མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་ལོ་སར་སྐབས་སུ་འཚམས་འདྲི་གནང་བར་ཕེབས།

2023-01-23 15:11:20   |   161

  རྩོམ་སྒྲིག  སངས་དོན།     ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།


ཟླ1པོའི་ཚེས21ཉིན་ནས་ཚེས22ཉིན་བར་གྱི་ལུགས་རྙིང་ལོ་སར་སྐབས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་ལོ་སར་སྐབས་ལས་གནས་བརྟན་སྲུང་བྱེད་མཁན་གྱི་གཞིས་ཁུལ་གྱི་བདེ་སྲུང་མི་སྣ་དང་གཞི་རིམ་སྤྱི་བདེ་ལས་བྱེད་ཉེན་རྟོག་པ། ཁོར་ཡུག་གཙང་བཟོ་ཁན་བཅས་ལ་འཚམས་འདྲི་གནང་བ་དང་འབྲེལ་མདའ་བཞི་རྫོང་སྤྱི་ཚོགས་ཕན་བདེ་ཁང་དུ་ཕེབས་ནས་ལོ་ལོན་དང་དབང་པོ་སྐྱོན་ཅན་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས།

7E12C098-4135-45E9-860A-206FCF94394C.jpeg

གནམ་གང་དགོང་མོར་ཤ་བོ་སྐྱབས་ཀྱིས་ནུབ་མཚོ་གྲོང་རྡལ་དུ་གཞིས་ཁུལ་གྱི་བདེ་སྲུང་མི་སྣར་འཚམས་འདྲི་བྱས་ཏེ་བདེ་སྲུང་མི་སྣས་ལོ་སར་སྐབས་ཀྱི་བདེ་སྲུང་བྱ་བ་སྤེལ་ཚུལ་དང་དྲོད་རླངས། ཟས་གོས་སོགས་ཀྱི་འཚོ་བའི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས། གཞིས་ཁུལ་གྱི་བདེ་སྲུང་མི་སྣས་སྤྱི་ཚོགས་ཀྱི་འགན་ཁུར་ཁུར་ནས་སྲིད་གཞུང་ལ་དཀའ་ངལ་སེལ་རོགས་བྱས་པ་ནི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས“བདེ་འཇགས་མཚོ་བྱང”གཏོད་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ལོ་སར་སྐབས་ཁོ་ཚོས་གཞིས་ཁུལ་དུ་སྐོར་གཡེང་དང་བདེ་སྲུང་སོགས་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་ཆབས་ཅིག་གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱས་ནས་རང་ཉིད་ཀྱི་གཟུགས་པོར་སྲུང་སྐྱོབ་ཡག་པོ་བྱེད་དགོས་པར་བསྟན།

E33BAC7D-A594-45C9-AD09-BEEFD4F303BC.jpeg

ཁུལ་སྤྱི་བདེ་ཅུས་ནུབ་མཚོ་ཡན་ལག་ཅུས་སུ། ཤ་བོ་སྐྱབས་ཀྱིས་སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་དང་།དུས་ཆེན་གྱི་སྐོར་གཡེང་དང་ལས་འགན་བསྒྲུབས་ཚུལ་སྐོར་གྱི་བྱ་བའི་སྙན་ཞུ་ལ་ཉན་པ་དང་ལོ་སར་སྐབས་སྤྱི་བདེ་ལས་བྱེད་ཉེན་རྟོག་པའི་འཚོ་བའི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་ཁོ་ཚོས་རང་ཁྱིམ་རྒྱབ་ཏུ་དོར་ནས་སྤྱི་སེམས་དང་ལེན་བྱས་པ་དང་དུས་ཡུན་རིང་པོའི་ནང་ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སོགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ་ལོ་སར་སྐབས་བྱ་བའི་འཐབ་ས་དང་པོར་ལས་གནས་བརྟན་སྲུང་བྱེད་མཁན་གྱི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་དེ་བཞིན་ཁོ་ཚོའི་ཁྱིམ་མིར་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་ཁུར་དང་འགན་འཁྲི་འཁུར་སེམས་ཆེན་པོ་དང་དེ་བཞིན་རྟག་ཏུ་སེམས་ཁྲལ་བྱེད་པའི་འགན་ཁུར་གྱི་བསམ་པ་བཅངས་ནས་ལས་གནས་ཡག་པོ་སྲུང་བ་དང་། ལས་རེས་ཡག་པོ་བྱེད་པ། འགན་ཁུར་ཡག་པོ་འཁུར་བ་བཅས་བྱས་ཏེ་ཁུལ་ཡོངས་སུ་བདེ་འཇགས་བརྟན་ལྷིང་གི་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས་ནས་ཁུལ་ཡོངས་ཀྱི་མི་དམངས་ཀྱིས་བརྟན་ལྷིང་འཆམ་མཐུན་གྱི་ལོ་སར་སྐྱིད་པོ་ཞིག་རོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་སྐུལ་ལྕག་གནང་།

E97B66CD-1161-4BE8-B6A1-A321A974E60A.jpeg

མདའ་བཞི་རྫོང་ཁོར་ཡུག་གཙང་སྦྲ་སྐྱེད་ཚལ་ལྗང་འགྱུར་ཞབས་ཞུ་ལྟེ་གནས་སུ་ཤ་བོ་སྐྱབས་ཀྱིས་ཁོར་ཡུག་གཙང་བཟོ་མཁན་གྱི་བྱ་བའི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ཁོ་ཚོར་མིག་སྔར་འཕྲད་པའི་དཀའ་ངལ་སྐོར་བཀའ་འདྲི་ཞིབ་ཕྲ་གནང་། ཤ་བོ་སྐྱབས་ཀྱིས་ཁ་ཆར་དང་བུ་ཡུག་ཁྲོད་ཁོར་ཡུག་གཙང་བཟོ་མཁན་གྱིས་འཐབ་ས་དང་པོ་བརྟན་སྲུང་བྱས་ནས་སྔ་ལངས་ཕྱི་ཉལ་དང་ངལ་དུབ་བཟོད་བསྲན་བྱས་ཏེ་ཁ་རོག་གེར་གཙང་ལ་གྲལ་དག་པ་དང་མཛེས་སྡུག་ལྡན་པ། སྐྱིད་སྣང་དོད་པ་བཅས་ཀྱི་གྲོང་རྡལ་གྱི་ཁོར་ཡུག་ཅིག་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བས་ཁོ་ཚོས་དཀའ་སྤྱད་ངལ་རྩོལ་བྱས་པར་བླ་ན་མེད་པའི་གུས་འདུད་ཞུ་བ་དང་ཁོ་ཚོར་ཕྱི་རོལ་དུ་བྱ་བ་སྒྲུབ་སྐབས་གྲང་འགོག་དྲོད་སྲུང་དང་ངལ་རྩོལ་དང་། ངལ་གསོ་ཟུང་འབྲེལ་ཡག་པོ་བྱེད་དགོས་པའི་མངགས་བཅོལ་གནང་། གྲོང་རྡལ་གྱི་དོ་དམ་སྡེ་ཚན་གྱིས་ཞབས་ཞུའི་འགན་ལེན་བྱ་བ་སོ་སོ་ཡག་པོ་སྒྲུབ་ནས། ཁོར་ཡུག་གཙང་བཟོ་མཁན་གྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་རྒྱུན་གཏན་འཚོ་བར་སེམས་ཁུར་དང་དོ་ཁུར་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཁོར་ཡུག་གཙང་བཟོ་མཁན་ལ་བརྩི་འཇོག་དང་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན།


2F5A57BE-1665-4A00-A9B1-B7C4AF355CC4.jpeg


མདའ་བཞི་རྫོང་སྤྱི་ཚོགས་ཕན་བདེ་ཁང་དུ་དམིགས་བསལ་དཀའ་ངལ་ཡོད་པའི་ལོ་ལོན་དང་མ་མཐའི་འཚོ་བའི་འགན་སྲུང་གི་ལོ་ལོན། སྤྱི་ཚོགས་ལོ་ལོན། ཚབ་གསོའི་དབང་པོ་སྐྱོན་ཅན་བཅས་ཀྱི་གྲངས་འབོར་དང་དེ་བཞིན་ཕན་བདེ་ཁང་གི་ཞབས་ཞུ་འགན་ལེན་དང་བདེ་འཇགས་ཐོན་སྐྱེད། རིམས་ནད་འགོག་སྡོམ་སོགས་ཀྱི་བྱ་བ་དོན་འཁྱོལ་བྱས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས། “ལོ་ལོན་དང་བྱིས་པའི”ཞབས་ཞུ་འགན་ལེན་བྱ་བས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་རྒྱུ་ནི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལོན་དང་བྱིས་པའི”ཞབས་ཞུ་འགན་ལེན་བྱ་བར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་ཐད་བླང་བྱ་ཐེངས་མང་བཏོན་ཡོད་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་ངེས་པར་དུ་ལོ་ལོན་དང་དབང་པོ་སྐྱོན་ཅན་གྱི་སྣ་མང་ཅན་གྱི་དགོས་མཁོ་སྐོང་རྒྱུར་དམིགས་ཏེ་རྒན་གསོའི་ལས་གཉེར་མི་སྣའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་ཞབས་ཞུའི་ཁྱབ་ཁོངས་དང་ནུས་པ་རྒྱ་ཆེར་བཏང་སྟེ་རྒས་དུས་འཚོ་རྟེན་ཡོད་པ་དང་སྨན་བཅོས་ཐུབ་པ། རྟེན་ས་ཡོད་པ། སྤྲོ་སྐྱིད་གཏོང་རྒྱུ་ཡོད་པ་བཅས་དངོས་འབྲེལ་མངོན་འགྱུར་ཡོང་བ་བྱས་ནས་ལོ་ལོན་དང་དབང་པོ་སྐྱོན་ཅན་གྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་དགོས་པར་བསྟན།

འཚམས་འདྲི་མཇུག་སྒྲིལ་རྗེས་མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་འོག མཐོན་པོ་སྒང་གི་བསང་ཁྲི་སོགས་རྩྭ་ཐང་གི་མེ་ཟོན་བྱ་བར་ཞིབ་བཤེར་བྱེད་དུ་བསྐྱོད། 
ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་མཱ་ཁྲེང་ཧྥང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྤྱི་ཁྱབ་བཟོ་ཚོགས། མདའ་བཞི་རྫོང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་འཚམས་འདྲི་ཕེབས་རོགས་བྱས།


མཉམ་སྤྱོད།