དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལི་ཆང་གིས་ཡོ་རོབ་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ལ་ཅ་ཏེ་དང་མཇལ་འཛོམས་གནང་བ།

2025-06-13 10:24:33   |   318

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་ཟླ6པའི་ཚེས12ཉིན་འབྱོར་བའི་གློག་འཕྲིན། ཟླ6པའི་ཚེས12ཉིན་གྱི་ཕྱིར་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཡོ་རོབ་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ལ་ཅ་ཏེ་དང་མཇལ་འཛོམས་གནང་བ་རེད།

00000.jpg

ལི་ཆང་གིས་མིག་སྔར་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དེ་འཛམ་གླིང་ཐོག་གི་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་ཞིག་རེད། ཟླ་བ་གོང་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཁོ་སི་ཐ་དང་ཀྲུའུ་ཞི་ཧྥེང་ཏེ་ལེ་ཨེན་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་ཕྱོགས་གཉིས་པོས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུའི་ཐད་འཐབ་ཇུས་ཀྱི་མཛུབ་ཁྲིད་གནང་བ་རེད། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པ་དང་ཕྱོགས་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དངོས་ཡོད་ཀྱི་དགོས་མཁོ་དང་དུས་ཀྱི་འཁོར་ཕྱོགས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། འཕེལ་རྒྱས་དང་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕན་ཚུན་གཞོགས་འདེགས་དང་འཛམ་གླིང་ལའང་ཕན་པ་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། 

ལི་ཆང་གིས་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་གསབ་རེས་རང་བཞིན་ཆེ་བ་དང་ཀྲུང་གོར་གཞི་ཁྱོན་ཆེན་པོའི་ཁྲོམ་རའི་ལེགས་ཆ་ལྡན་པ་མ་ཟད། ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་ངང་འདོན་སྤེལ་བྱེད་བཞིན་ཡོད་པས་ཀྲུང་གོ་དང་ཡོ་རོབ་ལ་ཁྱབ་ཁོངས་མང་པོའི་ནང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་ཁྲོམ་ར་སྦྲེལ་མཐུད་དང་ཐོན་ལས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རང་ངོས་འཕེལ་རྒྱས་ལ་སྒུལ་ཤུགས་དེ་བས་མང་བ་སྣོན་འདོད་ཡོད་ཅེས་གསུངས་པ་རེད། མིག་སྔར། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་ལྡོག་ཕྱོགས་ཀྱི་གནོན་ཤུགས་འཕྲད་པའི་རྒྱབ་ལྗོངས་ཆེན་པོའི་འོག མཉམ་ལས་བྱས་ནས་ད་གཟོད་གཉིས་ཕན་ཡོང་ཐུབ། ཀྲུང་གོ་དང་ཡོ་རོབ་ནི་དཔལ་འབྱོར་དངོས་ཚན་ཆེན་པོ་གཉིས་དང་སྟོབས་ཤུགས་ཆེན་པོ་གཉིས་ཡིན་པས་ཕྱོགས་མང་མཐུན་སྦྱོར་ཟབ་ཏུ་གཏོང་བ་དང་། སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཀྲུང་དབྱང་དངུལ་ཁང་དང་མཉམ་དུ་རྒྱལ་སྤྱིའི་དངུལ་ལོར་མ་ལག་སྒྱུར་བཅོས་སོགས་ཐད་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས། ད་ལོར། ཀྲུང་གོས་དེ་བས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ཏེ། དུས་སྐབས་མི་ལེགས་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཐབས་མང་མཉམ་སྤྱོད་ཀྱིས་ནང་མཁོ་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་འཕེལ་བ་བྱས་ནས་ཕྱི་ཕྱོགས་འགལ་རྐྱེན་གྱི་ཤུགས་རྐྱེན་སེལ་ཐུབ་པ་བྱ་རྒྱུ་དང་།  བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་རྒྱ་ཆེར་བཏང་ནས་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱོད་རྒྱུ་ཞེས་བསྟན་པ་རེད།

ལ་ཅ་ཏེས་བསྟན་དོན། མིག་སྔར་གཏན་འཁེལ་མེད་པའི་རང་བཞིན་གྱིས་ཁེངས་པའི་རྒྱལ་སྤྱིའི་དུས་བབ་འོག ཡོ་རོབ་དང་ཀྲུང་གོའི་མཐོ་རིམ་འགྲོ་འོང་དང་སྐད་ཆ་ཤོད་རེས་ཀྱི་མཉམ་ལས་རྒྱུན་འཁྱོངས་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད། ཡོ་རོབ་དང་ཀྲུང་གོའི་ཁེ་ཕན་ཕན་ཚུན་མཉམ་འདྲེས་ཡོད་པས་གོ་ལ་ཧྲིལ་པོའི་དངུལ་རྩ་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་སྤྱིའི་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་པོའི་ཐད་ཐུན་མོང་གི་འགན་འཁྲི་ཡོད་ཅེས་བསྟན་པ་དང་། སྒོ་ཁྲལ་དམག་འཐབ་དང་ཚོང་དོན་དམག་འཐབ་གཉིས་ཕམ་ཡོང་བ་དང་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་སྒོ་དབྱེ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གཞི་ནས་ཡང་དག་པའི་གདམ་ག་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་དང་ཁེ་ལས་ཀྱི་འགྲན་རྩོད་ནུས་པས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཡོ་རོབ་ཀྲུང་དབྱང་དངུལ་ཁང་གིས་ཀྲུང་གོ་ཕྱོགས་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་མཇལ་འཛོམས་ལམ་སྲོལ་བཙུགས་པ་དང་འབྲེལ་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཀྲུང་གོ་ཕྱོགས་ཀྱི་དངུལ་རྩའི་སྒྲིག་གཞིའི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་བྱས་ཏེ། འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་གྱི་རང་བཞིན་དེ་བས་མང་བ་བསྣན་འདོད་ཡོད་ཅེས་བསྟན་པ་རེད།


མཉམ་སྤྱོད།