མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས25ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མདོ་ལ་དང་འཇུ་ལག་ཏུ་འཚམས་འདྲི་གནང་།

2023-01-27 20:54:16   |   199

རྩོམ་སྒྲིག སངས་དོན།    ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།


ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ལོ་སར་གྱི་འཚམས་འདྲི་གནང་སྐབས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་སྒོས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་དགོས་པར་ནན་གྱིས་བསྟན། 

ཟླ1པོའི་ཚེས25ཉིན་ནས་ཚེས26ཉིན་བར། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་འོས་མི་ཀྲང་ཧྲིང་ཡོན་མདོ་ལ་རྫོང་དང་འཇུ་ལག་རྫོང་དུ་འཐབ་ས་དང་པོའི་ལས་སྒྲུབ་མི་སྣ་དང་གཞི་རིམ་ལས་བྱེད་པ། ཏང་ཡོན་རྒན་པ། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་བཅས་ལ་འཚམས་འདྲིར་ཕེབས་ནས་ལོ་སར་གྱི་སྨོན་འདུན་དང་བྱམས་བརྩེའི་འཚམས་འདྲི་བསྐྱལ།

a.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་སྔ་རྗེས་སུ་མདོ་ལ་རྫོང་གཡང་ལུང་ཞང་མི་དམངས་སྲིད་གཞུང་དང་ཞང་འཕྲོད་བསྟེན་ཁང་། ཞལ་དཀར་སྡེ་བ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་བྱེ་ཐང་དོ་དམ་སྲུང་སྐྱོང་ས་ཚིགས། འབྲོང་ལུང་ཞང་མི་དམངས་སྲིད་གཞུང་། ཤྭ་བ་གསོ་ཚགས་རྟེན་གཞི། མདོ་ལ་རྫོང་མི་དམངས་སྨན་ཁང་། མདོ་ལ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན། ཨ་རིག་ཞང་མི་དམངས་སྲིད་གཞུང་། མཁར་དམར་གྲོང་རྡལ་མངག་གཏོང་ཁང་། འཇུ་ལག་རྫོང་སྡེ་བརྒྱད་དེའུ་འབུར་གྲོང་རྡལ་འཕྲོད་བསྟེན་ཁང་། འཇུ་ལག་གྲོང་རྡལ་མངག་གཏོང་ཁང་། འཇུ་ལག་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་བཅས་སུ་བསྐྱོད་ནས། “མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་སྤྱད་ནས་ལས་རེས་ལས་སྒྲུབ་གྲ་སྒྲིག་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བར་མ་ཟད། 2023ལོའི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན། 

b.jpg

ཤ་བོ་སྐྱབས་ཀྱིས2022ལོར་ཡོམ་འགོག་གེགས་སེལ་དང་རིམས་ནད་འགོག་སྡོམ། ཞོད་འགོག་འབྲུབ་འགོག་སོགས་ཀྱི་དཀའ་གནད་ཆེ་བའི་བྱ་བ་དག་བརྒྱུད་པ་དང་། རྒྱ་ཆེའི་གཞི་རིམ་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་དང་། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བས་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་གི་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། 2023ལོར་དཀའ་ངལ་ལ་མི་སྐྲག་པ་དང་གསར་གཏོད་སྲོལ་སྲུང་གི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་བཅུ་བཞི་བ། དེ་བཞིན་འཚོགས་མ་ཐག་པའི་ཞིང་ཆེན་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས། “ཚོགས་འདུ་གཉིས”ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་བཏོན་པའི“གཅིག་དྲུག”གི་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པ་དང་། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་བོ་བརྟན་པོར་འཛུགས་པ། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་བ་སོ་སོ་སྤུས་ཚད་མཐོ་བའི་སྒོ་ནས་སྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན། 

c.jpg

ཤ་བོ་སྐྱབས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཐོན་ལས་དར་སྤེལ་ཤུགས་ཆེར་གཏོང་བ། རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ལ་བྱ་སྒྲུབ་དངུལ་ཡོད་པའི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་དམ་པོར་དམིགས་པ། ནོར་གནག་དང་བོད་ལུག་ཁྲི་སྟོང་གསོ་ཚགས་རྟེན་གཞིའི་འཛུགས་སྐྲུན་ལས་གཞི་ལག་བསྟར་མགྱོགས་སུ་གཏོང་དགོས། “གཅིག་དྲུག”གི་སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་དང་། “123”Aརིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཐོན་ལས་ཀྱི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། མཚོ་བྱང་གི་ཉམས་མྱོང་ཕྱོགས་སྡོམ་དང་དཔེ་མཚོན་གསོ་སྐྱོང་ཡག་པོ་བྱས་ཏེ་རྫོང་དང་ཞང་རིམ་པ་གཉིས་ཀྱི་དཔེ་སྟོན་ས་ཚིགས་དང་ལྟ་སྦྱོང་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཞང་དང་གྲོང་རྡལ་བར་དང་ལས་རིགས་བར་གྱི་ལྟ་སྦྱོང་སློབ་སྦྱོང་དུས་ཐོག་ཏུ་སྤེལ་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད། རྒྱུན་འཛིན་བཅས་ཡག་པོ་བྱས་ནས་ཡུང་ཨན་གནའ་གྲོང་དང་འཇུ་ལག་གནའ་གྲོང་སོགས་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་བར་དམ་འཛིན་ཡག་པོ་བྱེད་དགོས། ཁུལ་དང་རྫོང་། ཞང་བཅས་རིམ་པ་གསུམ་གྱི་སྐད་འཕྲིན་སྤྱི་སྟེགས་འཛུགས་པ་དང་གཉེར་སྐྱོང་ཡག་པོ་བྱས་ཏེ་ཏང་གི་སྐད་སྒྲ་དང་དམངས་ཕན་སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ཁྱབ་སྤེལ་ཧུར་ཐག་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་ལག་རྩལ་དང་སྔོན་འགོག་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། མཐའ་མཚམས་ས་ཁུལ་དང་ཁྱིམ་མཚེས་མཛའ་མཐུན་གྱི་འབྲེལ་བ་བཙུགས་ནས་མཛའ་མཐུན་འཕེལ་རྒྱས་ཀྱི་ཏང་འཛུགས་སྐྱོང་མནའ་འབྲེལ་འཛུགས་པ་དང་། རིམས་ནད་འགོག་སྡོམ་གྱི་དུས་རིམ་གསར་བའི་བྱ་བའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་སྨན་བཅོས་ཞབས་ཞུའི་འགན་སྲུང་བྱ་བ་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་དགོས། རོང་འབྲོག་ཁུལ་གྱི་རིམས་ནད་བསྐྱར་འབྱུང་ནན་འགོག་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་བྱ་བའི་འགན་འཁྲི་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བརྟན་པོར་བཟུང་ནས་ཁེ་ལས་ལས་ཞུགས་སྔོན་གྱི་བདེ་འཇགས་སློབ་གསོ་དོན་འཁྱོལ་ནན་མོ་བྱས་ཏེ་མེ་ཟོན་རོགས་སྐྱོབ་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དུས་ཆེན་རིང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ལས་རེས་སྒྲིག་ལམ་ནན་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་བཅས་ལ་ཤུགས་སྣོན་དགོས་པ་ནན་གྱིས་བསྟན།

d.jpg

ཀྲང་ཧྲིང་ཡོན་གྱིས་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཉེན་ཁ་སྔོན་འགོག་དང་བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོབ་བཅས་ནན་མོ་བྱས་ཏེ། དུས་ཆེན་རིང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། གཞུང་ལམ་འགྲིམ་འགྲུལ་སོགས་ཁྱབ་ཁོངས་སོ་སོའི་བདེ་འཇགས་ཐོན་སྐྱེད་བྱ་བ། མདོ་ལའི“1.25”3.0ས་ཡོམ་རྗེས་འདེད་ལྟ་ཞིབ་ཚད་ལེན་དང་། མཉམ་གྲོས་ཞིབ་འཇུག་བརྡར་གཅོད། མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་བྱ་རྒྱུ་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱས་ཏེ་ལས་འཛོལ་བྱུང་བར་ནན་འགོག་བྱེད་དགོས་པ་དང་། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་སྲུང་དང་།  སེམས་ཤུགས་ཡོད་རྒུས་དམངས་འཚོའི་ཞབས་ཞུར་འགན་ལེན་ཡག་པོ་བྱེད་དགོས། རོང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་ལ་དམ་འཛིན་ཡག་པོ་བྱེད་པ་དང་སྨན་བཅོས་སྲོག་སྐྱོབ་ཀྱི་གཡུལ་ས་བརྟན་སྲུང་བྱེད་པ། དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་མཐའ་སྐྱོང་འགན་ལེན་ཡག་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་བདེ་ཐང་འགན་ལེན་དང་ནད་གཞི་ལྕི་མོ་སྔོན་འགོག་བྱེད་པ། མཐའ་ཚད་ཀྱི་བསམ་བློ་བརྟན་པོར་འཛུགས་པ། བྱེད་པོའི་འགན་འཁྲི་འཁུར་བ། ལས་རེས་ཀྱི་སྒྲིག་ཁྲིམས་ནན་དུ་སྲུང་བ། ཆུ་ཚོད་ཉེར་བཞིའི་ལས་རེས་དང་མགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བཅས་བྱེད་དགོས། མཁོ་བསྟུན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་ཐོག་ཏུ་དགོངས་སྐོར་སྙན་སེང་ཞུ་བ། སྲིད་བཀའ་ཤར་གཏོང་ཐུབ་པར་འགན་ལེན་བྱེད་པ། བྱ་བ་སོ་སོ་ཕན་ནུས་ཆེ་བའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་པ། མི་དམངས་མང་ཚོགས་བདེ་སྐྱིད་ཁམས་བདེ་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བཅས་བྱེད་དགོས་པའི་བླང་བྱ་བཏོན།

e.jpg

དེའི་རིང་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱི་མདོ་ལ་རྫོང་གི་ས་ཡོམ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། མདོ་ལ་རྫོང་གཡང་ལུང་ཞང་དང་འབྲོང་ལུང་ཞང་དུ་ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་སྐྱོད་པ་དང་ས་ཡོམ་མཁོ་བསྟུན་ཐག་གཅོད་བྱ་བར་བཀོད་སྒྲིག་གནང་། ཁུལ་ཨུའི་རྒྱུན་ཨུ་ཝང་ཡུང་ཁྲང་དང་སུང་ཞུག་ཙུང་། དེ་བཞིན་ཁུལ་སྲིད་གཞུང་གཞུང་ལས་ཁང་དང་། ཁུལ་སྤྱི་ཁྱབ་བཟོ་ཚོགས། མདོ་ལ་རྫོང་། འཇུ་ལག་རྫོང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།


མཉམ་སྤྱོད།