུགས་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། གཉིས་ནས་འཐུས་མིས་བཏོན་པའི་གྲོས་གཞི་སྒྲུབ་པའི་བྱ་བར་མཐོང་ཆེན་བྱས་ནས་བསམ་འཆར་དང་གྲོས་གཞི་སྒྲུབ་རྒྱུར་སྤྲོད་པ་དང་། སྐུལ་སྒྲུབ་བྱེད་པ། ལྡོག་ལན་སྤྲོད་པ། ཕན་འབྲས་འདྲི་རྩད་བྱེད་པ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།  “སྐུལ་སྒྲུབ་ཆེན་པོ་བྱེད་པའི”ལམ་སྲོལ་དོན་འཁྱོལ་བྱེད་དགོས། ཏང་སྲིད་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གཙོ་གནད་འཐུས་མིའི་གྲོས་གཞི་སྐུལ་སྒྲུབ་བྱེད་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་ལན་འདེབས་པ། བློ་ཡིད་ཚིམ་ཚད་ཚད་ལེན་དཔྱད་བསྡུར་བཅས་ཀྱི་ལམ་ལུགས་ཁྱབ་སྤེལ་གཏོང་བ་དང་།  སྤུས་ཚད་མཐོ་བའི་སྒོ་ནས་འཐུས་མིའི་གྲོས་གཞི་སྒྲུབ་གཉེར་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་དང་སེམས་ཁུར་བྱེད་པའི་གནད་དོན་དངོས་སུ་ཐག་གཅོད་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས། གསུམ་ནས་ཁུལ་དང་རྫོང་གི་དམངས་ཆེན་གྱི་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་འབྲེལ་ཡོད་བྱ་བའི་སྒྲིག་གཞི་མང་དུ་གཏོང་བ་དང་། སྲིད་འཛིན་སྒྲིག་ཁོངས་སམ་དོན་ལས་སྒྲིག་ཁོངས་འོས་འཚམ་གྱིས་མང་དུ་གཏོང་བ། དམངས་ཆེན་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ནས་གཞི་རིམ་གྱི་དམངས་ཆེན་ལས་སྒྲུབ་མི་སྣའི་མི་འདང་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་ཟེར།     c.jpg

འཐུས་མི་དབྱང་ཧེ་ལུང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ་དང་།  ཕྱི་རོལ་ཡུལ་དང་མཐུན་ལ་དངོས་སྒྲུབ་ཀྱི་སྒོ་ནས་འདས་ཟིན་པའི་ལོ་ལྔའི་བྱ་བར་ཕྱིར་མིག་བལྟས་པར་མ་ཟད།  མ་འོངས་པའི་ལོ་ལྔ་དང2023ལོའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས་ཡོད། ང་ཚོས་མཚོ་བྱང་གི་དོན་དངོས་དང་ཟུང་འབྲེལ་དང་། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། གཅིག་ནས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བའི་ཐད་དམངས་ཆེན་གྱི་འགན་འཁྲི་ལག་བསྟར་བྱེད་དགོས། གཉིས་ནས་ཞིབ་ཚགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ས་གནས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བའི་ཐད་དམངས་ཆེན་གྱི་ལེགས་ཆ་འདོན་སྤེལ་བྱེད་དགོས། གསུམ་ནས་གནད་ལ་འཁེལ་བའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་སྐུལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་རྒྱུའི་ཐད་དམངས་ཆེན་གྱི་བྱས་རྗེས་མཚོན་པར་བྱེད་དགོས། བཞི་ནས་ལས་ཁུར་སྒྲུབ་པའི་འགུལ་ནུས་འཕེལ་བར་བྱས་ཏེ་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པའི་ཐད་དམངས་ཆེན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། ལྔ་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་གཏོད་པའི་ཐད་དམངས་ཆེན་གྱི་སྣང་བརྙན་མངོན་པར་བྱེད་དགོས་ལ། བཏོན་པའི་གྲོས་གཞི་སྟེ་གཅིག་ནས་དམངས་ཆེན་འཐུས་མི་གསོ་སྦྱོང་བྱེད་པའི་བྱ་བར་ཤུགས་བསྣན་ནས་དམངས་ཆེན་འཐུས་མིའི་ལས་ཁུར་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་དགོས། གཉིས་ནས་གཞི་རིམ་དམངས་ཆེན་གྱི་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ་གཞི་རིམ་དམངས་ཆེན་ལས་ཁུངས་ཀྱི་འཐུས་མི་དང་། སྔོན་རྩིས་ལས་དོན་ཨུ་ལྷན།  ཆ་འཕྲིན་ལྟེ་གནས་སོགས་ཀྱི་སྒྲིག་གཞི་བཙུགས་ནས་སྲིད་འཛིན་དང་དོན་ལས་མི་སྣའི་སྒྲིག་ཁོངས་མང་དུ་གཏོང་བ་དང་ལེགས་སྒྲིག་བྱས་ཏེ་གཞི་རིམ་དམངས་ཆེན་གྱི་བྱ་བའི་སྟོབས་ཤུགས་ཞན་པ་དང་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་ཟེར།      

d.jpg

འཐུས་མི་མ་ཁྲེང་ཀོས་ཀྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་ཞིང་བདེན་པ་དོན་གཉེར་དང་དངོས་ཐོག་བདེན་འཚོལ་བྱས་ཡོད།  སྙན་ཞུའི་ནང་དོན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ཁྱབ་ཡོད་ལ།  ལོ་ལྔའི་རིང་གི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་ཐོབ་པའི་བྱ་བའི་ཕན་འབྲས་དང་ཉམས་མྱོང་ཕྱིར་དྲན་བྱས་ཡོད། གོམ་སྟབས་རྗེས་མར། ང་ཚོས་མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་རང་ཉིད་འཐུས་མི་བྱས་ཏེ་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས“རིམ་ལྔའི”དམངས་ཆེན་འཐུས་མིའི་ནུས་པ་མུ་མཐུད་དུ་འདོན་སྤེལ་ཡག་པོ་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་ཡིན་པར་བཤད།    

e.jpg

འཐུས་མི་ཏིན་གོ་ཧྲིན་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་ཡིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཅིག་གྱུར་དམ་ཚགས་བྱས་ཡོད། གཞི་རིམ་གྱི་དམངས་ཆེན་འཐུས་མི་དང་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བ་ཞིག་ཡིན་པའི་ཆ་ནས་ཕྱིར་རང་ཡུལ་དུ་ལོག་རྗེས་ཐེངས་འདིའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་སྟེ། གཅིག་ནས་ཏང་གི་མགོ་ཁྲིད་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ།  ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་བྱས་རྗེས་འཇོག་པར་ཤུགས་སྣོན་དགོས་ཤིང་།  “བཙན་ས་གཅིག”སྐྲུན་པ་དང་། “སྔར་ལས་ལྷག་པ་གསུམ”འཛུགས་སྐྱོང་བྱེད་པའི་སྤྱིའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས། བྱ་བའི་འཇུག་སྒོ་གནད་འཁེལ་འཚོལ་བ་དང་ཁྲིམས་ལྟར་འགན་དབང་སྣ་ཚོགས་གང་ལེགས་སྤྱད་དེ་རྫོང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། གཉིས་ནས་ཁྲིམས་ལྟར་ལས་ཁུར་སྒྲུབ་པ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ལས་ཁུར་སྒྲུབ་པའི་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བའི་ཐད་བྱ་ཐབས་དངོས་འདོན་དགོས་ཤིང་།  ཁྲིམས་ལྟར“དབང་ཆ་བཞི”ལག་བསྟར་ཡག་པོ་བྱས་ཏེ།    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགན་ཁུར་ཏན་ཏིག་འཁུར་དགོས། གསུམ་ནས་འཐུས་མིའི་བྱ་བ་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་པ་དང་འཐུས་མིའི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱེད་པར་ཤུགས་སྣོན་དགོས་ལ། རིམ་པ་སོ་སོའི་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་དང་མང་ཚོགས་དབར་གྱི“སེམས་འབྲེལ་ཟམ་པ”དང་མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་ངར་སེམས་སྐུལ་སློང་དང་འདོན་སྤེལ་ཡག་པོ། སྲུང་སྐྱོབ་ཡག་པོ་བཅས་བྱེད་དགོས། བཞི་ནས་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་བསྣན་ཏེ་ལས་ཁུར་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བའི་ཆུ་ཚད་ཐད་ཚད་བརྒལ་ཡོང་བར་བྱེད་དགོས་པ་དང་།  དམངས་ཆེན་རྒྱུན་ལས་ཨུ་ལྷན་རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ་ནུས་ཤུགས་ཡོད་རྒུས་ཏང་ཨུ་བློ་བདེ་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་ཆབ་སྲིད་ལས་ཁུངས་དང་རྒྱལ་ཁབ་དབང་ཆའི་ལས་ཁུངས། བྱ་བའི་ལས་ཁུངས། འཐུས་མིའི་ལས་ཁུངས་བཅས་གཏོད་དགོས་པར་བཤད།      

f.jpg

འཐུས་མི་ཐའོ་སྐལ་ཡུང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་ཞིང་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ལྡན་པ་དང་།  བྱ་བ་ཕྱོགས་བསྡོམས་བྱས་པ་དོན་དངོས་ཡིན་ལ་འཆར་འགོད་ཀྱི་བསམ་ཕྱོགས་གསལ་བོ་ཡིན་པས།  ང་ཚོ་གཞི་རིམ་གྱི་དམངས་ཆེན་བྱ་བར་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། དམངས་ཆེན་གྱི་འཐུས་མི་དང་གཞི་རིམ་གྱི་དམངས་ཆེན་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་།  ཁྲིམས་ལྟར་ལས་ཁུར་སྒྲུབ་པའི་བྱ་བའི་རྩ་དོན། འཐུས་མིའི་ལས་ཁུར་ནན་ཏན་གྱིས་སྒྲུབ་པ་རྒྱུན་འཁྱོངས་བྱེད་པའི་དུས་མཚུངས་སུ་འཐུས་མིའི“གཅིག་ཅན་བཅུའི”བྱེད་སྒོ་དང“རིམ་ལྔའི”དམངས་ཆེན་འཐུས་མི“ཁང་མིག་གཉིས”སུ་སྐྱོད་པའི་བྱ་བ་གསར་སྤེལ་བྱེད་པ་དང་། རིག་ནུས་དམངས་ཆེན་གྱི་ལས་སྟེགས་ཡག་པོར་སྤྱོད་པ། འཐུས་མིའི་བྱེད་པོའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། སྲིད་གཞུང་དང་མང་ཚོགས་དབར་གྱི་དམངས་ཆེན་འཐུས་མིའི་འབྲེལ་ཟམ་ནུས་པ་སྐུལ་སློང་དང་འདོན་སྤེལ་གང་ལེགས་བྱེད་པ། “སྲིད་གཞུང་དང་ལྟ་ཞིབ་ཨུ་ལྷན། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང”ལ་ལྟ་སྐུལ་དང་མཐུན་སྦྱོར་བྱེད་པ། འཐུས་མིའི་བསམ་འཆར་དང་གྲོས་གཞི་ཡག་པོར་སྒྲུབ་པ་བཅས་བྱས་ནས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་དཀའ་གནད་ལས་སྒྲོལ་ཐུབ་པ་བྱེད་དགོས་ཤིང་། དུས་རབས་གསར་བའི་དམངས་ཆེན་འཐུས་མིའི“ལས་ཁུངས་བཞི”འཛུགས་སྐྱོང་བྱེད་པའི་བླང་བྱ་ལྟར།  བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་བླང་བྱ་གལ་ཆེན་དག་བྱེ་བྲག་གི་བྱ་བ་དང་ཏང་ལ་འགན་འཁུར་བ། མི་དམངས་ལ་དཀའ་ངལ་སེལ་རོགས་བཅས་བྱེད་པའི་སྟེང་ནས་མངོན་གང་ཐུབ་བྱེད་དགོས་པར་བཤད།   


མཉམ་སྤྱོད།