དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་མདའ་བཞི་དང་རྐང་ཚར་སོང་ཏེ་འཚམ་འདྲི་བྱས།

2023-01-25 13:02:16   |   283

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།   ལོ་ཙཱ།  གཡང་འབུམ་ཚེ་རིང་། 


ཟླ1པོའི་ཚེས24ཉིན། ཁུལ་ཨུའུ་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའུ་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་འོས་མི་ཀྲང་ཧྲིང་ཡོན་གཉིས་མདའ་བཞི་རྫོང་དང་རྐང་ཚ་རྫོང་ལ་ཕྱིན་ཏེ། གཞི་རིམ་གྱི་ལས་བྱེད་པ་དང་འཐབ་ས་དང་པོའི་ལས་སྒྲུབ་མི་སྣར་འཚམས་འདྲི་བྱས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཁོ་ཚོར་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་བསྐྱལ།

a.jpg

མདའ་བཞི་རྫོང་དྲོད་འདོན་ས་ཚིགས་དང་རང་འབབ་ཆུ་ཀུང་ཟི། ནུབ་མཚོ་གློག་སྒྱུར་སའོ་རུ་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་ལས་སྒྲུབ་མི་སྣ་དང་ཁ་བརྡ་ལྷུག་པོར་བྱས་ཤིང་ཆུ་དྲོད་གློག་གསུམ་གྱི་འདོན་སྤྲོད་ཀྱི་གཞི་རྒྱ་དང་སྦུག་ལམ་སྐུད་ལམ་གྱི་སྲུང་སྐྱོང་། ཉིན་རེར་དངུལ་བསྡུའི་ཚད་གཞི། སྒྲིག་ཆས་བདེ་འཇགས་འཁོར་སྐྱོད་སོགས་གཞི་རྩའི་གནས་ཚུལ་རྒྱུན་ལོན་བྱས་ཏེ་བསྟན་དོན། ཆུ་གློག་དྲོད་གསུམ་གྱི་འགན་སྲུང་ནི་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ཡིན་ལ། རིམ་པ་སོ་སོའི་སྲིད་གཞུང་གིས་མཁོ་དགོས་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་བདེ་སྡུག་སེམས་སུ་ཉར་ནས་ངེས་པ་དོན་གྱིས་དམངས་ལ་ཞབས་ཞུ་སྒྲུབ་པའི་བྱ་བ་སོ་སོ་ཡག་པོ་སྒྲུབ་དགོས།  ཁེ་ལས་ཀྱིས་ངེས་དོན་གྱི་འགན་འཁྲི་འདུ་ཤེས་དང་བདེ་འཇགས་འདུ་ཤེས། ཞབས་ཞུ་འདུ་ཤེས་ཇེ་མཐོར་གཏོང་དགོས་པ་དང་། ལོ་མཇུག་ལོ་མགོའི་ཆུ་གློག་དྲོད་གསུམ་གྱི་འགན་ལེན་བྱ་བ་དེ་མིག་སྔའི་དོན་གལ་ཆེན་ནང་གི་འགངས་ཆེན་དུ་བཟུང་ནས་གནད་དོན་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། དུས་ངེས་ཡོད་ངེས་མེད་ཀྱིས་ལྟ་ཞིབ་སྐོར་ཞིབ་བྱེད་དགོས་ལ། གནས་པའི་མངོན་མེད་རྐྱེན་ངན་གྱི་གནད་དོན་དུས་ལྟར་ཐག་གཅོད་བྱེད་དགོས་ཤིང་། འཕྲལ་སྡོམ་སྔོན་ཇུས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། འཕྲལ་སྡོམ་ཐག་གཅོད་ནུས་པ་མུ་མཐུད་མཐོར་འདེགས་བཏང་ནས། མཁོ་འདོན་བྱེད་དགོས་པ་ཤིག་ངེས་བར་མཁོ་འདོན་བྱེད་པ་དང་། ལག་ལེན་དངོས་ཀྱིས་ཐོག་ནས་མང་ཚོགས་ཀྱིས་ཐུགས་ཁུར་བྱེད་པ་དོ་སྣང་བྱས་ཏེ་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་བློ་བདེ་བག་ཕེབས་ཀྱི་ལོ་སར་ཞིག་གཏོང་ཐུབ་པ་བྱེད་དགོས་ཟེར།

b.jpg

མཚོ་བྱང་མེ་ཟོན་རུ་ཆེན་དུ། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་མེ་ཟོན་འཐབ་མོ་བས་ཆུ་ཚོད་ཉེར་བཞིར་ལས་རེས་བརྟན་སྲུང་བྱེད་པ་དང་ལས་རེས་བརྗེ་རེས། ཉེན་བརྡ་སྣེ་ལེན་སོགས་ཀྱི་བྱ་བའི་གནས་ཚུལ་ཞིབ་འདྲི་བྱས་ཏེ་ནན་གྱིས་བསྟན་དོན། དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི“ཏང་ལ་བློ་དཀར་དང་། སྒྲིག་ལམ་དམ་ནན། ལུས་སྲོག་ཕངས་མེད། དམངས་ཆེད་རྣམ་དག”བྱེད་དགོས་པའི་བཀའ་སློབ་སྙིང་སྟོབས་སེམས་ལ་ཉར་ནས“ཚེ་སྲོག་བླ་ན་མེད་པ་དང་མི་དམངས་བླ་ན་མེད་པ”རྒྱུན་འཁྱོངས་བྱས་ནས། ཉེ་དུས་ཞིང་ཆེན་ནང་ཁུལ་གྱི་དོན་རྐྱེན་སྣ་ཚོགས་ཀྱི་བསླབ་བྱ་ནན་ཏན་དང་ལེན་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་མཚོན་ཁྲའི་ཤོག་སྦག་དང་ནགས་ཚལ་རྩྭ་ཐང་གི་མེ་འགོག བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་གནད་དོན་ལ་དམ་པོར་དམིགས་དགོས་ཤིང་། དཔེ་བཞག་རིགས་འགྲེ་དང་ཚད་མཐོའི་དོགས་ཟོན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སོ་སོ་བླང་བྱ་ལྟར་དོན་འཁྱོལ་ནན་ཏན་བྱེད་དགོས་ལ། མུ་མཐུད་ལྟ་སྐུལ་དོ་དོམ་ལ་ཤུགས་སྣོན་དང་འཕྲལ་སྡོམ་རོགས་སྐྱོབ་བྱེད་ཐབས་ལེགས་སྒྱུར། འཕྲལ་སྡོམ་འཁྲབ་སྦྱོང་མང་དུ་བྱེད་པ། ནམ་ནམ་ཞར་ཞར་དུ“འཐབ་དུས”ཀྱི་རྣམ་པ་རྒྱུན་འཛིན་བྱེད་པ་དང་། ཆ་འཕྲིན་འབྲེལ་གཏུགས་ཤར་གཏོང་ཐུབ་པར་ཁེག་ཐག་དང་མི་སྣ་དམིགས་སར་གནས་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་བདེ་འཇགས་ཀྱི་ལོ་སར་ཞིག་གཏོང་ཐུབ་པ་བྱེད་དགོས་ཟེར།

c.jpg

རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དང་གཡི་དཀར་འོམ་ལུང་ཞང་གི་འཕྲོད་བསྟེན་ཁང་དུ། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་འཕྲོད་བསྟེན་ཁང་གི་གནས་ཚུལ་ངོ་སྤྲོད་ལ་ཉན་ཏེ་ནན་གྱིས་བསྟན་དོན། སྨན་བཅོས་ལས་ཁུངས་ཀྱིས་ནན་ཏན་སྒོས་རིམས་འགོག་གི་དུས་རིམ་གསར་བའི“བདེ་ཐང་འགན་ལེན་དང་ནད་ཆེན་སྔོན་འགོག”གི་བྱ་བའི་བླང་བྱ་གཞིར་བཟུང་། རིམས་ནད་འགོག་སྡོམ་གྱི“རིམས་ནད་ཁ་བའི་རིགས་ལ་དོ་དམ་ཁ་བ་བྱེད་པའི”བྱེད་ཐབས་ནན་གྱིས་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་། རིམས་འགོག་གི་སྨན་ཆས་ཡོ་བྱད་གསོག་འཇོག་དང་གཙོ་གནད་མི་ཚོགས་ཀྱི་སྨན་བཅོས་ཞབས་ཞུ་སོགས་བྱ་བ་སོ་སོར་ཤུགས་བསྣན་ཏེ་སྨན་བཅོས་སྐྱོབ་བཅོས་ཆུ་ཚད་དང་ཞབས་ཞུ་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། རྒྱ་ཆེའི་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་དང་མཐུན་པར་བྱས་ཏེ་མཚོ་སྐོར་ས་ཁུལ་གྱི་གཞི་རིམ“སྨན་པ་གྲགས་ཅན་གྱི་སྨན་ཁང”ཧུར་བརྩོན་གྱིས་འཛུགས་དགོས། སྨན་བཅོས་མི་སྣས་མུ་མཐུད་འཆི་སྐྱོབ་རྨས་སྐྱོང་དང་སྐྱེས་འབུལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། རྨད་བྱུང་གི་སྨན་བཅོས་ལག་རྩལ་དང་ཕུལ་བྱུང་གི་ཞབས་ཞུས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱས་ཏེ་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་བདེ་ཐང་གི་ལོ་སར་ཞིག་གཏོང་ཐུབ་པ་བྱེད་དགོས་ཟེར།

d.jpg

འོམ་ཆུ་གྲོང་རྡལ་དང་གཡི་དཀར་འོམ་ལུང་ཞང་སྲིད་གཞུང་དུ། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ལས་རེས་ལས་སྲུང་བྱ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་རྗེས་བསྟན་དོན། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་དང་གཙོ་གནད་མི་སྣར་དོ་དམ་ཚོད་འཛིན་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་ཡག་པོ་བསྒྲུབས་ཏེ། དུས་ཆེན་སྐབས་ཀྱི་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱེད་དགོས། ཉེན་ཁའི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ལས་རེས་བྱ་བའི་བརྒྱུད་རིམ་རྒྱུས་མངའ་ཡོད་པ་བྱས་ནས་ལས་འགན་ལས་གནས་སུ་འཁྱོལ་བ་དང་། འགན་འཁྲི་མི་ཐོག་ཏུ་འཁྱོལ་བ། དོ་དམ་དོན་ཐོག་ཏུ་འཁྱོལ་བ་བཅས་འགན་ལེན་བྱས་ཏེ་ལས་རེས་བྱ་བའི་འབྲེལ་གཏུག་ཤར་གཏོང་ཐུབ་པ་དང་ལས་ཕྱོད་ཆེ་བའི་ངང་འཁོར་སྐྱོད་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ས་གནས﹙སྡེ་ཁུལ﹚ཁག་དང་།  ས་ཚིགས། སའོ་བཅས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་སོ་སོའི་འགན་འཁྲི་ནན་དུ་བཏང་སྟེ་འབྱུང་རྩ་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བསལ་ཏེ་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་འཆམ་མཐུན་གྱི་ལོ་སར་ཞིག་གཏོང་ཐུབ་པ་བྱེད་དགོས་ཟེར།

གཡི་དཀར་འོམ་ལུང་ཞང་མངག་གཏོང་ཁང་དུ། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་དཔྱིད་གསར་དུས་ཆེན་རིང་སྣེ་ལེན་ཞུ་བའི་ཉེན་བརྡ་དང་ལས་སྒྲུབ་སྐོར་གཡེང་སོགས་ཀྱི་བྱ་བ་སྤེལ་ཚུལ་ལ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་མངག་གཏོང་ཁང་གི་དྲོད་རླངས་མཁོ་འདོན་དང་། ཞག་སྡོད། བཟའ་བཏུང་སོགས་གཞི་རྩའི་འཚོ་བའི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བར་མ་ཟད། ཁོ་ཚོས་ཤར་གཏོང་ཐུབ་པའི་འགན་ལེན་དང་བདེ་འཇགས་སྲུང་སྐྱོང་ཐད་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་སྟེ་བསྟན་དོན། གཡི་དཀར་འོམ་ལུང་ཞང་མངག་གཏོང་ཁང་གི་ས་ཁམས་གནས་བབ་དམིགས་བསལ་ཡིན་པ་དང་བྱ་བའི་འགན་འཁྲི་ཧ་ཅང་ལྗི་མོ་ཡིན་པས། ཁུལ་དང་རྫོང་གི་ཏང་ཨུ་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ངེས་པར་དུ“མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ”བཅས་བྱས་ནས“དུས་བདེའི་མཚོ་བྱང”བཏོད་རྒྱུར་མུ་མཐུད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཏེ་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་བརྟན་ལྷིང་གི་ལོ་སར་ཞིག་གཏོང་ཐུབ་པ་བྱེད་དགོས་ཟེར། 

e.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་ཏང་ཡོན་རྒན་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཁག་གཅིག་དང་ཉེ་བར་བཅར་ནས་འཚམས་འདྲི་བྱས། གཡུ་སྒྲོན་མཚོ་དང་ཝང་ཡུང་ཁྲང་། སངས་འབུམ། ལིས་ཞང་ཏུང་དང་། དེ་མིན་ཁུལ་སྲིད་གཞུང་གི་གཞུང་ལས་ཁང་། ཁུལ་སྤྱི་ཁྱབ་བཟོ་ཚོགས། མདའ་བཞི་རྫོང་དང་རྐང་ཚ་རྫོང་གི་འགན་ཁུར་བློ་མཐུན་སོགས་ཀྱིས་ཕེབས་རོགས་ཞུས་པའོ།།   


མཉམ་སྤྱོད།