དེ་རིང་ནི2025ལོའི་ཟླ06པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་།

2025-06-04 15:00:27   |   647

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་ནན་མོ་དང་ཏན་ཏིག་གིས་སློབ་སྦྱོང་དང་ཞིབ་བཤེར། བཅོས་སྒྲིག་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས་ཟེར།

01.jpg

བཞུགས་མོལ་ཚོགས་འདུའི་ཐོག ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་ཨུ་དང་འོམ་ཆུ་གྲོང་རྡལ་ཏང་ཨུའི་འགན་འཁུར་བློ་མཐུན་གྱི་སྙན་ཞུར་ཉན་ནས་རྫོང་དང་གྲོང་རྡལ་རིམ་པ་གཉིས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་བརྗེ་རེས་གྲོས་ཞིབ་དང་ཉེན་བརྡའི་སློབ་གསོ། མགོ་ཁྲིད་ལས་བྱེད་པས་ཏང་གི་སློབ་ཚན་ཁྲིད་པ་བཅས་ཏན་ཏིག་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་མི་སེམས་ལ་འཇུག་རྒྱུར་སྐུལ་འདེད་བཏང་སྟེ་སློབ་སྦྱོང་གི་སྤུས་ཚད་ལ་འགན་ལེན་བྱེད་དགོས། གནད་དོན་ཞིབ་བཤེར་བཅོས་སྒྲིག་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཚོགས་པ་མི་འདྲ་བ་འབུར་དུ་ཐོན་པར་བྱེད་པ།ཞིབ་ཐོ2དང་ཞིབ་ཕྲའི་གནད་དོན28། རིགས10ཡི་གཞི་རིམ་གྱི་སྤྱོད་ཚུལ་བཞིའི་མངོན་མེད་གཞན་འགྱུར་གནད་དོན་དང་བསྡུར་བ་བྱས་ནས་འབུར་དུ་ཐོན་པའི་གནད་དོན་ཕྱོགས་ཡོངས་ནས་འཚོལ་ཞིབ་བྱས་ཏེ་བཅོས་སྒྲིག་གི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་ཞིབ་བཤེར་བྱེད་ཤུགས་དང་བཅོས་སྒྲིག་ལ་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། སྒོ་མོ་ཕྱེ་ནས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་དང་མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་གྱི་ཕུང་གསོག་གྱོད་གཞི་དང་ཁང་ཁོངས་ལག་ཁྱེར་གཉེར་དཀའ་བ། ཞིང་བའི་གླ་ཕོགས་ཆད་པ། སློབ་གྲྭའི་ཟ་མ། ཐུན་མོང་གི་མ་དངུལ་དང་རྒྱུ་ནོར། ཐོན་ཁུངས། གྲོང་གསེབ་ཀྱི་གཞུང་ལམ་ཉམས་གསོ་དཀའ་བ་སོགས་ཁྱབ་ཆེ་བའི་གནད་དོན་འབུར་ཐོན་ལ་དམིགས་ནས་གཅིག་སྡུད་བཅོས་སྒྲིག་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས་ཟེར།

02.jpg

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ལ་བརྟག་ཞིབ་བྱེད་སྐབས་བཏོན་པའི་བློ་ལ་བརྟན་པོར་ངེས་དགོས་པ་གཅིག་དང་བླང་བྱ་གཉིས། ཚད་གཞི་སྔར་ལས་མཐོ་བའི་རྒྱུན་འཁྱོངས་ལྔ་བཅས་ཀྱི་ལས་འགན་ལ་དམིགས་ནས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་དམངས་འཚོ་ཇེ་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད། འཕར་སྣོན་བརྟན་པོ། མང་ཚོགས་ཉེ་འགྲམ་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱས་ནས་ཚུར་ལན་སྤྲད་པའི་གནད་དོན་བཅོས་སྒྲིག་བྱེད་པ་སོགས་གཙོ་གནད་བྱ་བ་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ལ་སློབ་སྦྱོང་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་དངོས་སུ་ཚོར་དུ་འཇུག་དགོས།

04.jpg

ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲེང་གིས་ཕེབས་རོགས་བྱས།


མཉམ་སྤྱོད།