དེ་རིང་ནི2025ལོའི་ཟླ06པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལི་ཆང་གིས་འཇར་པིན་རྒྱལ་སྤྱིའི་ཉོ་ཚོང་ཡར་སྐུལ་མཐུན་ཚོགས་ཀྱི་ཚོགས་པར་མཇལ་འཕྲད་གནང་བ།

2025-06-04 09:02:26   |   437

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་ཟླ6པའི་ཚེས3ཉིན་གྱི་གློག་འཕྲིན།  ཟླ6པའི་ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་འཇར་པིན་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཧོ་ཡེ་དབྱང་ཕིང་གིས་སྣེ་ཁྲིད་པའི་ཀྲུང་གོར་འཚམས་འདྲི་བྱེད་མཁན་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།

01.jpg

ལི་ཆང་གིས་ན་ནིང་ཟླ11པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཧྲི་ཧུང་མའོ་རྣམ་གཉིས་ལི་མར་མཇལ་འཛོམས་གནང་ནས་ཀྲུང་འཇར་འཐབ་ཇུས་གཉིས་ཕན་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་དང་། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་དགེ་མཚན་ལྡན་པ་དང་བརྟན་ལྷིང་གི་ཀྲུང་འཇར་འབྲེལ་བ་འཛུགས་རྒྱུར་གཞོལ་ནས་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་ལ་ཁ་ཕྱོགས་ཆེན་པོ་གསལ་སྟོན་གནང་ཡོད། ཀྲུང་གོ་དང་འཇར་པིན་ནི་ཁྱིམ་མཚེས་ཡིན་པས་རོགས་ཟླ་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འཇར་པིན་ཕྱོགས་ཀྱི་ལས་རིགས་ཁག་དང་མཉམ་དུ་བྱ་སྤྱོད་ཧུར་ཐག་སྤེལ་ནས“ཕན་ཚུན་མཉམ་ལས་རོགས་ཟླ་དང་ཕན་ཚུན་འཇིགས་སྐུལ་མི་བཟོ་བའི”ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱས་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་དམངས་ཁྲོད་མཛའ་གྲོགས་ཀྱི་རྨང་གཞི་བརྟན་དུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། འཇར་པིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དགེ་མཚན་ལྡན་པའི་སྒོ་ནས་མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ལི་ཆང་གིས་མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པས་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། ཀྲུང་གོ་དང་འཇར་པིན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་དམིགས་བསལ་གྱི་ལེགས་ཆ་མང་པོ་ཡོད་པ་དང་ལྷག་པར་དུ་ཐོན་ལས་ཀྱི་གསབ་རེས་རང་བཞིན་ཆེ་བས་ཚན་རྩལ་གསར་གཏོད་ཁྱབ་ཁོངས་སུ་སོ་སོར་དགེ་མཚན་ལྡན་ཡོད། ཕྱོགས་གཉིས་པོས་ལེགས་ཆ་དེ་དག་ཡག་པོ་སྤྱད་དེ་ཐོན་ལས་སྦྲེལ་མཐུད་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་དོན་མ་འཇོག་གི་གཞི་ཁྱོན་ཆེ་རུ་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། སྐྱེ་དངོས་གསོ་རིག་སོགས་གསར་དར་ཁྱབ་ཁོངས་དང་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་རྒྱ་ཆེར་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱེད་པ་བཅས་བརྒྱུད་རང་སོ་སོའི་འཕེལ་རྒྱས་ལ་སྒུལ་ཤུགས་དེ་བས་མང་བ་བསྣན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་དང་འཇར་པིན་གྱི་ཁེ་ལས་ཚུད་པའི་ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་དེ་བས་མང་བ་ཀྲུང་གོར་འཕེལ་རྒྱས་གཏོང་བར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། འཇར་པིན་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་རྒྱུ་དང་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་དུ་འདོན་རྒྱུའི་རེ་བ་ཡོད་ལ། འཇར་པིན་གྱི་ལས་རིགས་ཁག་གིས་ཀྲུང་གོ་དང་རིག་གནས་དང་གནས་སྐོར། ལུས་རྩལ། ན་གཞོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་པ་རེད།

ཧོ་ཡེ་དབྱང་ཕིང་གིས་ཀྲུང་གོ་ནི་འཇར་པིན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པ་དང་ཀྲུང་གོའི་དཔལ་འབྱོར་ལ་ནང་གནས་ཀྱི་སྒུལ་ཤུགས་དང་མཉེན་ཤུགས་ཆེན་པོ་ལྡན་ཡོད། མིག་སྔར་གཏན་འཁེལ་མེད་པའི་རང་བཞིན་གྱིས་ཁེངས་པའི་རྒྱལ་སྤྱིའི་དུས་བབ་འོག་འཇར་ཀྲུང་རྒྱལ་ཁབ་གཉིས་པོས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་མ་ལག་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་པ་རེད། འཇར་པིན་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་ཀྱིས་དུས་ཡུན་རིང་པོར་འཇར་ཀྲུང་མཛའ་གྲོགས་ལ་གཞོལ་ནས་ཀྲུང་གོ་ཕྱོགས་དང་མུ་མཐུད་དུ་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཕན་ཚུན་རྒྱུས་ལོན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མང་ཚོགས་ཀྱི་བརྩེ་དུང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་ཤེས་རྟོགས་ལེགས་སུ་གཏོང་བ། གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

ཝུའུ་ཀྲེང་ལུང་མཇལ་འཕྲད་ནང་ཞུགས་པ་རེད།


མཉམ་སྤྱོད།