དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་དྭངས་གཙང་དང་མཛེས་སྡུག རྒྱུན་མཐུད་ཐུབ་པ་བཅས་ཀྱི་འཛམ་གླིང་མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པའི་སྐོར་གླེང་བ།

2025-05-22 15:26:14   |   512

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། སློབ་བརྩོན་རྒྱལ་སྟོབས།   བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20250506092536.jpg

无论国际形势如何变化,中国积极应对气候变化的行动不会放缓,促进国际合作的努力不会减弱,推动构建人类命运共同体的实践不会停歇。让我们以人类前途为怀、以人民福祉为念,切实履行共同但有区别的责任,各尽所能,团结协作,推动共建清洁、美丽、可持续的世界。

——习近平2025年4月23日在气候和公正转型领导人峰会上的致辞

རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་འཇལ་བའི་འགུལ་སྐྱོད་ཇེ་དལ་དུ་མི་འགྲོ་བ་དང་། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་ཇེ་ལྷོད་དུ་མི་འགྲོ་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ལག་ལེན་མཚམས་འཇོག་མི་སྲིད། ང་ཚོས་མིའི་རིགས་ཀྱི་མདུན་ལམ་ཡིད་ལ་འཛིན་པ་དང་མི་དམངས་ཀྱི་བདེ་སྐྱིད་སེམས་ལ་བཅངས་ནས། ཐུན་མོང་ཡིན་ལ་ཁྱད་པར་ཡོད་པའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། གང་ནུས་དེ་སྒྲུབ་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ་དྭངས་གཙང་དང་མཛེས་སྡུག རྒྱུན་མཐུད་ཐུབ་པ་བཅས་ཀྱི་འཛམ་གླིང་མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

—ཞི་ཅིན་ཕིང་གིས2025ལོའི་ཟླ4པའི་ཚེས23ཉིན་གནམ་གཤིས་དང་དྲང་གཞག་ཕྱོགས་སྒྱུར་གྱི་དབུ་ཁྲིད་པའི་དབུ་ཚོགས་ཐོག་གནང་བའི་ཤིས་ཚིག


མཉམ་སྤྱོད།