དེ་རིང་ནི2025ལོའི་ཟླ06པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁ་ཡེ་ཧྥུའུ་དང་གྲོས་མོལ་གནང་བ།

2025-06-17 15:15:03   |   47

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས16ཉིན་གྱི་ཕྱི་དྲོར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནའི་སྲིད་འཛིན་ལས་ཤག་ཏུ་གྲོས་མོལ་གནང་།

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས16ཉིན་གྱི་ཕྱི་དྲོར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནའི་སྲིད་འཛིན་ལས་ཤག་ཏུ་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་སྣ་མང་དངོས་སུ་བརྒྱུད་ནས། དུས་རྣམ་ཀུན་ཏུ་ཆུ་ཚད་མཐོ་བའི་འཁོར་སྐྱོད་རྒྱུན་འཁྱོངས་བྱས་ཡོད་ཅིང་། དེ་ནི་རི་ཆུ་འདབས་འབྲེལ་གྱི་ས་བབ་དགེ་མཚན་དང་མི་རབས་ནས་མི་རབས་བར་མཛའ་མཐུན་ལོ་རྒྱུས་རྒྱུན་འཛིན་བྱས་པ་ལས་བྱུང་བ་ཡིན་ལ། རྒྱལ་ཁབ་གཉི་གས་མཉམ་དུ་ཐུན་མོང་འཕེལ་རྒྱས་འཚོལ་ཞིབ་བྱས་པ་ལས་བྱུང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། ང་ཚོས་མཉམ་དུ་འཆར་འགོད་བྱས་པ་ལྟར་དུ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་རང་མདངས་སྔར་ལས་གསལ་བ་དང་དེའི་ནང་སྙིང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་ལ། དམངས་འཚོར་བདེན་པ་བདེན་ཐུབ་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐོབ་ཚོར་ནུས་ལྡན་ངང་མཐོ་རུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ལྟ་སྟངས་ཡང་དག་འཛིན་རྒྱུ་དང་། ཧ་སག་སི་ཐན་ཕྱོགས་དང་མཉམ་དུ། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་མཐུན་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་ནས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་བརྟན་བརླིང་རང་བཞིན་དང་དྲང་ཕྱོགས་ཀྱི་ནུས་ཤུགས་ལ་བརྟེན་ནས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧ་སག་སི་ཐན་གཉི་གར་མཚོན་ན། རང་སོ་སོའི་འཕེལ་རྒྱས་དར་རྒྱས་ཀྱི་གནད་འགག་དུས་སྐབས་སུ་སླེབས་ཡོད་པའི་དབང་གིས། རྒྱལ་ཁབ་གཉི་གས་སེམས་ཤུགས་གཅིག་སྒྲིལ་སྒོས་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། གཅིག་ནས་ཆུ་ཚད་མཐོ་བའི་འཐབ་ཇུས་ཡིད་རྟོན་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱེད་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་གལ་ཆེན་དང་དོ་ཁུར་བྱེད་ཀྱིན་པའི་གནད་དོན་ཐད་ནས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། སྣེ་མང་རྙོག་འཛིང་གི་གནས་བབ་ཁྲོད་ནས་ཕན་ཚུན་གྱི་རྒྱབ་རྟེན་བྱེད་པ། འཕེལ་རྒྱས་དར་རྒྱས་ཀྱི་ཁྲོད་ནས་ཕན་ཚུན་ལ་ཕན་པའི་རོགས་རམ་བྱེད་དགོས། གཉིས་ནས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། རྒྱལ་ཁབ་གཉི་གའི་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས་སོགས་སྲོལ་རྒྱུན་མཉམ་ལས་ཀྱི་ལེགས་ཆ་སྔར་ལས་ཇེ་འཛོམས་སུ་གཏོང་དགོས། རྒྱལ་མཚམས་ལས་བརྒལ་བའི་ལྕགས་ལམ་ལས་གཞི་འཛུགས་སྐྲུན་དང་འགག་སྒོའི་རྨང་གཞིའི་སྒྲིག་ཆས་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་། འབྲེལ་མཐུད་འབྲེལ་གཏུག་གི་ཆུ་ཚད་མཐོ་རུ་གཏོང་བ། མཐོ་གསར་ལག་རྩལ་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་ཕྱོགས་ཡོངས་ཀྱི་བདེ་འཇགས་མཉམ་ལས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། ཁྲིམས་འཛིན་བདེ་འཇགས་དང་འགོག་སྲུང་བརྗེ་རེས་རྒྱ་སྐྱེད་གཏོང་བ། མཉམ་དུ“སྟོབས་ཤུགས་གསུམ”ལ་རྡུང་རྡེག་གཏོང་བ། འཕྲལ་བསྟུན་དོ་དམ་དང་གནོད་འགོག་གནོད་འཕྲིའི་མཉམ་ལས་ཟབ་སྤེལ་གཏོང་དགོས། བཞི་ནས་སྣ་མང་ཅན་གྱི་སྤྱི་ཚོགས་ཀྱི་མི་གཞུང་རིག་གནས་བརྗེ་རེས་ལ་བརྟེན་ནས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་མཐུན་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཧ་སག་སི་ཐན་གྱི“ཀྲུང་གོའི་གནས་སྐོར་ལོ”ཡག་པོ་གཉེར་རྒྱུ་དང་། ན་གཞོན་དང་སྨྱན་སྦྱོར། རིག་མཛོད། ས་གནས་བཅས་ཀྱིས་བརྗེ་རེས་ལ་ཤུགས་སྣོན་རྒྱུར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྣེ་མང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཧ་སག་སི་ཐན་ཕྱོགས་གཉི་གས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བརྟན་པོ་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་གསལ་སྟོན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་པར་གདེང་འཇོག་ཚད་མཐོན་པོ་བྱས་པ་ཡིན་ལ། ད་ཐེངས་ཀྱི་ཚོགས་འདུའི་སྟེང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་ལེའུ་གསར་པ་འབྲི་ཐུབ་པའི་ཡིད་ཆེས་ཡོད་ཅིང་། དུས་མཚུངས་སུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཁོངས་ཞུགས་རྒྱལ་ཁབ་ཁག་དང་མཉམ་དུ། ད་ལོའི་ཐེན་ཅིན་རྩེ་ཚོགས་གོ་སྐབས་སུ་བཟུང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྔར་ལས་སྟོབས་ལྡན་དུ་བཏང་ནས། དེར་འཕེལ་རྒྱས་གསར་པ་དང་ཐོད་བརྒལ་གསར་པ། ཉམས་སྣང་གསར་པ་བཅས་མངོན་ཐུབ་པར་རེ་ལྟོས་བྱེད་བཞིན་ཡོད།

3.jpg

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས16ཉིན་གྱི་ཕྱི་དྲོར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནའི་སྲིད་འཛིན་ལས་ཤག་ཏུ་གྲོས་མོལ་གནང་།

ཐའོ་ཁ་ཡེ་ཧྥུའུ་ཡིས་བསྟན་དོན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། འཐབ་ཇུས་དང་འབྲེལ་བའི་ཕན་ཚུན་བར་གྱི་ཡིད་ཆེས་དང་ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ཟབ་སྤེལ་བཏང་ནས། རྒྱལ་ཁབ་གཉི་གའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་གཉི་གས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཉོ་ཚོང་དང་དངུལ་གཏོང་། བཟོ་ལས། ཞིང་ལས། ནུས་ཁུངས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། རིག་གནས་དང་སློབ་གསོ། ལུས་རྩལ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མི་གཞུང་རིག་གནས་བརྗེ་རེས་དམ་ཟབ་བྱེད་དགོས། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་ཁག་ཁུར་གྱི་འདུ་ཤེས་ལ་ གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད་ལ། དེའི་ཐད་རྒྱབ་སྐྱོར་གང་ལེགས་བྱ་རྒྱུ་ཡིན་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ། ཨེ་ཤེ་ཡར་ཡིད་རྟོན་ཡིད་ཆེས་བྱེད་པ་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་མུ་མཐུད་མཉམ་ལས་དམ་ཟབ་དང་ཕན་ཚུན་བར་རྒྱབ་སྐྱོར་བྱས་ནས། རྒྱལ་སྤྱིའི་འཁོར་ཕྱོགས་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

4.jpg

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས16ཉིན་གྱི་ཕྱི་དྲོར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནའི་སྲིད་འཛིན་ལས་ཤག་ཏུ་གྲོས་མོལ་གནང་།

 5.jpg

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས16ཉིན་གྱི་ཕྱི་དྲོར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནའི་སྲིད་འཛིན་ལས་ཤག་ཏུ་གྲོས་མོལ་གནང་། འདི་ནི་གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་གནང་བའི་ཚུལ་རེད།

 6.jpg

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས16ཉིན་གྱི་ཕྱི་དྲོར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནའི་སྲིད་འཛིན་ལས་ཤག་ཏུ་གྲོས་མོལ་གནང་། གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་གནང་། འདི་ནི་ཞི་ཅིན་ཕིང་གིས་ཐའོ་ཁ་ཡེ་ཧྥུའུ་དང་ཕྱག་འཇུ་གནང་བའི་ཚུལ་རེད།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་ཀྱིས་ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ། སྒོ་ཁྲལ་ལས་ཁུངས། གནས་སྐོར། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཚུད་པའི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ10ལྷག་གི་ཐད་ནས་བརྗེ་རེས་བྱས་པར་མཉམ་དུ་བདེན་དཔང་གནང་།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས། །


མཉམ་སྤྱོད།