མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་གིས་ལོ་སར་སྐབས་ཀྱི་བདེ་འཇགས་དོགས་ཟོན་བྱ་བའི་ཚོགས་འདུ་འཚོགས།

2023-01-24 21:49:52   |   184

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།


ཟླ1པོའི་ཚེས23ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་གྱིས་ལོ་སར་སྐབས་ཀྱི་བདེ་འཇགས་དོགས་ཟོན་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ་དང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཚོགས་འདུའི་ཐོག་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། རྫོང་སོ་སོའི་ལོ་སར་སྐབས་ཀྱི་བདེ་འཇགས་དོགས་ཟོན་དང་ལས་རེས་གྲ་སྒྲིག་བྱ་བའི་སྙན་ཞུ་ལ་གསན་པར་མ་ཟད། དུས་ཆེན་སྐབས་ཀྱི་གཙོ་གནད་བྱ་བ་བཀོད་སྒྲིག་གནང་། ཚོགས་འདུའི་ཐོག་ད་དུང་མདོ་ལ་གཡང་ལུང་ཞང་དང་འབྲོང་ལུང་ཞང་གི་ས་ཡོམ་གནོད་འཚེ་ཕོག་ཚུལ་དང་། བརྟན་ལྷིང་སྲུང་སྐྱོང་། རིམས་ནད་འགོག་སྡོམ་བཅས་ཀྱི་གནས་ཚུལ་བརྙན་ལམ་ནས་བཀོད་གཏོང་བྱས།

a.jpg

ཤ་བོ་སྐྱབས་ཀྱིས་ལོ་སར་སྐབས་མཚོ་བྱང་དུ་དྲོད་ཚད་ཇེ་དམའ་རུ་སོང་སྟེ་རླུང་ཆེན་དང་བྱེ་རླུང་གི་གནམ་གཤིས་བསྟུད་མར་བྱུང་ནས་རྩྭ་ཐང་དང་ནགས་ཚལ་མེ་ཟོན། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས། ཕྱུགས་ལས་ཐོན་སྐྱེད་སོགས་ལས་དོན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་ཁུར་འཁུར་སེམས་ལ་བརྟེན་ནས་བདེ་འཇགས་ཀྱི་གཞི་ཐིག་བརྟན་པོ་བཟོས་ཏེ། ནགས་ཚལ་དང་རྩྭ་ཐང་། སྡོད་དམངས་གཞིས་ཁུལ། ཕྱུགས་ར་སོགས་ཀྱི་མེ་སྐྱོན་འགོག་ཟོན་བྱ་བ་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་རླུང་ཆེན་གཡུག་སྐབས་རོང་འབྲོག་མང་ཚོགས་ཀྱི་མཆོད་འབུལ་དང་བསང་གཏོང་། ཤོག་སྦག་སོགས་ཀྱི་བྱེད་སྒོ་སྤེལ་དུས་མེ་གསོད་སྔོན་འགོག་གི་བྱ་བ་ཡག་པོ་སྒྲུབ་ནས་དྲན་སྐུལ་ཡི་གེ་གཏོང་བ་དང་རི་མགོར་འགྲོ་དུས་ཨང་རིས་བཤེར་བ། གཙོ་གནད་ཁུལ་གྱི་མི་སྣས་ལས་རེས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱོད་དགོས་པ་དང་། ལྷག་པར་དུ་བསང་ཁྲིའི་མེ་ཟོན་བྱ་བར་གཙོ་གནད་ཐོག་དོ་ཁུར་བྱས་ནས་རི་བོ་བརྟན་སྲུང་དང་མེ་དོ་དམ་མཐའ་གཅིག་ཏུ་བྱེད་དགོས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་མི་གྲངས་ཚད་ལས་བརྒལ་བ་དང་མྱུར་ཚད་ལས་བརྒལ་བ། ཐང་ཆད་ནས་རླངས་འཁོར་སྐོར་བ། ཆང་འཐུང་ནས་རླངས་འཁོར་སྐོར་བ། ཁ་ལོ་བའི་ཆོག་ཡིག་མེད་པར་ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་ཏེ་འགྲིམ་འགྲུལ་དོན་རྐྱེན་སྣ་ཚོགས་འབྱུང་རྒྱུ་བཀག་འགོག་བྱེད་དགོས། གནོད་འགོག་ཕྱུགས་སྲུང་གི་བྱ་ཐབས་སོ་སོ་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ཕྱུགས་རིགས་བདེ་འཇགས་ངང་དགུན་སྐྱེལ་ཐུབ་དགོས་པར་བསྟན།

b.jpg

ཤ་བོ་སྐྱབས་ཀྱིས་ལོ་སར་སྐབས་སྤྱི་ཚོགས་བརྟན་ལྷིང་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱ་རྒྱུར་ཤུགས་བསྣན་ཏེ་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཀྱི་མཐིལ་རྟོགས་ཤིང་གནས་ཚུལ་གསལ་བོ་ཤེས་དགོས། ཆོས་ལུགས་བྱེད་སྒོ་སྤེལ་སའི་བྱེད་སྒོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ནས་ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། ལོ་སར་སྐབས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་གནས་ཡུལ་དང་མི་སྣ་འདུ་འཛོམས་མང་བའི་ཁུལ་དུ་སྐོར་གཡེང་ཚོད་འཛིན་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་ལྷག་པར་དུ་སྡོད་དམངས་གཞིས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་བསྣན་ནས་བདེ་སྲུང་མི་སྣའི་ལས་གནས་བརྟན་སྲུང་གིས་རྐུ་བྱེད་པ་དང་མེ་སྐྱོན་སོགས་ཀྱི་དོན་རྐྱེན་འབྱུང་བར་ནན་འགོག་བྱས་ཏེ་ཁུལ་ཡོངས་ཀྱི་མི་དམངས་ཀྱིས་ཀྱིས་བདེ་འཇགས་དང་འཆམ་མཐུན་གྱི་ལོ་སར་ཞིག་རོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

c.jpg

ཤ་བོ་སྐྱབས་ཀྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལས་རེས་བརྟན་སྲུང་གི་བྱ་བ་ནན་ཏན་ངང་བསྒྲུབས་ནས་སྣེ་ཁྲིད་མགོ་ཁྲིད་དང་ལས་རེས་མི་སྣས་ལས་གནས་བརྟན་སྲུང་བྱེད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་རྣམ་འགྱུར་ཐོག་ནས་རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ་ལས་རེས་ཀྱི་ལས་འགན་ཏན་ཏིག་ངང་སྒྲུབ་དགོས། ལས་རེས་བརྟན་སྲུང་གི་སྟོབས་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྫོང་སོ་སོ་དང་ཁུལ་ཐད་གཏོགས་སྡེ་ཁག་གིས་མགོ་ཁྲིད་ཀྱིས་ལས་རེས་ལ་སྣེ་ཁྲིད་བྱེད་པའི་ལས་རེས་ལེགས་སྒྲིག་དང་ཤུགས་སྣོན་དགོས་པ་དང་ཞང་དང་གྲོང་རྡལ་སོ་སོས་ཉུང་མཐར་ཡང་མགོ་ཁྲིད་ལས་བྱེད་པ་གཉིས་ལས་གནས་ཐོག་སྡོད་དགོས་པར་མ་ཟད། ལས་རེས་བྱེད་སྐབས་དགོངས་སྐོར་སྙན་ཞུ་བྱེད་པའི་བྱ་བ་ཡག་པོ་སྒྲུབ་དགོས། ཁུལ་ཨུའི་གཞུང་ལས་ཁང་དང་མཁོ་བསྟུན་དོ་དམ་ཅུས་ཀྱིས་ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོའི་སྣེ་ཁྲིད་པའི་མགོ་ཁྲིད་དང་ལས་རེས་མི་སྣའི་མིང་ངོ་མ་འགོད་པའི་བྱ་བ་ཡག་པོ་སྒྲུབ་དགོས། དྲ་རྒྱའི་གླེང་ཕྱོགས་ལ་དོ་ཁུར་ཟབ་མོ་བྱས་ནས་དུས་ཐོག་ཏུ་ཚད་ལྡན་ངང་ཆ་འཕྲིན་གོང་ཞུ་བྱེད་པ་དང་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ཀྱི་གནས་ཚུལ་ཚད་ལྡན་དུ་གཏོང་དགོས།

ཤ་བོ་སྐྱབས་ཀྱིས་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་བསྐྲུན་ནས་དུས་ཆེན་རིང་གི་གྲོང་ཁྱེར་གྱི་མཛེས་ཉམས་བྱ་བ་ཡག་པོར་བསྒྲུབ་དགོས་པ་དང་། ལོ་སར་གྱི་ཁྱད་ལྡན་གཞི་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཚོན་ཁྲ་ཅན་གྱི་ལྒང་ཞུ་འགེལ་བ་དང་ཁྲོམ་གཞུང་གི་གནས་སྐབས་འཛུགས་སྐྲུན་ལ་བརྟེན་ནས་གྲོང་ཁྱེར་གྱི་མཚན་མོའི་མཁའ་དབྱིངས་བཀྲག་མདངས་ལྡན་པར་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་དུས་ཐོག་ཏུ་རྒན་གསོ་ཁང་དང་ཁོར་ཡུག་གཙང་སྦྲ་མཁན། འཕྲོད་བསྟེན་ཁང་། སྤྱི་བདེ་མངག་གཏོང་ཁང་བཅས་ཀྱི་གཞི་རིམ་འཐབ་ས་དང་པོའི་ལས་བྱེད་ལས་བཟོ་བ་དང་མང་ཚོགས་ལ་འཚམས་འདྲི་བྱས་ཏེ།  ཁོ་ཚོར་ཏང་ཨུ་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་ཐོབ་པར་བྱེད་དགོས་ལ། སྨྱན་སྦྱོར་མཉམ་འདྲེས་སོགས་ཀྱི་ལས་སྟེགས་ཐོག་ཁུལ་དང་རྫོང་གི་ལོ་སར་མཉམ་སྤྲོའི་དགོང་ཚོགས་ཀྱི་ལེ་ཚན་རིམ་པར་བསྟན་ནས་འཆམ་མཐུན་དང་དགའ་སྤྲོའི་དུས་ཆེན་གྱི་རྣམ་པ་བཏོད་དེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།

ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་བཅས་ཀྱིས་སོ་སོར་གླེང་ཕྱོགས་དོ་དམ་ཚོད་འཛིན་དང་དྲིལ་སྒྲོག་སྙན་ཞུ། མཁོ་བསྟུན་ཐག་གཅོད། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བཅས་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་དང་ཞིབ་ཕྲའི་བླང་བྱ་བཏོན། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་བདེ་འཇགས་ཨུ་ལྷན་གྱི་གཙོ་གནད་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཁུལ་གྱི་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། རྫོང་སོ་སོའི་རྫོང་རིམ་པའི་ལས་རེས་མགོ་ཁྲིད་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཡན་ལག་ཚོགས་ར་སོ་སོའི་ཚོགས་འདུར་ཞུགས།


མཉམ་སྤྱོད།