དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་བྱང་ཁུལ་དུ་རྟོག་ཞིབ་གནང་བ།

2023-02-01 15:25:19   |   164

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་གནང་བར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་མྱོང་རྟོགས་ཟབ་མོ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྣེ་ཁྲིད་དུ་བཟུང་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་ལྟར། དངོས་ཐོག་བདེན་གཉེར་དང་མཐུན་སྒྲིལ་གཅིག་མཐུན་གྱིས་མཚོ་བྱང་གི་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་གསར་པ་འབད་པས་འབྱེད་དགོས་ཞེས་ནན་གྱིས་བསྟན། 

2021ལོའི་ཟླ6པའི་ཚེས8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ཞིང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་གཟིགས་ཞིབ་མཛད་པའི་ཞབས་རྗེས་བསྙེགས་ནས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་རྐང་ཚ་རྫོང་ཁེ་རམ་ཐང་དུ་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་ཕྱིར་དྲན་བྱས་པ། མུ་རུ་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། མཚོ་སྐོར་ས་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་ཚད་ལྡན་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་མཉན་ཏེ། ད་ལོ་ནི་མུ་རུ་གཏེར་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་ལོ་གསུམ་འགུལ་སྐྱོད་ཀྱི་མཇུག་སྒྲིལ་བའི་ལོ་ཡིན་པས། རང་བྱུང་ཁམས་ལ་བསྟུན་པ་དང་ཆོས་ཉིད་ལ་བརྩི་བཀུར་བྱེད་པ། ཟླ་ལྟར་བཀོད་གཏོང་དང་མགྱོགས་མྱུར་སྐུལ་འདེད་བཏང་ནས། རྗེས་མཐུད་ཀྱི་ཡུན་ཕན་བདག་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དོ་དམ་ལམ་ལུགས་འོས་མཐུན་ཡོང་བར་བྱེད་པ་དང་། སྔར་ལས་ཤུགས་ཆེན་པོ་སྒོས་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་བསྣན་ནས། ཚད་གཞི་མཐོན་པོ་སྒོས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་དགོས། ཡུལ་སྐོར་ཁོར་ཡུག་སྐྲུན་པ་དང་ཡུལ་སྐོར་འཆར་འགོད་ཟུང་དུ་སྦྲེལ་བ། སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་པར་ཞབས་ཞུ། མང་ཚོགས་ལ་འབབ་འཕར་ཡོང་བ་བཅས་གཅིག་གྲོགས་གཅིག་གིས་བྱས་ནས། རླབས་རྒྱུན་སྔོན་པོ་ལང་ལོང་གཡོ་བའི་མཚོ་སྔོན་པའི་རྣམ་པ་གསར་པ་མངོན་པར་བྱེད་དགོས་ཞེས་བསྟན། དེའི་རྗེས་སུ་ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་དཀོན་ལོ་གོང་མ་སྡེ་བར་སོང་ནས་གྲོང་གསེབ་དར་སྤེལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཆབ་སྲིད་ཐོག་ཡིད་བརྟན་ཕེར་བ་དང་སྡེ་བའི་ནང་སྙན་གྲགས་ཡོད་པ། རང་སྟེང་གི་ནུས་པ་ཆེ་བའི་སྡེ་བའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་པ་བདམས་ནས། མང་ཚོགས་ཀྱི་མགོ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན། བསོད་ནམས་ཚེ་རིང་ཚང་ལ་སོང་ནས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཁོ་ཚང་གིི་ཁྱིམ་མི་དང་ལྷན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་གཟིགས་ཞིབ་ལ་ཕེབས་པའི་སྐབས་ཀྱི་གནས་བབ་ལ་ཕྱིར་དྲན་བྱས་ཏེ། འཚོ་བ་བཟང་པོ་ནི་བསྒུགས་ནས་སླེབས་པ་མིན་ལ་གཞན་ལ་བརྟེན་པ་ཡང་མིན། འབད་རྩོལ་ཁོ་ན་ལས་བྱུང་བ་ཡིན། རིགས་སོ་སོའི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ས་གནས་ཀྱི་དངོས་ཡོད་དང་ཟུང་འབྲེལ་སྒོས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་ཡུལ་སྐོར་ཐོན་ལས་སོགས་གོང་སྤེལ་གཏོང་བ། རྨང་གཞིའི་སློབ་གསོ་ལེགས་པར་སྒྲུབ་པ། རོང་འབྲོག་ས་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བ་ལེགས་པར་བསྒྲུབས་ནས། མང་ཚོགས་ཀྱི་འཚོ་བ་ཇི་ལྟར་རོལ་ན་དེ་ལྟར་ཇེ་ལེགས་སུ་འགྲོ་རུ་འཇུག་དགོས་ཞེས་རྫོང་དང་ཤང་གི་ལས་བྱེད་པར་མངགས་བཅོལ་བྱས། མདའ་བཞི་རྫོང221རྟེན་གཞི་ཆི་ཧྥིན་བཟོ་གྲྭའི་ཤུལ་རྙིང་དང་མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་ནས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྟེན་གཞི་ཤུལ་རྙིང་སྲུང་སྐྱོང་དོ་དམ་བེད་སྤྱོད་དང་དམར་པོའི་རིག་གནས་ཞིབ་འཇུག་སློབ་སྦྱོང་བེད་སྤྱོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། རྟེན་གཞི་ཤུལ་རྙིང་སྲུང་སྐྱོང་བེད་སྤྱོད་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དམར་པོའི་གཞི་རྒྱུ་རྒྱུན་འཛིན་སྒོས། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་མི་རབས་ནས་མི་རབས་སུ་བརྒྱུད་སྤེལ་བྱེད་དགོས་ཞེས་བསྟན། 

ཝུའུ་ཞའོ་ཅུན་གྱིས། མཚོ་བྱང་གི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེན་ཡིན་པ་དང་། ལས་བྱེད་པའི་སྤྱོད་ཚུལ་ནན་ཏན་སྟོབས་དང་ལྡན། ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་བག་ནུས་ཆེ་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཡིད་ལ་དམ་པོར་བཟུང་བ་དང་། སྔར་ལས་ཤུགས་བཏོན་ནས་སྐྱེ་ཁམས་སྲུང་སྐྱོང་གི་འགན་ཁུར་ལྗིད་མོ་ཕྲག་ཏུ་ལེན་པ། རྒྱལ་ཁབ་སྤྱི་གླིང་གཉིས་མཚོ་བྱང་གི་གསེར་གྱི་མིང་བྱང་ལྟ་བུར་སྐྲུན་པ། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ནན་ཏན་གྱིས་སྐུལ་འདེད་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞི་བརྟན་པོར་བཙུགས་ནས། སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཐུན་མོང་ཐོག་མགྱོགས་མྱུར་གྱིས་བསྐྲུན་དགོས། སྔར་ལས་ཤུགས་བཏོན་ནས་དམིགས་བསལ་དང་དགེ་མཚན་ལྡན་པའི་ཐོན་ལས་སྒྲུབ་པ་དང་། བྱང་ཐིག་སྐྱེ་ཁམས་ཡུལ་སྐོར་ཚོང་རྟགས་སྐྲུན་པར་འབད་པས་སྐུལ་འདེད་གཏོང་བ། བསླད་མེད་སྐྱེ་ལྡན་ཞིང་ཕྱུགས་ལས་ཚད་གཞི་མཐོར་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ནུས་ཁུངས་གཙང་མའི་ཐོན་ལས་འཛད་སྤྱོད་དང་ཕྱིར་གཏོང་ལ་སྤྱི་འདོམས་བྱས་ནས། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཐོག་ཐོད་བརྒལ་གསར་པ་མངོན་འགྱུར་བྱེད་དགོས། སྔར་ལས་ཤུགས་བཏོན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ། ཞིང་ཕྱུགས་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་ཀྱི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་དགོས། སྔར་ལས་ཤུགས་བཏོན་ནས་དམངས་འཚོ་འགན་སྲུང་ལེགས་སྒྱུར་བྱེད་པ་དང་། ལས་ཞུགས་ཀྱི་ཤོང་ཚད་རྒྱ་སྐྱེད་པར་དམིགས་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆུ་ཚད་མཐོར་འདེགས་པ། གནོད་འགོག་གནོད་འཕྲི་བྱ་བ་ལེགས་པར་སྒྲུབ་པ། མང་ཚོགས་ཀྱི་བྲེལ་མྱུར་ལྡན་ཞིང་དཀའ་ངལ་ཡོད་ལ་རེ་བཞག་ཆེ་བའི་གནད་དོན་སེམས་ཞིབ་མོ་དང་ཤུགས་ཆེན་པོས་ཐག་གཅོད་བྱས་ཏེ། མཚོ་བྱང་གི་བྱ་བ་ཁག་སོ་སོ་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་འདུས་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཀྲུའུ་ཞང་ཧྥིན་མཉམ་ཞུགས་བྱས། ། 


མཉམ་སྤྱོད།