མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

༄༅། ། ཀྲུང་གུང་མཚོ་བྱང་ཁུལ་ཨུ། ཁུལ་མི་དམངས་སྲིད་གཞུང་གི་དཔྱིད་གསར་དུས་ཆེན་གྱི་ཤིས་ཚིག

2023-01-21 18:26:43   |   571

རྩོམ་སྒྲིག སངས་དོན།    མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར།


ཆུ་ཕོ་སྟག་གི་ལོ་རྙིང་ཕར་ལ་བསྐྱལ། ཆུ་མོ་ཡོས་ཀྱི་གནམ་ལོ་ཚུར་ལ་བསུ། ཁྱིམ་ཚང་ཁྲི་སྟོང་མང་པོའི་ལྷན་འཛོམས་ཀྱི་དགའ་སྐྱིད་ལ་རོལ་བའི་བཀྲ་ཤིས་བའི་དུས་སྐབས་འདིརཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། ཁུལ་དུ་སྡོད་པའི་བཅིངས་འགྲོལ་དམག་གི་བཀོད་འཐབ་པདྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་མི་སྣ་བཅས་དང་། ཁུལ་ཡོངས་ཀྱི་ལས་ཁུངས་དང་ཁེ་ལས། སྨན་ཁང་བཅས་ཀྱི་བློ་མཐུན་ཡོངས། མཚོ་བྱང་གི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ལས་རིགས་ཁག་གི་མི་སྣ་ཚང་མར་ལོ་གསར་གྱི་སྨོན་འདུན་ཞུ་པ་ཡིན་ལ ལོ་གསར་དུས་ཆེན་དུ་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་མཁན་གྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་བ་བཅས་ལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཞུ་པ་ཡིན།

རླབས་ཕྲེང་བཅད་པའི་ཤུགས་ཀྱིས་ནི། སླར་ཡང་སྤོབས་པས་འབྱུང་འགྱུར་བསུ། འདས་མ་ཐག་པའི2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན་ལ། མཚོ་བྱང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་ཀྱང་ཡིན ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནསསྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་ནས་ལོ་གཅིག་འཁོར་བ་སྒུལ་ཤུགས་སུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ་བཅས་གཙོ་གནད་དུ་བཟུང་བ། མངགས་བཅོལ་བློ་ལ་བརྟན་པོར་ངེས་ཤིང་། དྲིན་གཟོའི་སེམས་ཀྱིས་མདུན་དུ་བསྐྱོད་དེ་བྱ་གཞག་སོ་སོར་གྲུབ་འབྲས་གསར་བ་བླངས་བ་དང་ཐོལ་བརྒལ་གསར་པ་མངོན་འགྱུར་བྱུང་ཡོད། ལོ་འདིར། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པའི་སྐུལ་སློང་བཀའ་རྒྱ་བཏང་ཞིང་ ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག“243”གྱི་འཕེལ་རྒྱས་བཀོད་སྒྲིག་གི་དམིགས་ཚད་བསམ་ཕྱོགས་བཀོད་འབྲི་བཞེངས་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་འཆར་འགོད་གནང་བའི་འཆར་གཞི་དང“དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག”འཛུགས་སྐྲུན་གྱི་དམིགས་ཚད་དེ“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་བཟོ་སྐྲུན་དཔེ་རིས་དང་ལས་འགན་ཡི་གེར་བཀོད་དེ་ཞིབ་ཚགས་སུ་བཏང་ས་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་བས་གསལ་པོ་དང་བྱ་ཐབས་སྔར་བས་ནུས་ལྡན་བྱུང་ཡོད། ལོ་འདིར། ང་ཚོས་འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་མ་བཏང་བ་དང་། ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ ཞིང་ཕྱུགས་ལས་ཀྱི“ཐོན་ལས་ཆེན་པོ་ལྔའིསྤུས་ཚད་ཇེ་མཐོར་དང་ཕན་འབྲས་བཏང་ མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། ནུས་རྒྱུ་གསར་པའི་ཐོན་ལས་ཀྱི“སྤུས་ཚད”མཆོང་བརྒལ་བྱུང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་འབུར་དུ་བཏོད་བཏོད་ཡོད། ལོ་འདི ང་ཚོས་མཚོ་བྱང་རང་ངོས་ཀྱི་ཕུན་སུམ་ཚོགས་པའི་སྙིང་སྟོབས་ཀྱི་ནང་དོན་སྔོག་འདོན་ཤུགས་ཆེན་བྱས་ཏེམཚོ་བྱང་གི་ཁྱད་ཆོས་མངོན་གསལ་ཡིན་པའི་བསམ་པའི་མཐོ་ས་བཏོད་པ་དང་། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས221རྟེན་གཞིའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་བྱེད་པའི“བཟོ་སྐྲུན་ཨང་དང་པོ”སྲུང་སྐྱོང་བེད་སྤྱོད་བྱ་པ་དང་ མཐོན་པོ་སྒང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱ་པ། 221རྟེན་གཞིའི་གནས་རྙིང་དེ་བཟོ་འཕྲིན་པུཡིས་རྒྱལ་ཁབ་ཀྱི་བཟོ་ལས་ཤུལ་བཞག་ལ་བདམས་པ གསེར་དངུལ་ཐང་རྩྭ་ཐང་རྒྱལ་ཡོངས་ཀྱི་ཆེས་ཐོག་མའིགསར་བརྗེའི་རྩྭ་ཐངདུ་གདམས་ཐོན་བྱུང་བ་དང་། མ་རྡུལ་མཁར་མཚོ་སྔོན་གྱི་གསར་བརྗེའི་གནས་སྐོརགྲགས་ཅནདུ་བསྒྱུར་ཡོད། ལོ་འདིར། ང་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ལ་གཞི་ཚུགས་ཏེབློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་གོ་བརྩམས ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་བཏང ལོ་འདི ང་ཚོས་དམངས་སེམས་གཅིག་སྒྲིལ་གྱིས་རིམས་ནད་འགོག་རྒོལ་བྱས་པ་དང་། ས་ཡོམ་དང་ཆུ་ལོག་སོགས་རང་བྱུང་གནོད་འཚེ་ལ་ཁ་གཏད་བཅལ “1·08”ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཁ་གཏད་རོགས་སྐྱོར་མཉམ་ལས་སྤེལ་རེས་ཟབ་སྤེལ་བྱ་པ། ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་དོན་ཆེན་དམ་འཛིན་ཏན་ཏིག་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཁྲི29.5ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་ལམ་ཁ་ནས་རྗེས་སུ་མི་ལུས་པའི་འགན་ལེན་བྱས། ལོ་འདི ང་ཚོས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་དམངས་གཙོ་ཁྲིམས་སྐྱོང་དང་། སྤྱི་ཚོགས་བཅོས་སྐྱོང་། འདུ་ཤེས་འཛིན་སྟངས་སོགས་ཀྱི་ལས་དོན་སོ་སོར་སྤྱི་འདོམས་སྐུལ་འདེད་བཏང་བསརྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བར“རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བའི”གཟི་བརྗིད་མཚན་སྙན་ཐོབ་ཡོད། ལས་བྱེད་པའི་དཔུང་སྡེའི“སྤྱོད་ཚུལ་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད”ལག་བསྟར་ཤུགས་ཆེན་བྱས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད

བློ་སེམས་གཅིག་གིས་དོན་ཆེན་དར་སྤེལ་བཏང་། མཐུན་སྒྲིལ་ཆེན་པོས་གྲུབ་འབྲས་ཆེན་པོ་བླངས། བླངས་ཟིན་པའི་གྲུབ་འབྲས་འདི་དག་ལ་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་དང་རྔུལ་ཆུ་སིམ་ཡོད་ལ། རིམ་པ་སོ་སོའི་སྡེ་ཁག་དང་ཕྱོགས་སོ་སོའི་འབད་བརྩོན་ཡང་འདུས་ཡོད་པས། ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

དུས་རབས་གསར་བར་གོམ་པ་སྤོ། འཐབ་ལམ་གསར་བར་འབད་པས་སྐྱོད། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་རྩོམ་པའི་ལོ་ཞིག་དང་། “ལྔ་བཅུ་བཞིའི”སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་དགའ་སྤྲོའི་ལོ་ཞིག་བཅས་ཡིཔ། གོང་འོག་འདུན་པ་མཐུན་ན་རྒྱལ་ཁ་ཐོབ། སྐྱིད་སྡུག་མཉམ་བྱས་ན་འབྲས་བུ་འབྱུང་། ལོ་གསར་པའི་ནང་ང་ཚོས་ལག་གདང་སྦྲེལ་ནས་དུས་རབས་གསར་པ་དགའ་བས་བསུ་བ་དང་། བསམ་བློ་གསར་པ་ལག་བསྟར། བྱས་རྗེས་གསར་པ་འཇོག་པ་བཅས་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་མཉམ་སྐྲུན་མཉམ་སྤྱོད་བྱ། ཁུལ་ཡོངས་ཀྱི་ཡུལ་མི་སྤུན་ཟླ་རྣམས་དང་། བློ་མཐུན་རྣམ་པ། གྲོགས་པོ་ཚོར་ལོ་གསར་པའི་ནང་བྱ་བ་ལམ་འགྲོ་དང་། སྐུ་གཟུགས་བདེ་ཐང་། ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་སྙིང་ནས་ཞུ་བ་ཡིན། བཀྲ་ཤིས་བདེ་ལེགས་ཞུ།

 

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་འོས་མི་ཀྲང་ཧྲིང་ཡོན།

2023ལོའི་ཟླ1ཚེས21ཉིན།


མཉམ་སྤྱོད།