དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས།

2023-01-20 12:09:49   |   206

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མཚོ་བྱང་བརྙན་འཕྲིན་ཁང་། 


 ཟླ1ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ལས་དོན་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གྱི་འོས་མི་ཀྲང་ཧྲེང་ཡོན་ཚོགས་འདུར་ཞུགས།

a.jpg

ཤ་བོ་སྐྱབས་ཀྱིས་ལོ་སར་ལ་ཐོན་ལ་ཡོད་པས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལོ་སར་སྐབས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བྱ་བའི་བྱེད་ཐབས་ཁག་ཞིབ་ཚགས་སུ་གཏོང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་ཆེན་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་བརྟན་ལྷིང་། མཁོ་འདོན་འགན་ལེན། སྤྱོད་གཙང་རང་འདོམས། ལས་རེས་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ལ་དུས་ཆེན་སྐྱིད་པོ་ཞིག་རོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན།

 b.jpg

ཤ་བོ་སྐྱབས་ཀྱིས་ཉེ་དུས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། སྐབས་བཅུ་བཞི་པའི་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཞིང་ཆེན་གྱི་ཚོགས་འདུ་གཉིས་སྔ་རྗེས་སུ་འཚོགས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་བྱ་སྤྱོད་མགྱོགས་མྱུར་སྤེལ་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཞིང་ཨུས་ད་ལོའི་ཁྱོན་ཡོངས་ཀྱི་ལས་དོན་ལ་བཏོན་པའི་སྤྱིའི་བླང་བྱ་སློབ་སྦྱོང་ཡག་པོ་དང་ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་མཉམ་དུ་སློབ་སྦྱོང་དང་བྱ་བའི་བསམ་ཕྱོགས་གསེད་བཀྲོལ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤུས་ཚད་མཐོ་བའི་སྒོ་ནས་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཁུལ་གྱི་ཚོགས་ཆེན་གཉིས། ཁུལ་སྒྲིག་ཨུའི་ཚང་འཚོམས་གྲོས་ཚོགས་སོགས་ཚོགས་འདུ་གལ་ཆེན་གྲ་སྒྲིག་ལེགས་པོ་བྱེད་དགོས་ཞེས་བསྟན།

 c.jpg

ཤ་བོ་སྐྱབས་ཀྱིས་དུས་བབ་གསར་པའི་འོག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་འགན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་པྲོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། རྒྱལ་ཁབ་ཀྱི་རིམས་ནད་ཁ་པའི་རིགས་ལ་རིམ་པ་ཁ་པའི་དོ་དམ་གྱི་སྤྱིའི་ཇུས་གཞི་དོན་འཁྱོལ་ནན་ཏན་བྱས་ཏེ། བདེ་ཐང་འགན་ལེན་དང་ནད་གཞི་ཚབས་ཆེན་འགོག་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་སུ་བཞག་ནས་སྨན་བཅོས་སྲོག་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་གི་འདུ་ཤེས་བརྟན་པོ་འཛུགས་པ། ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་དང་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཆེ་རུ་གཏོང་བ་བཅས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་བློ་བདེ་ལ་འབབ་མི་ཐུབ་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱེད་པ། འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ། འགལ་བ་དང་རྩོད་གཞི་སྣ་ཚོགས་གྲལ་བཤེར་དང་སེལ་ཐབས་གཏིང་ཟབ་བྱེད་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བྱེད་ཐབས་འདང་ངེས་སྤྱོད་པ། ཤུགས་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་ཆེན་སྐབས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་ཁྲོམ་རའི་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་དུས་ཆེན་སྐབས་ཀྱི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱས་ཏེ་འཚོ་བའི་མཁོ་ཆས་མཁོ་སྤྲོད་རྒྱུན་ཆད་མེད་པར་ཕྱིར་འཚོང་ཐུབ་པའི་འགན་ལེན་བྱེད་དགོས། རྡོ་སོལ་གློག་སྣུམ་འགན་ལེན་མཁོ་སྤྲོད་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་ཡག་པོ་བྱེད་པ། དུས་ཆེན་གྱི་གཙོ་གནད་འཛད་སྤྱོད་དངོས་རྫས་ཀྱི་སྤུས་ཚད་དང་རིན་གོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་འགན་ལེན་བྱེད་དགོས། ཤ་བོ་སྐྱབས་ཀྱིས་སྒྲིག་ཁྲིམས་ཀྱི་གཏན་འབེབས་ཁག་ལག་བསྟར་ནན་མོ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ཞིང་ཆེན་དང་ཁུལ་གྱི་ཞིབ་ཕྲའི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ་ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་རང་རྟོགས་ངང་བཀག་འགོག་བྱེད་པ། དུས་ཆེན་སྐབས་སུ་མི་མང་མཉམ་རུབ་ཀྱིས་ཆང་རག་འཐུང་རྒྱུ་གཏན་འགོག་བྱེད་པ། བྱ་བ་དང་འཚོ་བའི་སྒྲིག་ཁྲིམས་ནན་དུ་གཏོང་བ། ལས་བྱེད་ལས་བཟོར་དོགས་ཟོན་དང་སྐྲག་སྣང་ཡོད་པ་དང་གུས་ཤིང་སྐྲག་ཤེས་པ། མཐའ་ཚད་སྲུང་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱིས་ལྟ་སྐུལ་སྒྲིག་བསྟར་གྱི་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ་བསྐྱར་ལོག་དང་མངོན་མེད་གཞན་འགྱུར། ངལ་དུབ་སྔོན་འགོག་བཅས་མཐའ་གཅིག་ཏུ་བྱེད་དགོས། འཕྲལ་སྡོམ་ལས་རེས་དང་ལས་རེས་ལས་སྒྲུབ་གྲ་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ་དང་ལས་གནས་ཀྱི་འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ། ཆུ་ཚོད24རིང་ཆེད་བསྐོས་མི་སྣས་ལས་རེས་བྱེད་པ་དང་མགོ་ཁྲིད་ལས་བྱེད་པས་ལས་རེས་བྱེད་པ། ཕྱིར་བསྐྱོད་ན་གནང་བ་ཞུས་ནས་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ལས་རེས་ཆ་འཕྲིན་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ནན་ཏན་བཅས་བྱས་ནས་དུས་ཆེན་སྐབས་ཀྱི་ལས་དོན་ཁག་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན། 

      ཁུལ་གྱི་མགོ་ཁྲིད་དབྱང་ཧའེ་ལུང་དང་གཡུ་སྒྲོན་མཚོ། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། མ་ཁྲིན་ཧྥང་། སུན་ཞིག་ཙུང་། ཞུས་ཡུང་ཀུང་། མ་ཁྲིན་ཀོས། སུའུ་བདུན་ཅུ། ལི་ཞུས་ཀྲེན། བན་བཀྲ་ཤིས་དོན་འགྲུབ། ཝང་ཞིན་ཧུའེ། དབྱིན་མའོ་ཝུན། ལི་ཞང་ཏུང་། ཚའོ་ཅི་ཆང་། མ་རུའུ་ཞང་། ཁྲང་ལིན། པའོ་ཀྲེང་ཆིང་། ལུང་ཡུང་ཧྲིན། ཡང་ཏི། ཞའོ་རོས་ཞིན། མ་བིན་ཆོན། ཁེ་ཞའོ་ཆིན། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་གཏོགས་ལས་ཁུངས་སོ་སོ། རྫོང་བཞི་དང་ར་བ་གཅིག་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས།


མཉམ་སྤྱོད།