དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོར་མཚོ་སྔོན་གྱིས་མི་དམངས་ཉེན་རྟོག་པ381བསྡུ་རྒྱུ་རེད།

2023-02-01 15:29:26   |   212

རྩོམ་སྒྲིག  སངས་དོན།   


《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས》དང《གཞུང་ཞབས་པ་བསྡུ་བའི་གཏན་འབེབས》དེ་བཞིན་རང་ཞིང་གི་གཞུང་ཞབས་པ་རྒྱུགས་སྤྲོད་བསྡུ་ལེན་གྱི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་། ད་ལྟ་མཚོ་སྔོན་ཞིང་ཆེན་གྱིས2023ལོའི་སྤྱི་བདེ་ལས་ཁུངས་ཀྱི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་རིམ་པ་དང་པོའི་ཀྲུའུ་རིན་ཁའོ་ཡོན་དང་དེའི་མན་ཆད་དང་རིམ་པ་དེ་མཚུངས་ཀྱི་མི་དམངས་ཉེན་རྟོག་པ་བསྡུ་བའི་འབྲེལ་ཡོད་ལས་དོན་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།

1.ལས་བསྡུའི་མི་གྲངས།

2023ལོར་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་རིམ་པ་དང་པོའི་ཀྲུའུ་རིན་ཁའོ་ཡོན་དང་དེ་མན་ཆད་དང་རིམ་པ་དེ་མཚུངས་ཀྱི་མི་དམངས་ཉེན་རྟོག་པ་ཁྱོན381ཡོངས་བསྒྲགས་ངང་བསྡུ་ལེན་བྱ་རྒྱུ་ཡིན་ལ། ཞིབ་ཕྲའི་ལས་བསྡུའི་ལས་གནས་འཆར་གཞི་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ་བརྒྱུད་དེ(www.qhpta.com) འཚོལ་ཞིབ་བྱ་རོགས།

2.ལས་བསྡུའི་གོ་རིམ།

ཡོངས་བསྒྲགས་ངང་མིང་ཐོ་འགོད་པ་ནས་ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཐོབ་ཐང་བསྐྱར་ཞིབ། ཁ་རྒྱུགས། ལུས་པོར་བརྟག་དཔྱད། རྟོག་ཞིབ། ཞིབ་མཆན་བསྡུ་ལེན་སོགས་ཀྱི་གོ་རིམ་ལྟར་བསྡུ་རྒྱུ།

3.མིང་ཐོ་འགོད་པའི་དུས་ཚོད།

2023ལོའི་ཟླ2པའི་ཚེས2ཉིན་གྱི་དུས་ཚོད9:00ནས་ཟླ2པའི་ཚེས6ཉིན་གྱི་དུས་ཚོད18:00བར་ཡིན། 

4.དངུལ་སྤྲོད་པའི་དུས་ཚོད།

2023ལོའི་ཟླ2པའི་ཚེས2ཉིན་གྱི་དུས་ཚོད9:00ནས་ཟླ2པའི་ཚེས9ཉིན་གྱི་དུས་ཚོད23:30བར་ཡིན། 

5.མིང་ཐོ་འགོད་པའི་སྙོམས་སྒྲིག་དུས་ཚོད།

2023ལོའི་ཟླ2པའི་ཚེས10ཉིན་གྱི་དུས་ཚོད9:00ནས16:00བར་ཡིན།

6.ཡིག་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས།

ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2023ལོའི་ཟླ2པའི་ཚེས25ཉིན་ཡིན་ལ། ཞིབ་ཕྲའི་རྒྱུགས་ལེན་ས་གནས་ནི་རྒྱུགས་སྤྲོད་འཛིན་ཡིག་གི་ས་གནས་ཚད་གཞིར་འཛིན་དགོས།


མཉམ་སྤྱོད།