དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོའི་མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་དཔྱིད་དུས་སློབ་བསྡུ་བྱེད་བཞིན་ཡོད།

2023-01-28 11:35:30   |   332

རྩོམ་སྒྲིག  སངས་དོན།      འདོན་སྤྲོད།  མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།       ཡིག་སྒྱུར།  མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


སློབ་བསྡུ་ཆེད་ལས།

1.ཀྲུང་ལུགས་གསོ་རིག་གི་རིགས། བོད་ལུགས་གསོ་རིག་སྨན་བཅོས་དང་བོད་སྨན། ནད་ཞབས(མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་དང་མཉམ་དུ་ཆེད་ཚན་སློབ་ཆེན་གཉེར་བཞིན་ཡོད།)  ཁམས་གསོ་ལག་རྩལ (མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་དང་མཉམ་དུ་ཆེད་ཚན་སློབ་ཆེན་གཉེར་བཞིན་ཡོད།)

2.སྲོལ་རྒྱུན་བཟོ་རྩལ་གྱི་རིགས། ཐང་ག་དང་རི་མོ་འབྲི་བ། རྡོ་བརྐོས། འཚེམ་དྲུབ། གྱོན་ཆས་ཇུས་འགོད་དང་ལས་སྣོན།

3.རླངས་འཁོར་བཟོ་སྐྲུན་གྱི་རིགས། རླངས་འཁོར་བཀོལ་སྤྱོད་དང་ཉམས་གསོ། ནུས་ཁུངས་གསར་པའི་རླངས་འཁོར་སྒྲིག་སྦྱོར་དང་ཞིབ་དཔྱད་ཚད་ལེན།

4.གློག་རྡུལ་ཚོང་དོན་གྱི་རིགས།  གློག་རྡུལ་ཚོང་དོན།

5.གནས་སྐོར་གྱི་རིགས།  གནས་སྐོར་ཞབས་ཞུ་དང་དོ་དམ། སྐར་རིམ་མཐོ་བའི་མགྲོན་ཁང་གཉེར་སྐྱོང་དང་དོ་དམ།

6.ཕྱུགས་ལས་ཀྱི་རིགས། སྒོ་ཟོག་ཁྱིམ་བྱ་ཐོན་སྐྱེད་ལག་རྩལ།(ཕྱུགས་ལས་སྨན་བཅོས།)

གཟིགས་སྐྱོང་སྲིད་ཇུས།

1.སློབ་གྲྭར་སློབ་སྦྱོང་བྱེད་རིང་སློབ་ཡོན་དང་། སློབ་དེབ་ཀྱི་འགྲོ་གྲོན། ཉལ་ཁང་གི་འགྲོ་གྲོན། དྲོད་རླངས་ཀྱི་འགྲོ་གྲོན་བཅས་བསྡུ་བཞིན་མེད།

2.སློབ་གྲྭར་སློབ་སྦྱོང་བྱེད་རིང་ཆེད་ལས་ལ་སློབ་སྦྱོང་བྱེད་པའི་སློབ་མ་ཚང་མས་ལོ་སྔོན་མ་གཉིས་ལ་རྒྱལ་ཁབ་རོགས་སྐྱོར་གྱི་སྒོར་བསྡོམས་པས4000ལོངས་སྤྱོད་བྱེད་ཆོག

3.ཆེད་ལས་ལ་སློབ་སྦྱོང་བྱེད་པའི་སློབ་མ་ཚང་མ་རང་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་ཞིབ་བཤེར་བྱས་ནས་པར་བཏབ་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སྤྱིར་བཏང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་ལག་ཁྱེར་ལེན་ཐུབ།

4.ཆེད་ལས་ལ་སློབ་སྦྱོང་བྱེད་པའི་སློབ་མ་ཚང་མས་རང་སློབ་གྲྭ་ནས་ལོ་གསུམ་རིང་གི་སློབ་སྦྱོང་བྱེད་རིང་དུ(བོད་ལུགས་གསོ་རིག་སྨན་བཅོས་དང་བོད་སྨན་ཆེད་ལས་སློབ་མ་སློབ་མཐར་ཕྱིན་རྗེས)རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་རྒྱུགས་ལེན་དང་། ལས་རིགས་རྩལ་ནུས་གསལ་འབྱེད་རྒྱུགས་ལེན། “1+X”ལག་ཁྱེར་ལམ་ལུགས་བཅས་བརྒྱུད་ཟིན་པ་ཡིན་ན། དེ་འབྲེལ་གྱི་ཆེད་ལས་ཐོབ་ཐང་ལག་ཁྱེར་ཐོབ་ཆོག

5.སློབ་གྲྭ་ནས་སློབ་སྦྱོང་བྱེད་པའི་ལོ་གསུམ་པར་མཐོ་རིམ་ལས་རིགས་སློབ་གླིང་གིས་སྔོན་ལ་སློབ་བསྡུའི་ཡིག་རྒྱུགས་ལེན་པའི་ནང་ཞུགས་ཆོག་པ་མ་ཟད། ད་དུང་མཐོ་རྒྱུགས་དཀྱུས་མའི་ནང་དུའང་ཞུགས་ཆོག

6.རང་སློབ་གྲྭས་མཉམ་འབྲེལ་ཐོག་བཙུགས་པའི་ཆེད་སྦྱོང་སློབ་གྲྭ་ཆེན་མོར་རྩ་དོན་ཐོག་སློབ་གྲྭ་དེ་གའི་སློབ་མ་ཁོ་ན་བསྡུ་དགོས་ཤིང་། མི་འདང་བའི་ཆ་དེ་སློབ་གྲྭ་གཞན་དག་གི་སློབ་མ་བསྡུ་རྒྱུ་ཡིན་པར་བསམ་བློ་བཏང་ཡོད། སློབ་སྦྱོང་བྱེད་རིང་འབྲེལ་ཡོད་སློབ་ཆེན་དང་སློབ་གླིང་གིས་ཆོག་མཆན་སྤྲད་པའི་གྲོན་བསྡུའི་ཚད་གཞི་ལྟར་འབྲེལ་ཡོད་གྲོན་དངུལ་བསྡུ་རྒྱུ་ཡིན། སློབ་མཐར་ཕྱིན་རྗེས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སྤྱིར་བཏང་གི་ཆེད་སྦྱོང་སློབ་གྲྭ་ཆེན་མོའི་མཐར་ཕྱིན་ལག་ཁྱེར་སྤྲོད་རྒྱུ་ཡིན།

མིང་ཐོ་འགོད་་པའི་དུས་ཚོད། 2023ལོའི་ཟླ1ཚེས1ཉིན་ནས2023ལོའི་ཟླ3ཚེས31ཉིན་བར་ཡིན།


མཉམ་སྤྱོད།