དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱིས་རུ་འཁྱུར་དམག་མིའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་།

2023-01-31 11:52:02   |   166

རྩོམ་སྒྲིག  སངས་དོན།      ཡོང་ཁུངས།   མཚོ་སྔོན་བོད་ཡིག་དྲ་བ། 


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཞིང་ཆེན་རུ་འཁྱུར་དམག་མིའི་ལས་དོན་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་རུ་འཁྱུར་དམག་མིའི་ལས་དོན་ཐིང་གིས་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་དང་ཧུར་ཐག་སྒོས་འབྲེལ་མཐུད་བྱས་ཏེ། འབྲེལ་ཡོད་སྲིད་ཇུས་བཏོན་ནས་རུ་འཁྱུར་དམག་མིའི་ཕུལ་བྱུང་དམག་མི་སློབ་གྲྭ་འབྲིང་ཆུང་དུ་དགེ་རྒན་བྱེད་པར་སྐུལ་འདེད་དང་། རུ་འཁྱུར་དམག་མིའི་ལས་ཞུགས་ཐབས་ལམ་མུ་མཐུད་དུ་རྒྱ་ཆེར་བཏང་ནས་རུ་འཁྱུར་དམག་མི་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་།

རང་རེའི་ཞིང་ཆེན་གྱིས་དགེ་འོས་ཆེད་ལས་ཀྱི་རུ་འཁྱུར་དམག་མིའི་སློབ་གསོའི་གོ་སྐབས་རྒྱ་ཆེར་ཧུར་ཐག་བཏང་སྟེ། ཆ་རྐྱེན་འཛོམས་པའི་རུ་འཁྱུར་དམག་མིར་མཐོ་རྒྱུགས་ནང་ཞུགས་སྐབས་གཏན་འབེབས་ལྟར་སྐར་གྲངས་སྣོན་པའི་གཟིགས་སྐྱོང་ལོངས་སྤྱོད་བྱེད་པ་དང་། དགེ་འོས་ཆེད་ལས་ཀྱི་རུ་འཁྱུར་སློབ་ཆེན་སློབ་མའི་དམག་མིར་གཏན་འབེབས་ལྟར་སློབ་མའི་རོགས་སྐྱོར་སྲིད་ཇུས་ལོངས་སྤྱོད་བྱེད་ཀྱི་ཡོད། ཆ་རྐྱེན་འཛོམས་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭས་སློབ་བསྡུའི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། དགེ་འོས་རིགས་ཀྱི་རིག་གཞུང་ཚན་ཁག་གི“རུ་འཁྱུར་སློབ་ཆེན་སློབ་མའི་དམག་མི”ཞེས་པའི་ཆེད་དོན་སློབ་བསྡུའི་འཆར་གཞི་རྒྱ་སྐྱེད་འོས་འཚམ་གཏོང་རྒྱུ། གཏན་འབེབས་ལྟར་རུ་འཁྱུར་སློབ་ཆེན་སློབ་མའི་དམག་མི་བསྐྱར་དུ་སློབ་ཞུགས་དང་ཆེད་ལས་བསྒྱུར་བའི་བྱ་བ་ཡག་པོ་སྒྲུབ་ནས་ཐོག་མར་དགེ་འོས་རིགས་ཀྱི་ཆེད་ལས་བསྡུ་རྒྱུ་མ་ཟད། ཆེད་ལས་ཀྱི་གསབ་སྦྱོང་སོགས་ཀྱི་རོགས་རམ་མཁོ་འདོན་བྱ་རྒྱུ།

རྒྱུན་མཐུད་ངང་རུ་འཁྱུར་དམག་མིར་སློབ་གསོའི་གསོ་སྦྱོང་གཉེར་བ་དང་། ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་གཟུག་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་གྱི་གསོ་སྦྱོང་ཐོབ་ཐང་ལྡན་པའི་གསོ་སྦྱོང་སྒྲིག་གཞི་དེ་རུ་འཁྱུར་དམག་མིའི་གསོ་སྦྱོང་ཁས་ལེན་སྒྲིག་གཞིའི་དཀར་ཆག་ནང་བཅུག་ནས། དགེ་རྒན་ཐོབ་ཐང་རྒྱུགས་ལེན་གྱི་མིང་ཐོ་འགོད་པའི་ཆ་རྐྱེན་དང་འཚམ་པ་མ་ཟད། ད་དུང་གསོ་སྦྱོང་ནང་ཞུགས་པར་རེ་ཞུ་བྱེད་མཁན་རུ་འཁྱུར་དམག་མི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ཁ་གསབ་ཁྱབ་ཁོངས་ནང་འཇུག་རྒྱུ།

རུ་འཁྱུར་དམག་མིར་དགེ་འོས་ཆེད་ལས་སློབ་བསྡུའི་ཡིག་རྒྱུགས་དང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་ཡིག་རྒྱུགས་ནང་ཞུགས་པར་སྐུལ་སློང་དང་ཁྲིད་སྟོན་ཧུར་ཐག་བྱས་ནས་རུ་འཁྱུར་དམག་མིས་སློབ་གྲྭ་འབྲིང་ཆུང་དུ་དགེ་རྒན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། གདན་ཞུའི་འཆར་གཞིའི་ནང་གནས་གཏན་འཁེལ་གྱི་ལས་གནས་སུ་རུ་འཁྱུར་དམག་མི་བསྡུས་ཏེ། དགེ་རྒན་གྱི་ཐོབ་ཐང་ལྡན་པའི་རུ་འཁྱུར་དམག་མི་སློབ་གྲྭ་འབྲིང་ཆུང་གི་འགན་གཅིག་ལྕོགས་ཀྱི་ལུས་རྩལ་དགེ་རྒན་འདེམ་པའི་གདན་ཞུའི་ཁྱབ་ཁོངས་སུ་འཇུག་རྒྱུ། མིང་ཐོ་འགོད་པའི་ཆ་རྐྱེན་དང་མཐུན་པའི་རུ་འཁྱུར་དམག་མི་ཚང་མས་རང་ཞིང་གི་དམིགས་བསལ་ལས་གནས་འཆར་གཞི་ལྟར་མཐོ་སློབ་མཐར་ཕྱིན་སློབ་མར་ཕྱོགས་པའི་གཞི་རིམ་ཞབས་ཞུའི་རྣམ་གྲངས་ཁྲོད་དགེ་རྒན་བསྡུ་བའི་ལས་གནས་སྟེང་མིང་ཐོ་བཀོད་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཐོབ་ཐང་ལོངས་སྤྱོད་བྱེད་ཆོག་པ་ཡིན།

རང་ཞིང་གིས་ད་དུང་རུ་འཁྱུར་དམག་མིར་དགེ་རྒན་གྱི་ཆེད་ལས་གསོ་སྦྱོང་དང་རྗེས་སྙེག་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། རུ་འཁྱུར་དམག་མི་དང་འཚམ་པའི་སློབ་གྲྭ་འབྲིང་ཆུང་གི་སྲིད་འཛིན་དང་ལས་བཟོ་པ། རྒྱབ་ཕྱོགས་ཞབས་འདེགས་བཅས་ཀྱི་ལས་གནས་ཁག་ཅིག་ཧུར་ཐག་སྒོས་གསར་སྤེལ་བྱ་རྒྱུ། རུ་འཁྱུར་དམག་མིའི་ལེགས་ཆ་འདོན་སྤེལ་ལ་མཐོང་ཆེན་བྱས་ནས་ཧུར་ཐག་སྒོས་ཆ་རྐྱེན་ཡོད་པའི་སློབ་གྲྭ་འབྲིང་ཆུང་དུ་རྒྱལ་སྲུང་སློབ་གསོའི་ཁྱད་ལྡན་འཛིན་གྲྭ་བཏོད་དེ། ཆ་རྐྱེན་འཛོམས་པའི་རུ་འཁྱུར་དམག་མི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་དམག་སྦྱོང་དང་རྒྱལ་སྲུང་སློབ་གསོ་སོགས་བྱེད་སྒོའི་ཁྲོད་རྩལ་ནུས་དགེ་རྒན་ལ་གདན་འདྲེན་ཞུ་རྒྱུ། རུ་འཁྱུར་དམག་མིའི་བདེ་སྲུང་གསོ་སྦྱོང་ཞིང་ཆེན་ཡོངས་ཀྱི་རུ་འཁྱུར་དམག་མིའི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ནང་དོན་དུ་བཅུག་ནས། གསོ་སྦྱོང་གི་ཚད་གཞི་ལོན་པ་དང་བདེ་སྲུང་པའི་ལག་ཁྱེར་ཐོབ་པའི་རུ་འཁྱུར་དམག་མིར་སློབ་གྲྭ་འབྲིང་ཆུང་དུ་བདེ་སྲུང་ལས་གནས་ཐོག་ལས་ཀ་བྱེད་པར་འོས་སྦྱོར་བྱ་རྒྱུ། རུ་འཁྱུར་ཕུལ་བྱུང་དམག་མི་ཁག་ཅིག་བསྡུས་ནས་སློབ་གྲྭ་འབྲིང་ཆུང་དུ་སློབ་ཕྱིའི་ཟུར་ཁྲིད་པའི་འགན་འཁུར་དུ་འཇུག་པ་དང་། རྒྱ་ཆེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོར་ཆུང་དུས་ནས་ཡང་དག་གི་ལྟ་བ་གསུམ་འཛུགས་པར་རོགས་རམ་བྱེད་དུ་འཇུག་རྒྱུ།


མཉམ་སྤྱོད།