དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་གི་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས།

2023-01-31 20:48:53   |   177

སྒྲིག་སྒྱུར།  སངས་དོན།


      ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་དེ་ལག་ལེན། མཚོ་བྱང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཅས་བྱེད་ཆེད། ཟླ1པའི་ཚེས30ཉིན། མཚོ་བྱང་ཁུལ་གྱིས་ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས། ཚོགས་འདུའི་སྟེང་ཞིང་ཆེན་སྤྱི་ཚོགས་ཚན་རིགས་སློབ་གླིང་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་སོའི་མགོ་གཙོ་འམ་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རིན་མའོ་ཅང་ཧོས་གདན་ཞུ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པས་མཚོ་སྔོན་གྱི་ལྗང་མདོག་དང་ཐཱན་ཞུང་བ། འཁོར་རྒྱུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་ཅེས་བའི་ཆེད་དོན་ཟུར་ཁྲིད་གནང།

3.jpg

       ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་དང་ཁུལ་ཐད་གཏོགས་སྡེ་ཁག་གི་མགོ་ཁྲིད་གཙོ་བོ། དེ་བཞིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་སློབ་སྦྱོང་ཚོགས་འདུར་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོས་ཚོགས་འདུ་ལ་གཙོ་སྐྱོང་བྱས།

4.jpg

       སློབ་སྦྱོང་ཚོགས་འདུའི་སྟེང་། མའོ་ཅང་ཧོས་ཀྱིས་ཞི་ཅིན་ཕིང་གིས་བཏོན་པའི་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་ལུགས་བཅོས་བསྒྱུར་མགྱོགས་སུ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ཅེས་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་དམིགས་སུ་བཟུང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚན་རིག་མ་ལག་གི་གལ་ཆེའི་ནང་དོན་དང་། མཚོ་སྔོན་གྱིས་བླངས་པའི་གལ་ཆེའི་གྲུབ་འབྲས་དང་གསར་བཏོད་ཀྱི་སྐོར་ཟུར་ཁྲིད་ཞིབ་བུ་བྱས་པ་མ་ཟད། མཚོ་སྔོན་གྱི་སྐྱེ་ཁམས་རིན་ཐང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མིག་མཐོང་ལག་ཟིན་གྱི་གྲངས་གཞི་དང་གསོན་ཉམས་དོད་པའི་དཔེ་གཞིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པས་མཚོ་སྔོན་གྱི་ལྗང་མདོག་དང་ཐཱན་ཉུང་བ། འཁོར་རྒྱུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་བཅས་ཀྱི་ཐད་གཏིང་ཟབ་པའི་ཟུར་ཁྲིད་གནང་།

5.jpg

      ཚོགས་འདུར་ཞུགས་མཁན་རྣམས་ཀྱིས་ཐེངས་འདིའི་ཟུར་ཁྲིད་དེ་ཁྱོན་ཡོངས་ལ་ཁྱབ་པ་དང་གཙོ་གནད་འབུར་དུ་ཐོན་པ། ཆབ་སྲིད་ཀྱི་མཐོ་ཚད་ངེས་ཅན་ཡོད་པ་མ་ཟད། གཞུང་ལུགས་ཀྱི་གཏིང་ཚད་དང་ལག་ལེན་གྱི་མཐུག་ཚད་ཀྱང་ངེས་ཅན་ཡོད་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་ངོས་ཟིན་ཟབ་མོ་དང་རྒྱུས་ལོན་ཡང་དག་བྱེད་པ། མཚོ་བྱང་གི་ལྗང་མདོག་དང་ཐཱན་ཉུང་བ། འཁོར་རྒྱུགས་འཕེལ་རྒྱས་སྐུལ་འདེད་བྱེད་པ་བཅས་ལ་མཛུབ་སྟོན་དང་བློ་འབྱེད་ཀྱི་གལ་ཆེའི་ནང་དོན་ཡོད་པར་སྙམ།

6.jpg

      ཚོགས་འདུས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་འབྲེལ་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་སློབ་སྦྱོང་ལ་ཤུགས་སྣོན་དང་། དེའི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ཟབ་མོ་ལེན་པ། དོན་དངོས་ནས་སྐྱེ་ཁམས་དར་རྒྱས་བྱུང་ན་དཔལ་ཡོན་དར་རྒྱས་འབྱུང་ཐུབ་པ་དང་། སྐྱེ་ཁམས་ཉམས་རྒུད་དུ་སོང་ན། དཔལ་ཡོན་ཉམས་རྒུད་དུ་འགྲོ་བའི་ལོ་རྒྱུས་ཀྱི་ལྟ་བ་དང་།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རང་བྱུང་ལྟ་བ། རི་ཆུ་སྔོ་ལྗང་ནི་གསེར་རི་དངུལ་རི་ཡིན་པའི་ལྗང་མདོག་འཕེལ་རྒྱས་ལྟ་བ། སྐྱེ་ཁམས་ཁོར་ཡུག་ལེགས་པ་ནི་ཆེས་ལེགས་པའི་དམངས་འཚོའི་བདེ་སྐྱིད་ཡིན་པའི་དམངས་འཚོའི་ལྟ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱེད་པའི་ཁྲིམས་སྐྱོང་ལྟ་བ་སོགས་བསམ་བློའི་དགོངས་པ་དེ་དུས་རྒྱུན་གྱི་ལས་ཀ་དང་བྱ་བྱེད་ཁྲོད་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྟོབས་ཤུགས་ཆེན་པོར་ཆགས་པར་བྱེད་པ་དང་། རི་ཆུ་སྔོ་ལྗང་དེ་གསེར་རི་དངུལ་རིར་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་དང་། འཁོར་རྒྱུགས་རྣམ་པའི་ཐོན་སྐྱེད་བྱེད་སྟངས་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པ། ཐོན་ལས་འཁོར་རྒྱུགས་དང་ཐཱན་ཉུང་བའི་འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་གནས་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་མཚོ་བྱང་འཛུགས་སྐྲུན་བྱེད་པ་དེ་དམངས་ཡོངས་ཀྱི་རང་ཤུགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་པ་དང་། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་མཉམ་དུ་སྐུལ་འདེད་སྒོས་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་པར་བསྟན།


མཉམ་སྤྱོད།