དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏང་སྲིད་ལས་ཁུངས་ཀྱིས་མགོ་ཁྲིད་དེ་གྲོན་ཆུང་གི་འཚོ་བ་རོལ་དགོས།

2025-05-22 16:46:40   |   558

རྩོམ་སྒྲིག ཀླུ་མཁར་རྒྱལ།   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   བཤེར་འབེབས། རིན་ཆེན་ཚེ་རིང་།


གྲོན་ཆུང་ལྷུར་ལེན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པ་ནི་རང་རེའི་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཏང་དང་སྲིད་གཞུང་གིས་མགོ་ཁྲིད་དེ་གྲོན་ཆུང་གི་འཚོ་བ་རོལ་པའི་དམིགས་ཡུལ་ནི་མང་ཚོགས་ལ་འཚོ་བ་སྐྱིད་པོ་རོལ་དུ་འཇུག་ཆེད་ཡིན་ལ། འདི་ནི་རང་རེའི་ཏང་གི་དམིགས་དོན་དང་ངོ་བོས་ཐག་གཅོད་བྱས་ཡོད་པ་ཞིག་རེད། རང་རེའི་རྒྱལ་ཁབ་འཕེལ་རྒྱས་སོང་ནས་ཆུ་ཚད་ཅི་འདྲ་ཞིག་ལ་སླེབས་པ་དང་། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་སྟེ་ཚད་ཅི་འདྲ་ཞིག་ལ་ཐོན་ནའང་། དཀའ་སྤྱད་འབད་བརྩོན་དང་གྲོན་ཆུང་བྱེད་དགོས་པའི་བསམ་བློ་ནམ་ཡང་འདོར་མི་རུང་།”ཉེ་ཆར། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་གཏིང་ཟབ་ཀྱིས་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བ་རྒྱུན་མཐུད་ངང་སྤེལ་བའི་སྐབས་འདིར། ཏང་ཀྲུང་དབྱང་གིས《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ལྷུར་ལེན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》བཟོ་བཅོས་བྱས་ཤིང་། ཏང་སྲིད་ལས་ཁུངས་ཀྱིས་མགོ་ཁྲིད་དེ་གྲོན་ཆུང་གི་འཚོ་བ་རོལ་བའི་ལམ་ལུགས་སྔར་ལས་ཇེ་དམ་དུ་བཏང་ཡོད། ས་ཁུལ་དང་སྡེ་ཁག་སོ་སོ་སྤྱོད་ཚུལ་འཛུགས་སྐྲུན་བྱ་རྒྱུ་དེ་ཏང་གི་སྣང་བརྙན་དང་མི་དམངས་ཀྱི་བསམ་ཕྱོགས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྒྱལ་ཕམ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་ཡག་པོ་བྱེད་པ་དང་། ལམ་ལུགས་ཀྱི་འགྱུར་མེད་ཚོད་འཛིན་ནུས་པར་བརྟེན་ནས་རྒྱས་སྤྲོས་ཆུད་ཟོས་ཀྱི་སྤྱོད་ཚུལ་དང་བྱ་སྤྱོད་ངན་པ་མཐའ་གཅིག་ཏུ་བཀག་འགོག་དང་རྩ་བ་ནས་བཅོས་བསྒྱུར་བྱེད་དགོས།

ཆུད་ཟོས་ལ་མུ་མཐུད་དུ་ངོ་རྒོལ་བྱེད་པའི་ལམ་ལུགས་ཀྱི་ཆུ་རགས་བརྟན་པོར་འཛུགས་དགོས། 2013ལོར། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་ཆེད། ཏང་ཀྲུང་དབྱང་གིས《སྲོལ་ཡིག》གཏན་འབེབས་བྱས་པར་མ་ཟད།《སྲོལ་ཡིག》གཙོ་བོར་བཟུང་ཞིང་། ཕྱོགས་སོ་སོའི་ཆེད་དམིགས་སྒྲིག་སྲོལ་ལམ་ལུགས་ཀྱིས་ཟུར་བརྒྱན་ནས་གྲུབ་པའི་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་མ་ལག་རིམ་བཞིན་ཆགས་པར་སྐུལ་འདེད་བཏང་སྟེ། “འཁོར་ལོའི་སྟེང་གི་རུལ་སུངས”དང་། “ལྕེ་རྩེ་ཡི་ཆུད་ཟོས།” “ཚོགས་ཁང་ནང་གི་ལོག་སྤྱོད”སོགས་མངོན་གསལ་དོད་པའི་སྤྱོད་ཚུལ་གནད་དོན་བཀག་འགོག་ནུས་ལྡན་བྱས་ཡོད། དུས་མཚུངས་སུ། ཏང་ཀྲུང་དབྱང་གིས་བཀའ་འབེབས་དང་བསླབ་བྱ་ཡང་ཡང་བཏང་ནའང་ཏང་སྲིད་ལས་ཁུངས་ཁ་ཤས་ཀྱིས་རྒྱུ་ནོར་འཕྲོ་བརླག་དང་རྒྱས་སྤྲོས་ཆུད་ཟོས་བྱེད་པའི་སྣང་ཚུལ་སྔར་བཞིན་འབྱུང་བཞིན་ཡོད་པ་དང་། ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་སྒྲིག་ཁྲིམས་དང་འགལ་བ་དང་མངོན་མེད་གཞན་འགྱུར་གྱི“སྤྱོད་ཚུལ་བཞིའི”གནད་དོན་ནི་བཀག་སྡོམ་བྱས་ཀྱང་སྔར་བཞིན་འབྱུང་བཞིན་ཡོད་པ་རེད། ཐེངས་འདིར《སྲོལ་ཡིག》བཟོ་བཅོས་བརྒྱབ་སྟེ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་གཉིས་ཟུང་འབྲེལ་བྱས་ནས་དུས་བསྟུན་ལྷན་སྐྱོད་ཀྱིས་འགྲོ་གྲོན་དོ་དམ་དང་རྒྱལ་ནང་གི་གཞུང་དོན་འགྲོ་གྲོན། གཞུང་དོན་གྱི་དབང་གིས་གནས་སྐབས་སུ་ཕྱི་རྒྱལ(ས་ཁོངས་གཞན)དུ་འགྲོ་བ། གཞུང་དོན་སྣེ་ལེན། གཞུང་དོན་དུ་རླངས་འཁོར་བཀོལ་བ། ཚོགས་འདུའི་བྱ་འགུལ། གཞུང་དོན་དུ་ཁང་བ་སྤྱོད་པ། ཐོན་ཁུངས་གྲོན་ཆུང་བྱེད་པ་སོགས་ཀྱི་གཏན་འབེབས་འཐུས་ཚང་དུ་བཏང་སྟེ། གྲོན་ཆུང་ལྷུར་ལེན་བྱེད་པ་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཆད་ཤོར་ཞིབ་བཤེར་དང་སྟོང་ཆ་གསབ་པ་དང་། གསར་བསྒྱུར་རིམ་སྤར་བྱས་པ་བརྒྱུད་དེ་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་ཀྱི་ཆུ་རགས་སྔར་བས་བརྟན་པོ་བསྐྲུན་ཡོད།

མགོ་ཁྲིད་དེ་གྲོན་ཆུང་གི་འཚོ་བ་རོལ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གི་ནང་དུ་ཏང་སྲིད་ལས་ཁུངས་ཀྱི་གྲོན་དངུལ་བེད་སྤྱོད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གཞུང་གི་ཉོ་སྒྲུབ་ལྟ་སྐུལ་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གི་མ་འཇོག་ཁ་ཕྱོགས་དང་གྲུབ་ཆ་ཇེ་ལེགས་སུ་གཏོང་བ། ཏང་སྲིད་ལས་ཁུངས་ཀྱི་རྒྱལ་ནང་གི་གཞུང་དོན་བྱ་འགུལ་དང་གཞུང་དོན་གྱི་དབང་གིས་གནས་སྐབས་སུ་ཕྱི་རྒྱལ(ས་ཁོངས་གཞན)དུ་འགྲོ་བའི་བྱ་འགུལ། གཞུང་དོན་སྣེ་ལེན་གྱི་བྱ་འགུལ། གཞུང་དོན་དུ་རླངས་འཁོར་སྤྱོད་པ། ཚོགས་འདུའི་བྱ་འགུལ། གཞུང་དོན་དུ་ཁང་བ་སྤྱོད་པ་བཅས་ལ་དོ་དམ་ནན་མོ་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ཞིབ་ཚགས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་མོ་བཏོན་ཡོད། ཏང་སྲིད་ལས་ཁུངས་རིམ་པ་ཁག་གིས་གྲོན་ཆུང་གི་འཚོ་བ་རོལ་བའི་ལམ་ལུགས་ཁག་གི་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ། བྱ་གཞག་ཡོད་ཚད་བརྩོན་པ་དང་གྲོན་ཆུང་གིས་སྒྲུབ་པ་དང་། སྟབས་བདེ་དང་ནན་མོ།རྩིས་འདེབས་ཞིབ་ཕྲ་བཅས་བྱས་ནས་འགྲོ་སོང་ལ་ཚོད་འཛིན་ནན་མོ་བྱེད་པ་དང་། ཚད་ཡོད་པའི་ནོར་སྲིད་མ་དངུལ་གནད་ཐོག་ཏུ་བཀོལ་ཏེ། མ་དངུལ་སྔར་ལས་མང་པོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་འཚོའི་རེ་སྒུག་ཐད་སྤྱོད་དགོས།

ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་བཙུགས་ཏེ་ལག་ལེན་ཏན་ཏིག་བྱེད་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གི་ནང་དུ་རིམ་པ་ཁག་གི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་འཛུགས་དགོས་པ་དང་། དམངས་ངལ་རྒྱུ་ཤོར་གྱི“སྣང་བརྙན་བཟོ་འགོད”དང“ཆབ་སྲིད་གྲུབ་འབྲས་བཟོ་འགོད”གཏན་འགོག་བྱེད་དགོས། ཐབས་ཇུས་ཀྱི་ནོར་འཁྲུལ་ནི་ཆུད་ཟོས་ཆེ་ཤོས་ཡིན། རིམ་པ་ཁག་གི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་དང་ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འཆར་འགོད་གཏན་འབེབས་དང་སྲིད་ཇུས་དང་བྱེད་ཐབས་འདོན་པ། དོན་དག་གལ་ཆེན་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་ནས་འཕྲོ་བརླག་ཏུ་གཏོང་བ་དང་ཡོང་སྒོ་ལས་འགྲོ་སྒོ་ཆེ་བ་སོགས་ཀྱི་སྣང་ཚུལ་སྔོན་འགོག་བྱེད་པ། ཚད་ཡོད་ཀྱི་ནོར་སྲིད་ཐོན་ཁུངས་བཅོས་བསྒྱུར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དོན་དངོས་སྒྲུབ་པ་བཅས་ཀྱི་ཕྱོགས་སུ་སྤྱོད་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁག་དངོས་སུ་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས། “སྲིད་འབྲས་གཙུག་ཏུ་བཀུར་བའི་ནད་རྟགས”སྣ་ཚོགས་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ། མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་གྲུབ་འབྲས་ལྟ་བར་ནོར་འཁྲུལ་བྱུང་བ་དང་། ཐབས་ཇུས་ཀྱི་ནོར་འཁྲུལ་ཚབས་ཆེན་དང་ལྷག་པར་དུ“སྣང་བརྙན་བཟོ་འགོད”དང“ཆབ་སྲིད་གྲུབ་འབྲས་བཟོ་འགོད”བསྒྲུབས་ནས་ཆུད་ཟོས་ཚབས་ཆེན་བཟོས་པའི་རིགས་ངེས་པར་དུ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།

རྒྱས་སྤྲོས་ཆུད་ཟོས་ཀྱི་སྤྱོད་ཚུལ་ངན་པ་བཀག་འགོག་ནན་མོ་བྱེད་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གིས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་རྒྱས་སྤྲོས་ཆུད་ཟོས་ཀྱི་སྣང་ཚུལ་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བར་དམིགས་ནས། སྒྲིག་ཁྲིམས་ཀྱི་བླང་བྱ་སྔར་བས་ཇེ་དམ་དུ་གཏོང་བ་དང་ལམ་ལུགས་ཀྱི་ཚོད་འཛིན་ནུས་པ་ཇེ་ཆེར་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྲིད་གཞུང་གི་ཉོ་སྒྲུབ་དང་གཞུང་དོན་བྱ་འགུལ། གཞུང་དོན་དུ་རླངས་འཁོར་སྤྱོད་པ། ཚོགས་འདུའི་བྱ་འགུལ། གཞུང་དོན་དུ་ཁང་བ་སྤྱོད་པ་སོགས་གྲོན་ཆུང་གི་གཏན་འབེབས་དོན་འཁྱོལ་ནན་མོ་བྱས་ཏེ། ཚད་གཞི་ལས་བརྒལ་ནས་རྒྱས་སྤྲོས་ཀྱི་དངོས་ཟོག་སྒྲིག་ཆས་ཉོ་སྒྲུབ་བྱེད་པ་གཏན་འགོག་དང་། ཚད་གཞི་ལས་བརྒལ་བའི་འཛུགས་སྐྲུན་བྱེད་པའམ་སྣེ་ལེན་བྱེད་ས་དང་གཞུང་སྒྲུབ་བྱེད་སའི་ཁང་པར་རྒྱས་སྤྲོས་ཀྱི་མཛེས་བཟོ་བྱེད་པ་གཏན་འགོག  གཞུང་སྤྱོད་འཁོར་རིགས་ལ་རིམ་པ་མཐོ་བའི་སྒྲིག་སྦྱོར་རམ་ཡང་ན་རྒྱས་སྤྲོས་ཀྱི་ནང་རྒྱན་ཁ་སྣོན་བྱེད་པ་གཏན་འགོག དུས་ཆེན་དང་འགྲེམ་ཚོགས་གླེང་སྟེགས་དང་ལུས་རྩལ་འགྲན་ཚོགས། འགྲན་སྡུར་སོགས་བྱེད་སྒོའི་ཁྲོད་ཕན་ཚུན་བསྡུར་བ་དང་། རྣམ་པ་རྒྱ་ཆེར་སྤེལ་བ། རྒྱས་སྤྲོས་ཆུད་ཟོས་བཅས་མཐའ་གཅིག་ཏུ་སྔོན་འགོག་བྱས་ཏེ། སྲིད་དོན་ཞབས་ཞུའི་ཁྲོད་ཀྱི“ངོ་སོའི་བཟོ་འགོད”མཐའ་གཅིག་ཏུ་འགོག་བཅོས་དང་ཡོ་བསྲང་བྱེད་དགོས།

གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གི་ནང་དུ་རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་བར་སྔར་ལས་ལྷག་པའི་བླང་བྱ་བཏོན་ཡོད། རིམ་པ་ཁག་གི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་ཁག་གིས་གྲོན་ཆུང་བྱས་ཏེ་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ཐད་མདུན་དུ་བསྐྱོད་པ་དང་མིག་དཔེ་སྟོན་དགོས། ཏང་སྲིད་ལས་ཁུངས་རིམ་པ་ཁག་དང་དེའི་ལས་བྱེད་མི་སྣས《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པར་སྐུལ་འདེད་གཏོང་བ་དང་། གྲོན་ཆུང་གི་བསམ་བློ་དང་བབ་ཆགས་ཀྱི་འདུ་ཤེས་འཛུགས་པ། མ་དངུལ་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་ཚགས་ངང་སྤྱོད་པ། མགོ་ཁྲིད་དེ་འབྲུ་རིགས་གྲོན་ཆུང་གི་བྱ་སྤྱོད་སྤེལ་བ་དང་། མ་དངུལ་དང་ཐོན་ཁུངས་སྣ་ཚོགས་ཆུད་ཟོས་སུ་གཏོང་བ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་སྲོལ་དང་སྲིད་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་སྤྱོད་ཚུལ་དང་དམངས་སྲོལ་ལ་སྣེ་ཁྲིད་དེ། སྤྱི་ཚོགས་ཡོངས་སུ་ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་རྣམ་པ་བཟང་པོ་བསྐྲུན་དགོས། །(མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པ།)


མཉམ་སྤྱོད།