དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་མཐོན་པོ་སྒང་གསར་སྤེལ་བྱ་བར་བརྟག་ཞིབ་གནང་།

2023-01-28 23:47:51   |   118

རྩོམ་སྒྲིག  སངས་དོན།     ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།


ཟླ1པོའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་འོས་མི་ཀྲང་ཧྲིང་ཡོན་གྱིས་མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་སྐྲུན་པ་དང་། ནུབ་མཚོ་གྲོང་རྡལ་གྱི་གསར་བརྗེའི་གྲོང་རྡལ་ཆུང་ངུའི་ལས་གཞི་འཛུགས་སྐྲུན་གྱི་བྱ་བར་བརྟག་ཞིབ་གནང་བར་མ་ཟད་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ལྟ་སྐོར་གནང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དབྱིན་མའོ་ཝུན་དང་། དྲུང་ཡིག་ཆེན་མོ་ཀྲུའུ་ལིན། དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་ཕེབས་རོགས་ཞུས།

a.png

མཐོན་པོ་སྒང་དུ་ཀྲང་ཧྲིང་ཡོན་གྱིས་མཐོན་པོ་སྒང་གི་རི་རྩེའི་ཕྱོགས་བསྡུས་ཞབས་ཞུ་དང་རྒྱང་ལྟ་ས་ཚིགས། འབྲེང་ཟམ་འཛུགས་སྐྲུན་ཁུལ། དེ་སྔའི221བཟོ་གྲྭའི་མཁའ་དམག་སྲུང་སྐྱོབ་གནས་རྙིང་སོགས་ཀྱི་ས་ཆར་རྩད་ཞིབ་བྱས་ཤིང་། ཡུལ་དངོས་སུ་མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་། གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་སྤྱིའི་འཆར་འགོད་དང་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུར་ཉན་ལ། དེའི་དམིགས་བསལ་ས་བབ་ཀྱི་ཐོན་ཁུངས་ལེགས་ཆ་དང་མཛེས་ལྗོངས་ཁུལ་གྱི་དུས་མགོའི་བྱ་བའི་འཕེལ་རིམ་ལ་ཁས་ལེན་གནང་། ཁོང་གིས་གསེར་དངུལ་ཐང一རྡུལ་ཕྲན་མཁར5Aརིམ་པའི་རྒྱལ་ཁབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་རྒྱུར་གཞི་ཚུགས་ཏེ་མཐོན་པོ་སྒང་གི་ས་ཁམས་དང་སྐྱེ་ཁམས། ཡུལ་སྐོར་བཅས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱེད་དགོས་ལ། “གསར་བརྗེ”དང“ལྗང་མདོག” “ཁྱད་ཆོས”མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། དེ་ཉིད་ལྟ་སྐོར་ཡུལ་སྐོར་དང་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་། གསར་བརྗེའི་སློབ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་སྐྱེ་ཁམས་ཡུལ་སྐོར་རྟེན་གཞིར་བསྐྲུན་དགོས་པ་དང་། མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་གཏོད་པ་དང་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མིང་བྱང་གསར་བ་ཞིག་ཏུ་འགྱུར་དགོས་པའི་བླང་བྱ་བཏོན།

b.png

རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཀྲང་ཧྲིང་ཡོན་གྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བསྐྱར་དྲན་བྱས་ནས་གསར་བརྗེ་བ་རྒན་པ་དང་ཚན་རྩལ་ལས་སྒྲུབ་པའི་འོད་སྟོང་འབར་བའི་བྱས་རྗེས་ལ་དྲན་གསོ་ཞུས་རྗེས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནི་ཧ་ཅང་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཞིག་ཡིན་པས་གཞུང་དྲང་གསར་གཏོད་རྒྱུན་འཁྱོངས་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། གསར་བརྗེའི་དྲན་ཤེས་རྒྱུན་མཐུད་བཅས་བྱས་ཏེ་གསར་བརྗེའི་གཏམ་རྒྱུད་དྲིལ་སྒྲོག་དང་འགྲེལ་བཤད་ཡག་པོ་རྒྱག་དགོས་ལ། གསར་བརྗེའི་རིག་གནས་ཀྱི་ཆས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་ཧུར་ཐག་བྱས་ཏེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་མཐོ་སྒང་གི་ས་གཞི་ཆེ་མོར་འོད་མདངས་འཕྲོ་ཐུབ་པ་བྱེད་དགོས་པར་བསྟན།

c.png

ནུབ་མཚོ་གྲོང་རྡལ་དེ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་རྡལ་གྱི་དཔེ་སྟོན་གྲོང་རྡལ་འཛུགས་སྐྲུན་ལས་གཞི་དང་ནུབ་མཚོ་ལུས་རྩལ་ཐང་སྒྱུར་བཀོད་ལས་གཞིའི་ཡུལ་དངོས་སུ། ཀྲང་ཧྲིང་ཡོན་གྱིས་མ་དངུལ་ཡོང་ཁུངས་དང་འཆར་འགོད་ཇུས་འགོད། འཛུགས་སྐྲུན་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ཁོང་གིས་ནུབ་མཚོ་གྲོང་རྡལ་གྱིས“ཀྲུང་གོའི་རྡུལ་ཕྲན་མཁར་གསར་བརྗེའི་རིག་གནས་ཁྱད་ལྡན་གྲོང་རྡལ་ཆུང་ངུ”རེ་ཞུ་བྱེད་པ་དང་། གསར་བརྗེའི་རིག་གནས་ཀྱི་བཙན་ས་སྐྲུན་པ། “ཀྲུང་གོའི་རྡུལ་ཕྲན་མཁར”རིག་གནས་ཡུལ་སྐོར་གྱི་རྫས་རྟགས་ཁྱབ་གདལ་བཏང་ནས“གསར་བརྗེའི་གཞི་རྒྱུ”གང་ལེགས་སྒོས་མངོན་པར་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད། ལྷག་པར་དུ་ད་ལོ་ནི་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཡིན་པ་དང་ཁུལ་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ས་ཁུལ་གྱི་སྣང་བརྙན་མཐོ་རུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་རེད། སྡེ་ཁག་སོ་སོས་གསར་བརྗེའི་རིག་གནས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་དམིགས་ཚད་ངེས་གནས་ལ་དམིགས་ནས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་ལས་གཞི་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ནུབ་མཚོ་གྲོང་རྡལ་གྱི་གསར་བརྗེའི་རྣམ་པ་ཇེ་ལེགས་སུ་གཏོང་རྒྱུ་དང་གྲོང་ཁྱེར་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་གཞི་གཅིག་ཅན་གྱིས་སྐུལ་འདེད་གཏོང་དགོས། 

d.jpg

རྐྱང་བའི་སྤུས་ཚད་དང་སྤྱི་ཡོངས་ཀྱི་རྣམ་པའི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ཏེ། བཟོ་སྐྲུན་གྱི་སྤུས་ཚད་ལ་དམ་འཛིན་སྒོས་སྤུས་ལེགས་དཔེ་མཚོན་བཟོ་སྐྲུན་ཧུར་ཐག་གིས་གཏོད་དགོས། དུས་ཚོད་ཀྱི་བླང་བྱར་དམ་པོར་དམིགས་ནས་ལྡོག་སྒྲིག་འཆར་གཞི་དང་དཔེ་འགེལ་དམག་འཐབ། བཀོད་སྒྲིག་ཞིབ་ཚགས། ཚན་རིག་དང་མཐུན་པའི་ཨར་ལས་བཅས་བྱས་ཏེ་བྱ་བ་སོ་སོ་བདེ་བླག་ངང་སྐུལ་འདེད་དང་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པར་བསྟན།


མཉམ་སྤྱོད།