དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོའི་དུས་ཆེན་ལ་སྤྲོ་སྐྱིད་ཡོང་བའི་སྨོན་འདུན་ཞུས།

2025-05-30 08:30:17   |   540

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཞི་ཅིན་ཕིང་གིས་ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག

f6a57e828439c149b21beffe63e880f.jpg

ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པ་འཚོགས་ལ་ཉེ་བའི་སྐབས་འདིར། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུ་བ་དང་། རྒྱ་ཆེའི་ན་ཆུང་གདོང་ལེན་རུ་མི་དང་། ན་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པ། ན་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་བ་ཡིན།

ན་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འབྱུང་འགྱུར་གྱི་སྟོབས་ཤུགས་གསར་པའི་དམག་དཔུང་ཡིན་པ་དང་། ན་ཆུང་གདོང་ལེན་རུ་ཁག་ནི་ན་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སློབ་གྲྭ་ཆེན་པོ་ཞིག་ཡིན། འཐབ་ལམ་གསར་པའི་ཐོག ན་ཆུང་གདོང་ལེན་རུ་ཁག་གིས་རུ་ཁག་གི་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་ཏེ། གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་གཞོལ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་གསོ་སྐྱོང་བྱ་རྒྱུར་དམིགས་ཤིང་། རྒྱ་ཆེའི་ན་ཆུང་གདོང་ལེན་རུ་མི་རྣམས་ཏང་གཅེས་རྒྱལ་གཅེས་དང་། འབད་འབུངས་སློབ་བརྩོན། ཕྱོགས་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་ན་ཆུང་བཟང་པོ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཏང་གིས་ཕྱོགས་ཡོངས་ནས་ན་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་ཤུགས་རྒྱག་པ་དང་། གུང་གཞོན་ཚོགས་པས་ཚོགས་པ་ཡོངས་སྒྲིག་འཛུགས་བྱས་ནས་རུ་ཁག་གི་སྣེ་ཁྲིད་བྱེད་པའི་འགན་འཁྲི་ཇེ་བརྟན་དུ་བཏང་ནས། ན་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་བསྐྲུན་པ་དང་། ན་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་བསླེབ་ལ་ཉེ་བས། རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོའི་དུས་ཆེན་ལ་སྤྲོ་སྐྱིད་ཡོང་བའི་སྨོན་འདུན་ཞུ། 

ཞི་ཅིན་ཕིང་གིས།

2025ལོའི་ཟླ5པའི་ཚེས27ཉིན།


མཉམ་སྤྱོད།