དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་དཔོན་གཞོན་པ་ལི་ཞང་ཏུང་གིས་རྐང་ཚ་རྫོང་དུ་ལོ་སར་སྔུན་གྱི་འཚམ་འདྲིའི་བྱེད་སྒོ་སྤེལ།

2023-01-19 17:48:24   |   195

སྒྲིག་སྒྱུར།   སངས་དོན


2023ལོའི་ཟླ1པོའི་ཚེས17ཉིན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་རྐང་ཚ་རྫོང་དུ་སོང་ནས་ལོ་སར་སྔུན་གྱི་འཚམ་འདྲི་དང་ “1+10”ཡི་གཞི་རིམ་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་ཕྱིའི་བྱེད་སྒོ་སྤེལ། དེའི་སྐབས་སུ། སྐྱིད་སྨོན་ཡུལ་ཚོའི་རུ་མང་དགོན་པ་དང་ཕྱུག་ནོར་དགོན་པར་འཚམ་འདྲི་བྱས་པ་དང་། དབང་སྐྱོན་མང་ཚོགས། རོས་སྐྱོར་བྱ་ཡུལ། ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་འཚམ་འདྲི་བྱས་པ་མ་ཟད། ཁུལ་རིམ་པའི་མགོ་ཁྲིད་ཀྱི“1+10”གཞི་རིམ་མང་ཚོགས་འབྲེལ་འདྲིས་ཞབས་ཕྱིའི་འབྲེལ་ཡོད་བྱ་བའི་བཀོད་སྒྲིག་ལྟར། འབྲེལ་འདྲིས་བྱེད་པའི་ཡུལ་ཚོ་གྲོང་རྡལ་དང་དབུལ་ཕོངས་སློབ་མར་འཚམ་འདྲི་བྱས་ཏེ། ཁོ་ཚོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སེམས་ཁུར་དང་དྲོད་ཁོལ་བསྐྱལ་བ་དང། དུས་ཆེན་གྱི་ཁམས་འདྲི་དང་རྟེན་འབྲེལ་ཞུས།

01.jpg

 རུ་མང་དགོན་པ་དང་ཕྱུག་ནོར་དགོན་པ་ནས་ལི་ཞང་ཏུང་གིས་དགོན་པའི་གྲྭ་བཙུན་གྱི་རྒྱུན་ལྡན་གྱི་འཚོ་བ་དང་སློབ་སྦྱོང་། དོ་དམ། དགོན་པའི་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། རྒྱ་ཆེ་བའི་གྲྭ་བཙུན་ཡོངས་ཀྱིས་སྤྱི་ཚོགས་བདེ་འཇགས་ཀྱི་སྲུང་སྐྱོང་དང་ཆོས་ལུགས་ཞི་མཐུན། མི་རིགས་མཐུན་སྒྲིལ་སོགས་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་ཤུགས་ཕུལ་བར་གདེང་འཇོག་ཆེན་པོ་བྱས་ཤིང་། གྲྭ་བཙུན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་པར་སློབ་སྦྱོང་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་ཆགས་སུ་འཇུག་པ་གཉིས་ཟུང་འབྲེལ་བྱས་ཏེ། ལྟ་བ་གཅིག་མཐུན་སྒོས་སྔར་ལས་ཆོད་སེམས་ལྡན་པ་དང་རང་འགུལ་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་གོ་གནས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བསམ་བློ་དེ་ཁྲིད་སྟོན་ཡིན་པའི་གོ་གནས་ལ་སྲུང་སྐྱོང་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་དྲིན་དྲན་པ་དང་ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་དགོས་པའི་གྲོས་མགོ་བཏོན།

02.jpg

དབང་སྐྱོན་མང་ཚོགས་བསོ་རྒྱལ་འབུམ་དང་ཀུན་ཐར་སྐྱིད། དེ་བཞིན་རོགས་སྐྱོར་བྱ་ཡུལ་བན་དེ་སྐྱབས་བཅས་ལ་འཚམ་འདྲི་བྱེད་སྐབས། ཁོ་ཚོའི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་ལ་རྒྱུས་ལོན་བྱས་པ་དང་། ཁོ་ཚོར་འཚོ་བའི་དཀའ་སྡུག་ཁྱད་དུ་བསལ་བ་དང་སྤྲོ་སྣང་གིས་སྔར་ལས་བཟང་བའི་འཚོ་བ་གསར་བ་གསར་འཛུགས་བྱེད་དགོས་པའི་སྐུལ་མ་བྱས། མཚོ་འཁྱིལ་ཡུལ་ཚོ་མི་དམངས་སྲིད་དུ། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་གིས་རིམས་ནད་འགོག་སྡོམ་དང་ནགས་དང་རྩྭ་སའི་མེ་ཟོན། བདེ་འཇགས་ཐོན་སྐྱེད་སོགས་ལས་དོན་དངོས་འབེབས་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། རིམས་ནད་འགོག་སྡོམ་སྲིད་ཇུས་དང་བདེ་ཐང་ཤེས་བྱའི་དྲིལ་སྒྲོག་ལ་ཤུགས་སྣོན་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་ཉིད་ནི་རང་གི་བདེ་ཐང་གི་འགན་ཁུར་མཁན་གཙོ་བོ་ཡིན་པའི་འདུ་ཤེས་ཆགས་སུ་འཇུག་པ་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་རིམས་ནད་འགོག་སྡོམ་དང་ནགས་དང་རྩྭ་སའི་མེ་ཟོན། འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་རྒྱུན་ཤེས་དྲིལ་སྒྲོག་ལེགས་པོ་སྒོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། སྤྱི་ཚོགས་བརྟན་བརླིང་ལ་འགན་ལེན་བྱེད་དགོས་ཟེར།

04.jpg

རྐང་ཚ་རྫོང་སྤྱི་བདེ་ཅུའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་བོའུ་ཐེན་ཀོས་ལ་འཚམ་འདྲི་བྱེད་སྐབས། ཁོའི་ལས་གནས་བརྟན་སྲུང་དང་སྒེར་འདོར་གཅེས་འབུལ། སྤྱི་ཚོགས་བདེ་འཇགས་ཀྱི་སྲུང་སྐྱོང་དང་ནག་ཉེས་ལ་རྡུང་རྡེག་སོགས་བྱ་བའི་ཐད་ཀྱི་འབུར་ཐོན་བྱས་རྗེས་ལ་གདེང་འཇོག་ཆེན་པོ་བྱས་ཤིང་། མུ་མཐུད་དུ་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་ཏང་ལ་བློ་དཀར་བའི་ཆབ་སྲིད་ཀྱི་གཤིས་ཀ་སྦྱོང་བརྡར་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་རྩལ་ཇེ་བཟང་དུ་གཏོང་བ། སྤྱི་བདེ་བྱ་བའི་ཁྲོད་དུ་ཏང་ཡོན་གདོང་མཆོང་དཔེ་ལེགས་ཅན་གྱི་བྱེད་ནུས་འདོན་སྤེལ་བྱེད་པ། དམངས་དམག་གི་སྣེ་ཁྲིད་དེ་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།


མཉམ་སྤྱོད།