དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་དོན་འཛིན་གྲྭར་བརྟག་ཞིབ་གནང་།

2025-06-13 16:45:26   |   531

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མཚོ་བྱང་མདོ་ལ་རི་བོ་ཚགས་པར་ཁང་།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ6པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་དོན་འཛིན་གྲྭར་ཕྱིན་ནས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་། ཆེད་དོན་འཛིན་གྲྭའི་ལས་དོན་མི་སྣར་འཚམས་འདྲི་བྱས། ཁོང་གིས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཞིག་ཡིན་པ་དང་། ལྷག་པར་དུ་མིག་སྔར་སློབ་སྦྱོང་སློབ་གསོ་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ཁུལ་ཨུའི་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་དོན་འཛིན་གྲྭ་དེ་ཁུལ་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་ཡིན་པའི་ངོས་ནས་ལས་ཀའི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ་ནུས་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་སྤྱད་དེ་ཁུལ་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད། 

40f22de3d916ebaaeece556c72ccc2c.jpg

བཞུགས་མོལ་ཚོགས་འདུའི་ཐོག ཤ་བོ་སྐྱབས་ཀྱིས་ཆེད་དོན་འཛིན་གྲྭའི་ལས་དོན་སྙན་ཞུར་གསན་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཞིང་ཆེན་དང་གྲོང་ཁྱེར། རྫོང་། གྲོང་ཚོ་བཅས་ཀྱི་གནད་དོན་དག་ཐེར་བཅོས་སྒྲིག་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས། ཆེད་དོན་འཛིན་གྲྭའི་མི་སྣ་ཡོངས་ཀྱིས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འགན་འཁྲི་དང་ལས་འགན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་རང་རྟོགས་ངང་ཆེ་རུ་གཏོང་བ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ཡག་པོ་དང་སྐུལ་འདེད་ཡག་པོ་གཏོང་རྒྱུ་དེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པའི་ཆབ་སྲིད་ཀྱི་ཞིབ་བཤེར་གལ་ཆེན་ཞིག་ཏུ་བརྩིས་ནས་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་དང་ཏན་ཏིག་ནུས་ལྡན་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་སྲིད་ཇུས་མཛུབ་སྟོན་དང་གནས་ཚུལ་ཕྱོགས་སྡོམ། རྩ་འཛུགས་ཞབས་ཞུ། སྐུལ་འདེད་ལག་བསྟར་སོགས་སྣ་སོ་སོའི་ལས་དོན་ཡག་པོ་བསྒྲུབས་ནས་ཁུལ་ཡོངས་ཀྱི་སློབ་སྦྱོང་སློབ་གསོར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་དང་། སྤྱོད་ཚུལ་འཛུགས་སྐྲུན་དེ་ཐེམ་སྐས་གསར་པ་ཞིག་ཏུ་སླེབས་པར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས་པ་བསྟན། 

96c3fe67d8abe4a6aae0f38c341a2da.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། མ་ལག་ལྡན་པའི་བསམ་གཞིགས་ལ་བརྟེན་ནས་གྲུབ་འབྲས་གཞན་སྒྱུར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གནད་དོན་གྱི་ཕྱོགས་སྟོན་དང་དམིགས་ཚད་ཀྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ། འགག་རྩའི་ལྷུ་ཚིགས་དམ་འཛིན་དང་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། སློབ་ལ་སྤུས་ཚད་ལྡན་པ་དང་བཤེར་ལ་ནུས་ཤུགས་ལྡན་པ། བཅོས་ལ་ཕན་འབྲས་ཐོན་པ་བཅས་བྱེད་དགོས། མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བའི་ཐད་རྒྱུན་མཐུད་ངང་ཤུགས་བརྒྱབ་ནས་སློབ་སྦྱོང་སློབ་གསོ་དང་གཙོ་གནད་ལས་དོན་གཉིས་མཉམ་ཟློས་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོ་དང་། རྡུལ་ཕྲན་གྲོང་དྲན་གསོ་ཁང་། དམར་དམག་ནུབ་ལམ་དམག་བཅིངས་འགྲོལ་དམག་གི་དམག་དཔུང་གཉིས་པའི་དྲན་གསོ་ཁང་། ཐང་སྐྱའི་དམངས་དམག་བརྒྱ་ཤོག་ལོ་རྒྱུས་ཁང་སོགས་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས། ཚན་རིག་པའི་སྙིང་སྟོབས། དར་ལམ་སྙིང་གཏམ་སོགས་སྔར་ལས་རྒྱུན་འཛིན་དར་སྤེལ་བྱས་ཏེ། དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོ་བཤད་དགོས། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ཁྲོམ་རར་དམ་པོར་དམིགས་ནས་དངོས་ཞུགས་རྣམ་པའི་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་གཏོད་པ་དང་། གསར་བརྗེའི་རྗེས་ཤུལ་ཕྲེང་ཐིག་ཏུ་གྲུབ་པར་སྐུལ་འདེད་གཏོང་བ། གསར་བརྗེའི་སློབ་གསོ་དང་། རིག་གནས་ཡུལ་སྐོར་ཐོན་ལས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཚོ་བྱང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ཟོང་རྟགས་ཀྱི་ཤན་སྟོབས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། འགག་སྒྲོལ་དཀའ་སེལ་ཐད་མུ་མཐུད་ཤུགས་རྒྱག་པ་དང་། “ནར་ལུས”ལས་གྲྭ་དང་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་སོགས་ལ་དམིགས་ཏེ། དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་མང་ཐོན་ཁུངས་སྤྱི་འདོམས་བྱེད་པ། “དོན་རེར་ཐབས་ཇུས་རེ”ཡི་ཐག་གཅོད་ཇུས་གཞི་བཟོ་བ། གནད་དོན་དངོས་འབྲེལ་ལེགས་བཅོས་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་བ། ཐོན་ཁུངས་སྔར་བས་གང་འགབ་ཅི་སྤྱོད་བཅས་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མུ་མཐུད་མཐོ་རུ་གཏོང་དགོས། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”དང་། ཐོན་ལས“ས་ཁུལ་བཞི།” Aརིམ་པའི་ལྗོངས་ཁུལ་གསར་འཛུགས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། “1+10”ཡིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ། “4+1+N”གྲོང་གསེབ་དར་སྤེལ་འགན་ལེན་འབྲེལ་གཏུག་སོགས་ཀྱི་ལམ་སྲོལ་གཏིང་ཟབ་ཏུ་བཏང་ནས་མགོ་ཁྲིད་ལས་བྱེད་པ་འཐབ་ས་དང་པོར་བསྐྱོད་དེ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།  ཕུགས་ཕན་བཅོས་སྐྱོང་ཐད་རྨང་གཞི་འཛུགས་པ་དང་། གནད་དོན་དག་ཐེར་བྱས་ཚུལ་དང་ཟུང་འབྲེལ་བྱས་ཏེ་དབང་ཆ་འཁོར་སྐྱོད་ཀྱི་ཉེན་ཁ་དང་ལྟ་སྐུལ་དོ་དམ་གྱི་སྐྱོན་ཆ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། སྒྲིག་སྲོལ་དང་ལམ་ལུགས་ལ་བརྟེན་ནས་དག་ཐེར་གྱི་གྲུབ་འབྲས་བརྟན་དུ་གཏོང་བ། ལམ་ལུགས་ལ་བརྟེན་ནས་དབང་ཆར་དོ་དམ་དང་། ལམ་ལུགས་ལྟར་ལས་དོན་སྒྲུབ་པ། ལམ་ལུགས་ལ་བརྟེན་ནས་མི་དོ་དམ་བཅས་ཀྱི་ཕུགས་ཕན་ལམ་ལུགས་དང་ལམ་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས། སྒོ་ཕྱེ་ནས་སློབ་གསོ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་པ་དང་། གནད་དོན་གནད་ལ་འཁེལ་བ་འཚོལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་མཚོ་བྱང་གི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

057c8c5ef4e7c26c579ee3c9b08387f.jpg

ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲེང་ཞུགས་པ་རེད།


མཉམ་སྤྱོད།