དེ་རིང་ནི2025ལོའི་ཟླ06པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཏང་གཅེས་རྒྱལ་གཅེས་དང་། རང་ཚུགས་རང་བཀུར། འབད་འབུངས་ཡར་བརྩོན་བཅས་ཀྱི་དུས་རབས་གསར་པའི་ན་ཆུང་བཟང་པོ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་དགོས་པའི་སྐོར་གླེང་བ།

2025-06-03 09:27:12   |   127

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། སློབ་བརྩོན་རྒྱལ་སྟོབས།   བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20250506092536.jpg

少年儿童是祖国的未来。把家乡建设好,把我国全面建成社会主义现代化强国,需要你们这一代人接力奋斗。希望同学们树立远大志向,珍惜美好时光,坚持德智体美劳全面发展,争做爱党爱国、自立自强、奋发向上的新时代好少年,努力成长为堪当强国建设、民族复兴大任的栋梁之材。

——习近平2024年5月30日给四川省南充市嘉陵区之江小学学生的回信

ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན། ཕ་ཡུལ་འཛུགས་སྐྲུན་ཡག་པོ་དང་། རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་པར་ཁྱོད་ཚོ་མི་རབས་འདིས་རྒྱུན་མཐུད་འབད་འཐབ་བྱེད་དགོས། སློབ་གྲོགས་ཚོས་ཕུགས་རྒྱང་རིང་བའི་འདུན་པ་བཅངས་ཤིང་དགའ་སྐྱིད་ལྡན་པའི་དུས་ཚོད་ལ་གཅེས་སྤྲས་བྱས་ཏེ། ཀུན་སྤྱོད་ཤེས་རིག་ལུས་རྩལ་མཛེས་རིག་ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཏང་གཅེས་རྒྱལ་གཅེས་དང་། རང་ཚུགས་རང་བཀུར། འབད་འབུངས་ཡར་བརྩོན་བཅས་ཀྱི་དུས་རབས་གསར་པའི་ན་ཆུང་བཟང་པོ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་པ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་ཆེན་ཁྱོགས་པའི་གདུང་འདེགས་ཀྱི་ཀ་བར་འཚར་ལོངས་ཡོང་གང་ཐུབ་བྱེད་པའི་རེ་བ་ཡོད།

——ཞི་ཅིན་ཕིང་གིས2024ལོའི་ཟླ5པའི་ཚེས30ཉིན་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྲི་ཅང་སློབ་ཆུང་གི་སློབ་མར་སྤྲིངས་པའི་འཕྲིན་ལན།


མཉམ་སྤྱོད།