མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས26ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁོང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་འཚམས་འདྲི་ཞུས།

2023-01-23 22:27:21   |   135

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་བྱེད།


123.jpg

ཚེས20ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གནང་བཞིན་པ། 

 ཚེས20ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེ་མོར2023ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གནང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདས་ལ་ཉེ་བའི་ཆུ་སྟག་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ཛ་དྲག་རླུང་འཚུབ་ཀྱི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། འབྲུག་འཕྱོ་སྟག་མཆོང་གི་ངར་ཤུགས་དང་། སྟག་ཚང་དུ་འཛུལ་ཕོད་པའི་སྙིང་སྟོབས། བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་བཅས་ལ་བརྟེན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་བརྩམས་ཡོད།  ལི་ཁེ་ཆང་གིས་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། དབང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཞུགས་ཡོད་པ་རེད།

    ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་བརྗིད་ཆེའི་འཆར་གཞི་གཏན་འཁེལ་བྱས་ཡོད། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། རིམས་ནད་འགོག་སྲུང་དང་། དཔལ་འབྱོར་བརྟན་པོ། འཕེལ་རྒྱས་བདེ་འཇགས་བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན། དཔལ་འབྱོར་རྒྱུན་མཐུད་ངང་འཕར་བ། འབྲུ་རིགས་ལ་ལོ་ལེགས་བྱུང་བ། ལས་ཞུགས་དང་ཟོག་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ། དམངས་འཚོ་འགན་ལེན་ཏན་ཏིག་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། ཚན་རྩལ་ལ་གྲུབ་འབྲས་ཡང་ཡང་ཐོབ་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་གོམ་སྟབས་བརྟན་པོ་སྤོ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་ཚོགས་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་བཅས་བྱུང་ཡོད། ང་ཚོས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། ནད་དུག་གི་འགྱུར་ལྡོག་དང་རིམས་འགོག་གནས་བབ་ལ་གཞིགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བར་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གང་ཐུབ་བཏང་ཡོད། ང་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ནས་འཛམ་གླིང་ལ་སྟབས་བདེ་དང་། བདེ་འཇགས། ལྟད་མོ་ཆེ་བ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་བཤམས་ཡོད། ང་ཚོས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཤང་ཀང་དང་ཨའོ་མོན་མུ་མཐུད་དུ་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་དང་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གལ་ཆེན་སྤེལ་ནས་ངོགས་གཉིས་ཀྱི་འབྲེལ་བའི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་སྤེལ་ཤུགས་ཆེན་བཏང་བ་དང་། གྲོགས་པོ་རྒྱ་ཁྱབ་ཏུ་བསྒྲིགས་ཏེ་ཟིང་ཆ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལ་བརྟན་ལྷིང་རང་བཞིན་བསྣན་ཡོད་ཅེས་གསུངས་པ་རེད།

456.jpg

ཚེས20ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེ་མོར་2023ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་ཤིང་། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་སོགས་དུས་གཅིག་ཏུ་འཛོམས་ནས་མཉམ་དུ་དཔྱིད་གསར་བསུ་བཞིན་པ།     

    ཞི་ཅིན་ཕིང་གིས་བསྟན་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་པས། རེ་བ་དང་འགྲན་སློང་མཉམ་དུ་གནས་ཡོད། ང་ཚོས་བརྟན་ལྷིང་གཙོ་བོར་བཟུང་བ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་སྤྱི་འདོམས་དེ་བས་ལེགས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དེ་བས་ལེགས་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ལེགས་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་འཁོར་སྐྱོད་ཕྱོགས་ཡོངས་ནས་ལེགས་སུ་གང་ཐུབ་འགྲོ་བ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ང་ཚོས་གདེང་ཚོད་བརྟན་པོ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ན་རྒྱང་ལམ་གསར་པའི་འགོ་ཡག་པོ་ཞིག་འཛུགས་ཐུབ་ངེས་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལམ་ཆེན་སྟབས་བདེ་ཡོང་བར་དངོས་སྒྲུབ་ནི་གལ་འགངས་ཤིན་ཏུ་ཆེ། རྒྱང་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་ལམ་ཞིག་ཡིན་པས། དེར་མགྱོགས་ལམ་མེད་པས་དངོས་སྒྲུབ་ཁོ་ནར་བརྟེན་དགོས། ཏན་ཏན་ཏིག་ཏིག་དང་། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ། སྟོང་བསམ་མི་འཆང་བ། སྟོང་གཏམ་མི་ཤོད་པར། སློབ་སྦྱོང་ལ་བརྩོན་འགྲུས་དང་དོན་དངོས་ལ་བརྩི་འཇོག་བྱས་ནས་ཆོས་ཉིད་དང་མི་འགལ་བ་དང་རྨོངས་ཚོད་ཀྱིས་ཡ་ཡུག་བྱེད་མི་རུང་། དམ་པ་དོན་གཉེར་དང་ཕན་འབྲས་དངོས་ལ་མཐོང་ཆེན་བྱས་ནས་ཕྱི་ཚུལ་ཙམ་གཏན་ནས་བྱེད་མི་རུང་། བརྩོན་པ་སྐྱེད་ན་གྲུབ་འབྲས་ལས་ཀྱིས་ཐོབ་པ་དང་མདུན་སྐྱོད་ཀྱི་སེམས་ཤུགས་མི་ཉམས་ཚེ་དམིགས་ཚད་གྲུབ་ངེས་ཡིན་པས་ལོ་རྒྱུས་ཀྱིས་བྱ་བ་དངོས་སྒྲུབ་མཁན་གྱི་རེ་བ་སྟོང་ཟད་དུ་གཏོང་མི་སྲིད། ང་ཚོས་དངོས་སྒྲུབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད་ལ། ད་དུང་དངོས་སྒྲུབ་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ངེས་ཡིན།


མཉམ་སྤྱོད།