དེ་རིང་ནི2025ལོའི་ཟླ06པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་གསར་བརྗེའི་ཉམས་ཞིབ་དང་སློབ་གསོ་གསོ་སྦྱོང་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་།

2025-06-16 09:02:48   |   223

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་གྱི་མང་ཚོགས་ཚོགས་པ་དང་སྲིད་ཁྲིམས། འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་དང་། 221རྟེན་གཞིའི་གནས་རྙིང་ཡན་ལག་བཟོ་གྲྭ་གསུམ་པ་དང་བཞི་པ། མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་། སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞི་བཅས་སུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། "མིག་མངས་འགྲིག་སྐོར་གཅིག"གི་བསམ་བློ་བརྟན་པོར་འཆང་བ་དང་། གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པ་སྔོག་འདོན་གཏིང་ཟབ་བྱེད་པ། ཐོན་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་གསར་བརྗེའི་ཉམས་ཞིབ་དང་སློབ་གསོ་གསོ་སྦྱོང་བྱ་བའི་སྟོབས་ཆེ་རུ་བཏང་ནས"བློ་སྦྱོང་བསླབ་སྐྱོང"གི་མདུན་སྐྱོད་རོལ་དབྱངས་རྒྱུན་མཐུད་ངང་དཀྲོལ་དགོས་ཟེར།

微信图片_20250616084334.jpg

ཁུལ་མང་ཚོགས་ཚོགས་པ་དང་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས། ཡན་ལག་བཟོ་གྲྭའི་གསུམ་པའི་ཡུལ་དངོས་སློབ་ཁྲིད་ས་ཚིགས་སུ་ཤ་བོ་སྐྱབས་འཁོར་དང་བཅས་པས་གསོ་སྦྱོང་བྱ་བ་སྤེལ་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་བསྟན་དོན། 2024ལོར་ཁུལ་ཡོངས་ཀྱིས་ཞིང་ཆེན་ཕྱི་ནང་གི་གསར་བརྗེའི་ཉམས་ཞིབ་གསོ་སྦྱོང་འཛིན་གྲྭ་ཁྱོན་ཐེངས728དང་མི་ཐེངས་ཁྲི15.3ལྷག་ཙམ་གཉེར་བར་ཡོང་འབབ་སྒོར་ཁྲི2394ཟིན་པས། ཚང་མ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད་པ་དང་མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་ཆས་རྟགས་ཕྱོགས་ཡོངས་ནས་བཏོད་ཡོད་ཟེར་ཞོར་མགོ་བརྩམས་ཡོད་ཟེར་ཞོར་ནན་གྱིས་བསྟན་དོན། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོ་བཤད་པ། ཅིན་ཀང་རི་བོ་དང་ཡན་ཨན། ཙུན་དབྱི་སོགས་ས་ཁུལ་གྱི་གསར་བརྗེའི་སློབ་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། ཏང་གི་སློབ་གྲྭ་གཡུལ་ས་གཙོ་བོར་འཛིན་པ། མང་ཚོགས་ཚོགས་པ་དང་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས། མཚོ་སྔོན་རྡུལ་ཕྲན་མཁར་རྟེན་གཞིའི་ཉམས་ཞིབ་གསོ་སྦྱོང་ཚད་ཡོད་སྤྱི་གཉེར་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མཚོ་སྔོན་པོ་སྐྱེ་ཁམས་རྟེན་མཛོད་ཁང་སོགས་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱས་ཏེ"ལྟེ་བ་གཅིག་དང་འབྲེལ་མཐུད་བཞི། ལམ་ཐིག་བདུན། གནས་མང"གི་ཉམས་ཞིབ་སློབ་སྦྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སློབ་གཉེར་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། རྒྱལ་ཡོངས་ས་གནས་སོ་སོའི་ཉམས་ཞིབ་གསོ་སྐྱོང་སྦྱོང་བརྡར་གྱི་བྱ་བ་དུས་ཐོག་ཏུ་རྗེས་སྙེག་འབྲེལ་མཐུད་ཡག་པོ་བྱེད་པ་དང་། སློབ་ཚན་སྤུས་དག་གསར་སྐྲུན་དང་ཉམས་ཞིབ་ལམ་ཐིག་བཀོད་སྒྲིག་བྱེད་པ། སློབ་མ་བསྡུ་ཤུགས་ཆེ་རུ་གཏོང་བ། སློབ་གཉེར་གཞི་ཁྱོན་ཆེ་རུ་གཏོང་བ། སློབ་གཉེར་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པ་སྔར་ལས་མང་བ་མཚོ་བྱང་དུ་གསར་བརྗེའི་སློབ་གསོ་གསོ་སྦྱོང་བྱེད་དུ་ཡོང་བར་འཇུག་དགོས། མདའ་བཞི་རྫོང་གིས་ཁུལ་གྱི་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་ས་འོག་སྦུག་དྲ་སོགས་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོབ་བྱ་བ་གང་མགྱོགས་ལེགས་འགྲུབ་བྱ་དགོས་པ་དང་། ཁུལ་རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་གིས་ལུས་རྩལ་ར་བ་སོ་སོའི་ནུས་པ་བེད་སྤྱོད་གང་ལེགས་བྱས་ཏེ། ཞབས་ཞུའི་རྒྱུ་རྐྱེན་གཙོ་བོ་ནུས་ཤུགས་ཡོད་རྒུས་འགན་སྲུང་དང"གསར་བརྗེའི་ཉམས་ཞིབ+"ཐོན་ལས་བཅས་སྟོབས་ཤུགས་གཅིག་སྒྲིལ་གྱིས་བསྐྲུན་དགོས། ཁུལ་ལས་རིགས་སློབ་གྲྭས"ཐོན་རྫས་དང་སློབ་གསོ་མཉམ་འདྲེས"བྱེད་ཤུགས་ཆེ་རུ་གཏོང་བ་དང་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་བྱང་ཅང་ཞིན་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་རྒྱ་ཆེ་ཞིང་སྟོབས་ལྡན་དུ་གཏོང་དགོས། ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཞབས་ཞུའི་སྡེ་ཁག་གིས་དམག་ཁོངས་ནས་ཕྱིར་ལོག་པའི་ལས་བྱེད་པའི་བྱེད་སྒོའི་ལྟེ་གནས་འཛུགས་སྐྲུན་ཇེ་ལེགས་སུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཞབས་ཞུའི་བྱ་བ་སོ་སོ་ལེགས་པོར་བསྒྲུབ་དགོས་ཟེར།

微信图片_20250616084339.jpg

ཡན་ལག་བཟོ་གྲྭ་བཞི་པ་དང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་ཡུལ་དངོས་སློབ་ཁྲིད་ས་ཚིགས་དང་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞི་རུ། ཤ་བོ་སྐྱབས་འཁོར་དང་བཅས་པ་བཟོ་ཁང་དུ་སོང་ནས་ཡུལ་དངོས་ནས་ལྟ་ཞིབ་བྱས་ཤིང་སྙན་ཞུ་ལ་གསན་ཏེ་བསྒྲུབ་རྒྱུར་སྤྲད་པའི་ལས་འགན་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ནན་གྱིས་བསྟན་དོན། གློག་ཤུགས་རྟེན་མཛོད་ཁང་དང་དྲོད་རླངས་མཁོ་འདོན་རྟེན་མཛོད་ཁང་། ས་འོག་མཁོ་བསྟུན་འགོག་སྲུང་ལྟེ་གནས་བཅས་ཀྱི་འགྲེམས་སྟོན་བྱ་བ་ཏན་ཏིག་དང་ཞིབ་ཚགས་བསྒྲུབས་ནས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞི་བེད་སྤྱོད་གང་ལེགས་བྱས་ཏེ་རྟེན་གཞིའི་དོ་དམ་གཉེར་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཡོས་སྦྱོར་དང་འཚེམ་དྲུབ། རྡོ་བརྐོས། ཤིང་བཟོ་སོགས་ལས་རིགས་ཀྱི་དངོས་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རོང་འབྲོག་མང་ཚོགས་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྩྭ་ཐང་རིག་གནས་དང་ནོར་གནག་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། མདོ་ལ་ཞིང་ལས་མ་འཇོག་སྤྱི་གཉེར་ཁང་གི་གཉེར་སྐྱོང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། "མདོ་ལ་རིང་མོ་དང་མཚོ་སྔོན་པོ"རྒྱལ་ཁབ་སྤྱི་གླིང་གཉིས་ལ་དམིགས་ནས་སྐྱེ་ཁམས་ཉམས་ཞིབ་བྱེད་སྒོ་ཤུགས་ཆེན་སྤེལ་ཏེ་ལྟ་གཟིགས་དང་། བཟའ་བཏུང་། ཉམས་ལེན། ཚན་རིག་ཁྱབ་གདལ་སོགས་ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་གཉེར་མཉམ་འདྲེས་ཀྱི་ལས་རྣམ་གསར་བ་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་དགོས་ཟེར།

微信图片_20250616084345.jpg

འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་སུ། ཤ་བོ་སྐྱབས་འཁོར་དང་བཅས་པས་སློབ་མའི་སློབ་ཁང་དང་ཇ་ཁང་སོགས་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་སློབ་མའི་རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་གནང་ནས་ནན་གྱིས་བསྟན་དོན། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། གསོ་སྦྱོང་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཟས་སྡོད་ཀྱི་ཆ་རྐྱེན་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས་ཆོས་ལུགས་ལས་རིགས་ཀྱིབ་རྗོད་དོན་གཏམ་བཤད་འགྲན་སྡུར་ཡག་པོ་གཉེར་བ་དང་། བོད་ལུགས་གསོ་རིག་དང་ཐང་ག་སོགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་རྒྱུར་ཁྲིད་སྟོན་བྱེད་དགོས་ཟེར།

微信图片_20250616084352.jpg

ཁུལ་གྱི་མགོ་ཁྲིད་ཀྲང་ཨེ་ཧུང་དང་སི་ཅི་ཧྲིན། སངས་རྒྱས། ཀྲང་ཐའོ། མ་རུའུ་ཞང་། མཱ་ཝུན་ཆོན་བཅས་དང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་སོ་སོས་བརྟག་ཞིབ་ལ་ཕེབས་རོགས་བྱས།


མཉམ་སྤྱོད།